ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གནམ་མཚོའི་གོམ་བགྲོད་ཚོགས་ཆེན་སྐབས་བཅུ་གཉིས་པ། གནམ་མཚོར་རྐང་ཐང་དུ་བསྐྱོད་དེ་འབྲོག་པའི་འཚོ་བ་མྱོང་རོལ་བྱེད།

སྤེལ་དུས 2018-08-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
གནམ་མཚོའི་གོམ་བགྲོད་འགྲན་ཞུགས་རུ་ཁག་གི་མཉམ་པར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།   ཟླ་8ཚེས་14ཉིན་གྱི་ཕྱི་དྲོར།   གནམ་མཚོའི་མཚོ་ངོས་སུ་ཆུ་རླབས་ཡོམ་ཡོམ་གཡོ།   མུ་མཐའ་མེད་པའི་མཚོ་ངོས་སུ་རླུང་བསིལ་གྱི་རྒྱུ་བ་དང་མཉམ་དུ་རླབས་རིས་རབ་དང་རིམ་པ་ཆགས།   2018ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་གནམ་མཚོའི་གོམ་བགྲོད་ཚོགས་ཆེན་གནམ་མཚོའི་འགྲམ་དུ་དངོས་སུ་འགོ་ཚུགས།   རྒྱལ་ཡོངས་ཀྱི་ས་ཁུལ་ཁག་ནས་ཡོང་བའི་ལུས་ལ་གདོང་མཆོང་གྱོན་ཆས་སྔོན་པོ་གོན་པའི་རུ་མི་230ལྷག་ཙམ་མཚོ་འགྲམ་དུ་གཉིས་རེ་གསུམ་རེ་འགྲོགས་ནས་རྐང་ཐང་གིས་མདུན་དུ་བསྐྱོད་བཞིན་ཡོད།   མགོ་བོ་ཨ་སྔོན་དབྱིངས་སུ་གྱེར་ནས་དྭངས་གཙང་གི་མཚེའུ་དང་གཞི་གཅིག་ཏུ་འདྲེས་པ་དང་མཚུངས།   རྐང་ཐང་ལ་ཆུ་ཚོད་4ལྷག་ཙམ་སོང་རྗེས་རུ་མི་ཡོངས་ཕྱི་དྲོའི་ཆུ་ཚོད་བརྒྱད་པ་ཙམ་ལ་བདེ་བླག་གིས་མཐའ་གནས་སུ་སླེབས།
 
ནུབ་ཁའི་ཉི་འོད་འོག་གི་གནམ་མཚོ།
            གནམ་མཚོ་ནི་བོད་ལྗོངས་དབུས་རྒྱུད་དུ་ཡོད་པ་དང་།   བོད་ཀྱི་མཚོ་ཆེ་གྲས་གཉིས་པ་ཡིན།   རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4718ཡིན།   མཚོ་ངོས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་1920   ཡོད།   ངག་རྒྱུན་དུ་གནའ་བོའི་དུས་སུ་གཉན་ཆེན་ཐང་ལྷ་དང་གནམ་མཚོ་གཉིས་ནི་བརྩེ་དུང་ཟབ་པའི་ཁྱོ་ཤུག་ཡིན།   གཉན་ཆེན་ཐང་ལྷ་ནི་“རྩྭ་ཐང་གི་ལྷ་”ཡིན་པ་དང་།   གནམ་མཚོ་ནི་ལྷའི་དབང་བོ་བརྒྱ་བྱིན་གྱི་བུ་མོ་ཡིན།
གནམ་མཚོའི་གོམ་བགྲོད་ཚོགས་འདུ་ནི་“གནམ་མཚོར་གོམ་བགྲོད་ཀྱིས་རང་གིས་རང་ལ་འགྲན་པ་”ཞེས་པ་བརྗོད་དོན་གཙོ་བོ་བྱས་ཏེ།   གནམ་མཚོར་གོམ་བགྲོད་ཀྱིས་བོད་ཀྱི་འབྲོག་པའི་ས་ཁུལ་གྱི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་དང་ཞོ་སྟོན་དུས་ཆེན་ལ་མྱོང་རོལ་ཟབ་མོ་བྱས་ཆོག   གོམ་བགྲོད་ཀྱི་གོ་རིམ་ཁྲོད་རུ་མི་ཚོས་རྩམ་པ་རྫི་བ་དང་འོ་མ་དཀྲོག་པ།   རྩིད་པའི་འཐག་ཐག་པ།   འུར་རྡོ་རྒྱག་པ་སོགས་བོད་ཀྱི་སྲོལ་རྒྱུན་བྱེད་སྒོའི་རྣམ་གྲངས་ལ་མྱོང་རོལ་བྱས།
 
