ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྨོ་མོ་ཞིག་གི་ཕུགས་འདུན་མངོན་འགྱུར་བྱུང་སོང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ལྷོ་ཁ་ཁྲ་འབྲུག་དགོན་དུ་ཆོས་གསུངས་པ།

སྤེལ་དུས 2018-08-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ8པའི་ཚེས22 ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་སྡོད་པའི་རྨོ་མོ་སྤེན་པའི་ཕུགས་འདུན་མངོན་འགྱུར་བྱུང་སོང་། ཉིན་འདིར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཁོ་མོར་ཕྱག་དབང་གནང་བ་རེད། ཉིན་དེར།  རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཁྲ་འབྲུག་དགོན་དུ་ཕེབས་ཏེ་ས་གནས་དེ་གའི་སེར་སྐྱ་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བ་རེད།
རི་མོ་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཁྲ་འབྲུག་དགོན་པར་ཆོས་སྤེལ་བའི་རྣམ་པ་རེད། བཀྲ་ཤིས་ཀྱིས་པར་བླངས།
རི་མོ་འདི་ནི་ཁྲ་འབྲུག་དགོན་པའི་གྲྭ་པ་རྣམས་ཀྱིས་ཆོས་ལུགས་ཀྱི་ཆོ་ག་ལྟར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་བསུ་བ་བྱེད་པ། བཀྲ་ཤིས་ཀྱིས་པར་བླངས།
         ཚོན་མདོག་སེར་པོ་དང་དཀར་པོའི་བྱེ་མས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བྲིས་པ་དང་།དགོན་པའི་རྡོ་གཅལ་ཆེན་མོ་བཏིང་བའི་ཆོས་ར་ནས་འདུ་ཁང་གི་སྒོ་འགྲམ་བར་དུ་ས་གདན་བཏིང་ཡོད་ཅིང་། ཁྲ་འབྲུག་དགོན་པའི་གྲྭ་པ་རྣམས་ཀྱིས་ཆོ་ག་ལྟར་ལག་ཏུ་གཟབ་སྦྲེང་དང་། སྤོས། ཁ་བཏགས་བཟུང་སྟེ་བོད་བརྒྱུད་ནང་བསྟན་གྱི་གུས་ལུགས་མཐོ་ཤོས་ཀྱི་རྣམ་པས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་བསུ་བ་བྱས།
རི་མོ་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཁྲ་འབྲུག་དགོན་དུ་བཞུགས་པའི་པར་རེད། བཀྲ་ཤིས་ཀྱིས་པར་བླངས།
རི་མོ་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཞལ་འདོན་གྱི་དབུ་ཁྲིད་པའི་རྣམ་པ་རེད། ཝང་ཧྲུའུ་ཡིས་པར་བླངས།
         པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དབུ་རུ་གསེར་མདོག་གི་ཅོད་པན་གསོལ་ཞིང་། ལག་ཏུ་བོད་སྤོས་བཟུང་བའི་དགེ་འདུན་པའི་སྣེ་ཁྲིད་དེ་དལ་མོར་འདུ་ཁང་དུ་ཕེབས། དགེ་འདུན་པའི་ཆོས་སྐད་ཀྱི་ཁྲོད་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་བཞུགས་ཁྲིར་གསོལ་ཏེ་ཞལ་འདོན་གྱི་སྣེ་ཁྲིད་མཛད། དགོན་སྡེའི་དགེ་འདུན་པ་ཚོས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་མཎྜལ་ཕུལ་བ་དང་།  པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་འཛུམ་མདངས་ཀྱིས་མཎྜལ་བླངས་རྗེས། དགེ་འདུན་པ་རྣམས་ལ་ཕྱག་དབང་གནང་བ་དང་འབྲེལ་འགྱེད་བཏང་པ་རེད། དེའི་འཕྲོར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་མུ་ཏིག་ཐང་གར་མཆོད་མཇལ་གནང་། 
རི་མོ་འདི་ནི་དགོན་སྡེའི་དགེ་འདུན་པ་ཚོས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་མཎྜལ་འབུལ་བའི་རྣམ་པ་རེད། བཀྲ་ཤིས་ཀྱིས་པར་བླངས།
བཞུགས་ཁྲིར་བཞུགས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ། ཝང་ཧྲུའུ་ཡིས་པར་བླངས།
རི་མོ་འདི་ནི་དགེ་འདུན་པས་ཞལ་འདོན་གནང་བའི་རྣམ་པ་རེད། ཝང་ཧྲུའུ་ཡིས་པར་བླངས། 
རི་མོ་འདི་ནི་མཆོད་མཇལ་གྱི་ཡུལ་དངོས་རེད། ཝང་ཧྲུའུ་ཡིས་པར་བླངས།
རི་མོ་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དགེ་འདུན་པ་རྣམས་ལ་ཕྱག་དབང་གནང་བའི་རྣམ་པ་རེད། ཝང་ཧྲུའུ་ཡིས་པར་བླངས།
རི་མོ་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་སྐུ་པར་ཐོབ་པའི་གྲྭ་པ་རེད། ཝང་ཧྲུའུ་ཡིས་པར་བླངས།
རི་མོ་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་མུ་ཏིག་ཐང་གར་མཆོད་མཇལ་གནང་བའི་རྣམ་པ་རེད། ཝང་ཧྲུའུ་ཡིས་པར་བླངས།
རི་མོ་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་མུ་ཏིག་ཐང་གར་མཆོད་མཇལ་གནང་བའི་རྣམ་པ་རེད། ཟླ་བས་པར་བླངས།
         གནས་མཇལ་གྱི་བྱེད་སྒོའི་མཇུག་འགྲིལ་རྗེས། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་འདུ་ཁང་ཆེན་མོའི་སྒོ་ཁར་ཡོད་པའི་བཞུགས་ཁྲིའི་སྟེང་བཞུགས་ཏེ་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་ཞིང་། སྐབས་དེར། དགོན་པའི་ཕྱིའི་ཐང་ཆེན་དུ་དད་ལྡན་མང་ཚོགས་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་སྟེ་མཇལ་ཁ་ཞུས་པ་དང་།  དཔུང་སྡེའི་ནང་དུ་འཁར་རྒྱུག་ལ་བརྟེན་པའི་རྒན་རྒོན་དང་། རྐུབ་སྟེགས་འཁོར་ལོར་བསྡད་པའི་རྒན་རྒོན་ཡོད་པར་མ་ཟད།  ད་དུང་ན་གཞོན་གྱིས་འཁུར་ཡོང་བའི་བགྲེས་པོའང་ཡོད།
རི་མོ་འདི་ནི་རྐུབ་སྟེགས་འཁོར་ལོར་བསྡད་ནས་ཕྱག་དབང་གནང་བར་སྒུག་པའི་བགྲེས་པོ་རེད། ཝང་ཧྲུའུ་ཡིས་པར་བླངས།
