ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་ནས་ཀྱི་ཐོན་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་སྐྲུན་རྩིས་ཡོད།

སྤེལ་དུས 2018-09-21 ཡོང་ཁུངས། ཞིན་ཧྭ་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣང་དཀར་རྩེ་རྫོང་སྣང་དཀར་རྩེ་གྲོང་རྡལ་གྱི་ནས་ཞིང་རེད།
         ཀྲུང་གོ་ཞིང་བའི་ལོ་ལེགས་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། བོད་ལྗོངས་ཀྱི་ས་གནས་སོ་སོའི་ནས་སྨིན་པ་དང་། མཐོ་སྒང་གི་ཞིང་བས་ལོ་ཏོག་མྱུར་བསྡུ་བྱེད་བཞིན་གང་ས་གང་དུ་ལོ་ལེགས་ཀྱི་དགའ་སྤྲོའི་རྣམ་པས་ཁེངས། བོད་ལྗོངས་ཞིང་ལས་སྡེ་ཁག་གིས་འདོན་སྤྲོད་བྱས་པའི་གཞི་གྲངས་ལྟར་ན། ད་ལོ་བོད་ལྗོངས་ཀྱི་ནས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི80ལས་བརྒལ་རྩིས་ཡོད།
འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་ཞིང་བས་ནས་བསྡུ་བཞིན་པའི་ཚུལ་རེད།
འདི་ནི་བོད་ལྗོངས་ལྷུན་གྲུབ་རྫོང་གི་ཞིང་བས་ནས་འབྲེག་བཞིན་པའི་ཚུལ་རེད།
འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆུ་ཤུར་གྲོང་རྡལ་གྱི་ཞིང་བ་སྐལ་བཟང་གིས་ནས་བསྡུ་བཞིན་པའི་ཚུལ་རེད།
འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ཞིང་བས་ནས་འབྲེག་བཞིན་པའི་ཚུལ་རེད།
འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་ཞིང་བས་ནས་འབྲེག་བཞིན་པའི་ཚུལ་རེད།
འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་ཞིང་བས་ནས་ཀྱི་གནས་ཚུལ་ལ་ལྟ་བཞིན་པའི་ཚུལ་རེད།