ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྩོམ་པ་པོ་གྲགས་ཅན་ཅིན་ཡུང་སྐུ་གཤེགས་པ།

སྤེལ་དུས 2018-10-31 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།

             སྨྱུག་མིང་དུ་ཅིན་ཡུང་ཞེས་བཏགས་ནས་དྲག་རྩལ་བརྩམས་སྒྲུང་མང་པོ་འབྲི་གནང་མཁན་རྩོམ་པ་པོ་གྲགས་ཅན་ཁྲ་ལེང་གཡུང་སྤྱི་ཟླ་བཅུ་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོ་ཤང་ཀང་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་དུས་དགུང་ལོ་དགུ་བཅུ་གོ་བཞིར་ཕེབས་ཡོད།
             ཁྲ་ལེང་གཡུང་ནི་སྤྱི་ལོ༡༩༢༤ལོའི་ཟླ་བ་གསུམ་པའི་ཚེས་བཅུ་ཉིན་འཁྲུངས་པ་དང་། ཀྲེ་ཅང་ཧའི་ཉིང་གི་མི་ཡིན། དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུ་པར་ཤང་ཀང་དུ་གནས་སྤོ་གནང་བ་དང་། སྨྱུག་མིང་དུ་ཅིན་གཡུང་ཞེས་བཏགས་ནས་ངོ་མཚར་ཆེ་བའི་དྲག་རྩལ་བརྩམས་སྒྲུང་མང་པོ་བརྩམས་གནང་ཡོད་པ་དང་། ༼བྱ་གླག་གསོད་མཁན་དཔའ་བོའི་གཏམ་རྒྱུད་༽ཅེས་པ་དང་། ༼ ལྷ་ཀླུ་སྡེ་བརྒྱད་༽ཅེས་པ་སོགས་མང་པོ་བརྩམས་གནང་ཡོད།