རི་མོ་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བའི་རྣམ་པ་རེད། ཝང་ཧྲུའུ་ཡིས་པར་བླངས།
རི་མོ་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བའི་རྣམ་པ་རེད། ཝང་ཧྲུའུ་ཡིས་པར་བླངས།
         ལོ་ན་བཞི་བཅུར་སླེབས་པའི་མཚམས་གཅོད་ཀྱིས་ནམ་ལངས་མ་ཐག་ནས་ཁྱིམ་ནས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་དགོན་མདུན་དུ་སླེབས་ནས་གྲལ་བསྒྲིགས་ཏེ་ངང་སྒུག་བྱས། “ མ་གཞི་མལ་ལས་ལངས་ཧ་ཅང་སྔའང་ཐང་གཏན་ནས་མི་ཆད།   ཡུལ་དངོས་སུ་རྐུབ་བཀྱག་བཀོད་སྒྲིག་བྱས་ཡོད་པས་ཙོག་ནས་སྒུག་ཆོག ཚང་མས་སྒྲིག་ལམ་ཡང་ཡག་པོ་སྲུང་ཡོད་པས་ཅང་མ་འགོར་བར་མཇལ་ཐུབ་བྱུང”ཞེས་མཚམས་གཅོད་ཀྱིས་ནམ་ཡང་སེམས་སུ་དྲན་པའི་བླ་མར་མཇལ་ཐུབ་པར་མ་ཟད་ཕྱག་དབང་ཡང་གནང་སོང་བས་སེམས་པ་ལྷག་པར་དྲོ་སྐྱིད་ལྡན་ཞིང་བདེ་སྐྱིད་ལྡན་ཞེས་བཤད།
རི་མོ་འདི་ནི་གྲལ་བསྒྲིགས་ནས་ཕྱག་དབང་གནང་བར་སྒུག་པའི་དད་ལྡན་མང་ཚོགས་རེད། བཀྲ་ཤིས་ཀྱིས་པར་བླངས།
         དགོན་པའི་སྒོ་འགྲམ་དུ་གྲལ་བསྒྲིགས་ནས་སྒུག་སྡོད་པའི་རྨོ་མོ་སྤེན་པ་ལགས་སེམས་འགུལ་ཆེན་པོ་ཐེབས་བཞིན། “ སྤྲུལ་སྐུ་ཉིན་འདི་གར་ལྷོ་ཁར་བཞུགས་པ་ཤེས་ཏེ་ང་ཚོ་མི་མང་པོ་རིན་པོ་ཆེ་བཞུགས་སའི་སྒོ་ཁར་སོང་སྟེ་མཇལ་ཐུབ་པའི་རེ་བ་བྱས་ཏེ་སྒུག་བསྡད་པ་ཡིན། ལས་བྱེད་མི་སྣས་ང་ཚོར་རིན་པོ་ཆེ་དེ་རིང་ཁྲ་འབྲུག་དགོན་པར་ཕེབས་པའི་གནས་ཚུལ་བཤད་པས་ང་ཚོ་མགྱོགས་པོར་འདིར་ཡོང་བ་ཡིན”ཞེས་བཤད།
         རིན་པོ་ཆེར་མཇལ་ཐུབ་ཆེད་སྤེན་པ་ལགས་ཁ་སང་ནས་ཁྲ་འབྲུག་དགོན་དུ་ཡོང་སྟེ་ངང་སྒུག་བྱས་ཤིང་། “དེ་རིང་རིན་པོ་ཆེའི་ཕྱག་དབང་ཐོབ་སོང་བས། ང་རྒན་མོ་ལོ་ལོན་གྱི་རེ་བ་འགྲུབ་སོང་། སེམས་པ་ཧ་ཅང་ཡིད་ཚིམ་སོང”ཞེས་ལག་ཏུ་རིན་པོ་ཆེའི་སྐུ་པར་བཟུང་བ་དང་། སྐེ་རུ་རྡོ་རྗེའི་མདུད་པ་བཏགས་པའི་སྤེན་པ་ལགས་སེམས་འགུལ་ཆེན་པོ་ཐེབས་བཞིན་གསར་འགོད་པར་བཤད། 
རི་མོ་འདི་ནི་དད་ལྡན་མང་ཚོགས་ཀྱིས་གྲལ་སྒྲིག་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་སྐུ་པར་དང་རྡོ་རྗེའི་མདུད་པ་ལེན་པའི་རྣམ་པ་རེད།  ཝང་ཧྲུའུ་ཡིས་པར་བླངས།
རི་མོ་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཕྱག་དབང་ཐོབ་པའི་དད་ལྡན་མང་ཚོགས་རེད། བཀྲ་ཤིས་ཀྱིས་པར་བླངས།