གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཨན་ཀོ་ལའི་ཙུང་ཐུང་ལོ་ལུན་སོ་དང་གྲོས་མོལ་མཛད།

སྤེལ་དུས 2018-10-10 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ཟླ10པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨན་ཀོ་ལའི་ཙུང་ཐུང་ལོ་ལུན་སོ་དང་གྲོས་མོལ་མཛད། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་ལོ་ལུན་སོ་བཟའ་ཟླ་གཉིས་དང་མཉམ་དུ་བསྐྱོན་པའི་པར་རེད།
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས9ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨན་ཀོ་ལའི་ཙུང་ཐུང་ལོ་ལུན་སོ་དང་གྲོས་མོལ་མཛད།
           ཞི་ཅིན་ཕིང་གིས་ལོ་ལུན་སོ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བར་ དགའ་བསུ་ཞུས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་གྲོལ་ནས་ཟླ་གཅིག་གི་རྗེས་སུ་ཡང་བསྐྱར་ལོ་ལུན་སོ་དང་འཕྲད་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཅེས་བསྟན། ཞི་ཅིན་ཕིང་གིས་བསྟན་དོན། པེ་ཅིན་མཐོ་རིམ་གྲོས་ཚོགས་ལེགས་འགྲུབ་བྱུང་བ་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་། ཀྲུང་གོ་དང་ཨན་ཀོ་ལའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་སྒུལ་ཤུགས་གསར་པ་བསྣན་པ་དང་། གོ་སྐབས་གསར་བ་བསྩལ་ཡོད། ཀྲུང་གོ་ཀྲུང་གོ་དང་ཨན་ཀོ་ལ་རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་མཉམ་ལས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།
           ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཕ་རོལ་བའི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བྱས་ཏེ། འགུལ་སྐྱོད་ཆེན་པོ་བརྒྱད་ཀྱི་འབྲེལ་ཡོད་བྱེད་ཐབས་སྔ་མོ་ནས་ལག་ལེན་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ། འཐབ་ཇུས་འབྲེལ་འདྲིས་གོང་འཕེལ་དུ་གཏོང་བར་ཤུགས་སྣོན་པ། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་དམ་དུ་གཏོང་བ། འཕར་སྣོན་བྱེད་ས་གསར་པ་བསྐྱེད་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ཐད་གྲུབ་འབྲས་གསར་པ་ལེན་དགོས། མི་སྣ་དང་ས་གནས་ཀྱི་འགྲོ་འོང་རྒྱ་བསྐྱེད་ནས། ཀྲུང་གོ་དང་ཨན་ཀོ་ལའི་ཤེས་རིག་མཉམ་སློབ་དང་དམངས་སེམས་མཉམ་འདྲེས་ལ་ཡར་སྐུལ་བྱེད་དགོས། རྒྱལ་སྤྱིའི་མཉམ་ལས་སྤེལ་བ་དང་། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ཇེ་དམ་དུ་གཏོང་བ། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་འདྲ་མཉམ་ལུགས་མཐུན་ཡོང་བར་བྱེད་དགོས་ཟེར།
           ལོ་ལུན་སོ་ཡིས་བསྟན་དོན། ཨན་ཀོ་ལ་དང་ཀྲུང་གོས་མཐོ་རིམ་འགྲོ་འོང་ཟབ་མོ་སྲུང་འཛིན་བྱས་པ་དེས་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་མཚོན་ཡོད། དུས་ཡུན་རིང་པོར་ཨན་ཀོ་ལ་དང་ཀྲུང་གོའི་མཉམ་ལས་ཀྱིས་ཨན་ཀོ་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནུས་པ་ལེགས་པོ་བཏོན་ཡོད། ཨན་ཀོ་ལས་རྒྱལ་ཁབ་གཉིས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དམངས་ཚིས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས། ཨན་ཀོ་ལའི་འཕེལ་རྒྱས་ལ་གཞོགས་འདེགས་སྔར་ལས་བཟང་པོ་བྱེད་པར་རེ་སྒུག་བྱས་ཡོད། ཨན་ཀོ་ལས་ཀྲུང་གོའི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཤན་ཤུགས་གལ་ཆེན་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་གི་གནད་དོན་གཙོ་བོ་ལུགས་མཐུན་སྒོས་ཐག་གཅོད་པར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་བཏོན་པར་གདེང་འཇོག་མཐོན་པོ་བྱེད་བཞིན་ཡོད། ཨན་ཀོ་ལས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་གི་མ་འོངས་པ་ནི་རྒྱལ་ཁབ་སོ་སོས་མཉམ་དུ་ཐག་གཅོད་དགོས་པའི་འདོད་བློ་བཅངས་ཡོད་ལ། ཀྲུང་གོའི་བར་གྱི་ཕྱོགས་མང་ལས་དོན་ཁྲོད་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།
           གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་མང་མཉམ་ལས་ཡིག་ཆ་བཀོད་པར་མཉམ་དུ་བདེན་དཔང་བྱས།
           གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་ལོ་ལུན་སོ་ལ་དགའ་བསུའི་མཛད་སྒོ་བསྡུས། ཕིན་ལིས་ཡོན་དང་དབྱང་ཅེ་ཁྲི། ཧྲིན་ཡེའོ་ཡེའོ། ཝང་དབྱི། ཧི་ལིས་ཧྥེང་། ཧི་ཝེ་སོགས་མཛད་སྒོར་ཞུགས།