གནམ་མཚོར་གོམ་བགྲོད་ཚོགས་ལམ་རྒྱུད་ཀྱི་མཛེས་ལྗོངས།
            ལམ་ཐག་སྤྱི་ལེ་18གྱི་ལམ་རྒྱུད་དུ།   རྒྱང་རིང་དུ་ངོ་མཚར་ཁ་བས་བཀླུབས་པའི་གངས་རི་ནི་གཡང་ཊིའི་ཁང་བཟང་དང་མཚུངས་པར།   མཚམས་རེ་མངོན་ཞིང་མཚམས་རེ་མོག་པོར་གྱུར།   ཉི་འོད་ཀྱི་འོག་ཏུ་གཉན་ཆེན་ཐང་ལྷའི་རྩེ་མོ་ཧ་ཅང་གསལ་པོ་མཐོང་ཐུབ་པ་ནི།   གཟི་ཉམས་ཆེ་བའི་འཐབ་མོ་བ་ཞིག་གིས་གནམ་མཚོ་ཕྱུག་མོ་སྲུང་བཞིན་པ་དང་མཚུངས།   རུ་མི་རྣམས་གནམ་མཚོའི་འགྲམ་བརྒྱུད་ནས་འགྲོ་དུས་མུ་མཐའ་མེད་པའི་གནམ་མཚོའི་རྩྭ་ཐང་གི་མཛེས་པ་མྱོང་རོལ་བྱས།   དུས་མཚུངས་སུ།   བོད་ལྗོངས་བྱང་ཐང་ས་མཐོའི་མུ་མེད་མཐའ་ཡས་ས་ཆེན་གྱི་བརྗིད་ཉམས་ལ་མྱོང་རོལ་བྱས།   གཡུ་སྔོན་རྩྭ་ཐང་དུ་བཀྲམས་པའི་སྦྲ་གུར་ལས་དུ་བ་ལོང་ལོང་འཕྱུར་བས།   མི་རྣམས་ལ་ཟད་མི་ཤེས་པའི་ཚོར་བ་སྟེར།
 
སི་ཁྲོན་ཁྲིན་ཏུའུ་ནས་སླེབས་པའི་རུ་མི་སྐྱེས་མ་ཧྥུའུ་ཕུན།
            སི་ཁྲོན་ཁྲེང་ཏུའུ་ནས་སླེབས་པའི་ལོ་60ལ་སོན་པའི་ཧྥུའུ་ཕུན་གྱིས་བརྗོད་རྒྱུར།   “ད་ཐེངས་ནི་གནམ་མཚོའི་གོམ་བགྲོད་ཚོགས་འདུར་ཐེངས་གསུམ་པ་ཞུགས་པ་ཡིན།”   ཐེངས་དང་པོ་གནམ་མཚོའི་གོམ་བགྲོད་ཚོགས་འདུར་ཞུགས་པ་ནི་སྐབས་དགུ་པ་ཡིན།   དེའི་རྗེས་སུ་རང་གི་རྐྱེན་གྱིས་ཡུན་རིང་པོ་ཞིག་ལ་གོམ་བགྲོད་ཚོགས་འདུར་ཞུགས་ཐུབ་མེད་མོད།   ངས་ཐོག་མཐའ་བར་གསུམ་དུ་བྱེད་སྒོ་འདི་བརྒྱུད་བོད་ཀྱི་རིག་གནས་ལ་མྱོང་རོལ་གཏིང་ཟབ་བྱས་པ་ཡིན།
            རྒྱུས་ལོན་བྱུང་བ་ལྟར་ན།   ན་ནིང་གི་གནམ་མཚོའི་གོམ་བགྲོད་ཚོགས་ཆེན་སྐབས་བཅུ་གཅིག་པ་དང་བསྡུར་ན།   ད་ལོའི་ཚོགས་ཞུགས་རུ་མིའི་གྲངས་ཀ་མང་བ་དང་གོམ་བགྲོད་ལམ་ཐིག་བཅོས་ནས་རིང་དུ་བཏང་ཡོད།   འགྲན་ཞུགས་པའི་གྲངས་ཀ་ན་ནིང་ལས་ལྡབ་བཞི་ལྷག་གིས་མང་དུ་སོང་ཡོད།   གོམ་བགྲོད་ལམ་ཐིག་ན་ནིང་དང་བསྡུར་ན་སྤྱི་ལེ་10ཙམ་གྱིས་རིང་དུ་བཅོས་ཡོད།
            རྒྱུས་ལོན་བྱུང་བ་ལྟར་ན།   གནམ་མཚོར་གོམ་བགྲོད་ཚོགས་ཆེན་ནི་ལྷ་སའི་ཕྱི་རོལ་ལུས་རྩལ་གྱི་རྣམ་གྲངས་ཁྱད་ཆོས་ལྡན་པ་ཞིག་ཡིན།   ལུས་སྦྱོང་དང་སྤྲོ་གསེང་།   ཡུལ་སྐོར་མཉམ་འདྲེས་ཀྱིས་འཕེལ་རྒྱས་ཕྱིན་པ་གང་ལེགས་ཀྱིས་མཚོན་ཡོད།   དུས་མཚུངས་སུ་ཡོངས་ཁྱབ་ཀྱིས་ཞུགས་པ་དང་དམངས་ཚོགས་རང་བཞིན།   རོལ་རྩེད་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པའི་མྱོང་རོལ་རང་བཞིན་གྱི་གོམ་བགྲོད་ཡུལ་སྐོར་གྱི་བྱེད་སྒོ་ཆེ་གྲས་རིགས་འདིས།   ལྷ་སའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་དང་ཁྱབ་གདལ།   རིག་གནས་ཀྱི་ནང་དོན་དང་དེ་བཞིན་ས་མཐོའི་ཁྱད་ཆོས་ལྡན་པའི་ལུས་རྩལ་སྙིང་སྟོབས་སྔར་བས་གཏིང་ཟབ་བྱེད་ཐུབ་པ་དང་།   ཞོ་སྟོན་གྱི་དུས་ཆེན་གྱི་ཕན་འབྲས་མཐོར་འདེགས་དང་།   ཡུལ་སྐོར་དང་རིག་གནས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད།   ཡུལ་སྐོར་དཔལ་འབྱོར་མགྱོགས་མྱུར་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ།