ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ནག་ཆུའི་སོག་རྫོང་གི་རྣམ་པ་གསར་པ།

སྤེལ་དུས 2018-08-15 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
འདི་ནི་སོག་རྫོང་རྫོང་གྲོང་གི་སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་བྱས་རྗེས་ཀྱི་སྡོད་ཁང་གསར་བ་རེད། 
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་གནས་པའི་སོག་རྫོང་ནི། སོག་ཆུའི་རོང་དུ་ཆགས་ཡོད་ཅིང་། རྫོང་གྲོང་གནས་སའི་གཡག་ལ་གྲོང་རྡལ་གྱི་ས་བབ་མཐོ་ཚད་སྨི3980ཡོད། 2016ལོར་སོག་རྫོང་གིས་རྫོང་གྲོང་ནང་གི་སྤྱིལ་ཁྱིམ་ཁུལ་གྱི་སྒྱུར་བཀོད་ལས་གྲྭ་སྤེལ་འགོ་ཚུགས་པ་དང་། ཁག་དང་པོར་མ་འཇོག་སྒོར་དུང་ཕྱུར1.5ལ་ཉེ་བ་བཏང་ཡོད། ལོ་གཉིས་ཙམ་ཨར་ལས་བྱས་པ་བརྒྱུད། སོག་རྫོང་གིས་སྒོ་རྭ་ཡོད་པའི་བོད་བཟོའི་ཁང་པ200འཛུགས་སྐྲུན་ལེགས་གྲུབ་ཟིན་ཡོད་པ་དང་།  གྲོང་མི1000ལྷག་ཙམ་སྡོད་ཁང་གསར་པའི་ནང་སྤོས་ཟིན།  གཡག་ལ་གྲོང་རྡལ་གྱིས་འཛུགས་སྐྲུན་བྱེད་བཞིན་པའི་དུད་ཚང870ཡི་སྡོད་ཁང་གསར་པ་སྔོན་དཔག་བྱས་ན་འདི་ལོའི་ཟླ་བཅུ་པར་ལས་མཇུག་འགྲིལ་ནས། སོག་རྫོང་གི་གྲོང་མི་དེ་བས་མང་བ་དགུན་ཁ་མ་ཤར་གོང་སྡོད་ཁང་གསར་པའི་ནང་སྤོ་ཐུབ་རྒྱུ་ཡིན་པ་རེད། 
འདི་ནི་སོག་རྫོང་རྫོང་གྲོང་གི་འགོག་སྲུང་ནགས་ཀྱི་ལྗོངས་ཁུལ་རེད།
འདི་ནི་སོག་རྫོང་རྫོང་གྲོང་གི་འགོག་སྲུང་ནགས་འཛུགས་སྐྲུན་བྱེད་པའི་ཐོག་མའི་དུས་སྐབས་རེད།
འདི་ནི་སོག་རྫོང་རྫོང་གྲོང་གི་སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་མ་བྱས་གོང་གི་སྡོད་ཁང་རྙིང་བ་རེད།