ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་བཀག་རྒྱ་བསྒྲགས་པ།

སྤེལ་དུས 2018-12-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
སྤྱི་བསྒྲགས།
                 ༢༠༡༨ལོར་རྒྱལ་ཁབ་ཀྱི“ཕབ་ལྗང”བྱེད་སྤྱོད་ཀྱི་འབྲེལ་ཡོད་བླང་བྱ་དངོས་འབེབས་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག》གཞིར་བཟུང་། དེ་རིང་ནས་ལས་ཁུངས་དང་མི་སྒེར་གང་རུང་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་རོང་ཕུ་དགོན་པའི་ཡན་ཆོད་ཀྱི་ལྟེ་གནས་ཁུལ་དུ་ཡུལ་སྐོར་བྱེད་མི་ཆོག  འདི་ནི་༢༠༡༨ལོའི་ཟླ༡༢པའི་ཚེས༥ཉིན་ལ་དིང་རི་རྫོང་ཇོ་མོ་གླང་མའི་དོ་དམ་ཅུས་ཀྱིས་སྤྱི་བསྒྲགས་རེད། སྤྱི་བསྒྲགས་འདི་གཞིར་བཟུང་ནས་གཞིས་རྩེའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་མ་འཇོག་གོང་སྤེལ་ཚད་ཡོད་ཀུང་སིས་རྒྱ་ཆེའི་ཡུལ་སྐོར་བ་རྣམས་ལ་ཞུ་དོན། 
                 གུས་ཤིང་བརྩེ་བའི་རྒྱ་ཆེའི་ཡུལ་སྐོར་བ་རྣམས་ལ། 
                 དིང་རི་རྫོང་ཇོ་མོ་གླང་མའི་དོ་དམ་ཅུས་ཀྱིས་སྤྱི་བསྒྲགས་བྱས་པའི“ལས་ཁུངས་དང་མི་སྒེར་གང་རུང་ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རོང་ཕུ་དགོན་ཡན་ཆོད་ཀྱི་ལྟེ་གནས་ཁུལ་དུ་ཡུལ་སྐོར་བྱེད་མི་ཆོག”ཅེས་བླང་བྱ་བཏོན་པ་ལྟར། ངེད་ཀུང་སིས་དམིགས་སུ་ཡང་བསྐྱར་ཁྱེད་ཅག་ལ་དྲན་སྐུལ་གྱི་ཚུལ་ཞུ་རྒྱུར།  ༢༠༡༨ལོའི་ཟླ༡༢པའི་ཚེས༥ཉིན་ནས་བཟུང་། ཡུལ་སྐོར་བྱེད་མཁན་ལས་ཁུངས་དང་མི་སྒེར་གང་རུང་ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རོང་ཕུ་དགོན་པ་ཡན་ཆོད་ཀྱི་ལྟེ་གནས་ཁུལ་དུ་མི་བརྒལ་བར་ཉེ་མཁྲིས་ནས་ཇོ་མོ་གླང་མའི་ཡུལ་ལྗོངས་ལ་གཟིགས་པར་ཡིད་ལ་འཇགས་པར་གྱིས།   གཞན་བཀག་རྒྱ་འདིས་ཁྱེད་ཅག་ལ་སྟབས་མི་བདེ་བ་བཟོས་པར་དགོངས་འགལ་མེད་པར་ཞུ། 
                 ཞེས་གཞིས་ཀ་རྩེ་ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་མ་འཇོག་གོང་སྤེལ་ཚད་ཡོད་ཀུང་སི་ནས།
                 ༢༠༡༨ལོའི་ཟླ༡༢པའི་ཚེས༥ཉིན་ལ། 
                 བཀའ་རྒྱའི་ནང་། ཟླ༡༢པའི་ཚེས༥ཉིན་ནས་བཟུང་། ལས་ཁུངས་དང་མི་སྒེར་གང་རུང་ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རོང་ཕུ་རྫོང་ཡན་ཆོད་ཀྱི་ལྟེ་གནས་ཁུལ་དུ་ཡུལ་སྐོར་བྱེད་མི་ཆོག་པ་གལ་ཆེན་དུ་བཟུང་ནས་བརྗོད་ཡོད། 

                 རོང་ཕུ་དགོན་ནས་ཇོ་མོ་གླང་མར་ལྟ་བ། 
                 “ཕབ་ལྗང༢༠༡༨”ཅེས་པ་ནི་སྣོད་བཅུད་ཁོར་ཡུག་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། ཆུ་བེད་པུའུ། ཞིང་ལས་ཞིང་གྲོང་པུའུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། ཀྲུང་གོའི་ཚན་རིག་གླིང་། རྒྱལ་ཁབ་རྒྱ་མཚོ་ཅུས་སོགས་སྡེ་ཚན་བདུན་གྱིས་མཉམ་འབྲེལ་ཐོག་སྤེལ་བའི་ཆེད་དོན་བྱེད་སྤྱོད་ཅིག་རེད། 
                 རྩ་དོན་ནི་ལྗང་ཕབ་ཆེད་དོན་བྱེད་སྤྱོད་གཏིང་ཟབ་སྤེལ་བ་བརྒྱུད། རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁོར་ཡུག་གཙང་མར་བཟོས་ནས་ཁུལ་དེའི་“ལྷད་མེད་ཀྱི་གཟུགས་བྱད”ལ་གཅེས་སྐྱོང་ཡག་པོ་དང་།  ལྷིང་འཇགས་དང་། འཆམ་མཐུན། མཛེས་སྡུག་གི་རང་བཞིན་སླར་གསོ་བྱས་ནས་རང་བྱུང་གི་སྣོད་བཅུད་མ་ལག་སླར་གསོ་ལ་རྒྱལ་གཞུང་ས་ཞིང་ནས་བར་སྟོང་མཁོ་འདོན་དང་། མི་དམངས་མང་ཚོགས་ལ་སྣོད་བཅུད་ཀྱི་ཐོན་རྫས་སྤུས་ལེགས་འདོན་སྤེལ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་འབད་བྱའི་དམིགས་འབེན་མངོན་འགྱུར་ལ་སྣོད་བཅུད་ཀྱི་རྨང་གཞི་བརྟན་པོ་འདིང་རྒྱུ་དེ་རེད། 

                 རོང་ཕུ་དགོན། 
                 རོང་ཕུ་དགོན་ནི་བོད་ལྗོངས་ཀྱི་རྙིང་མ་བའི་དགོན་སྡེ་ཡིན་ཞིང་། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བཙུན་མ་དང་སེར་མོ་མཉམ་འདུས་ཀྱི་དགོན་པ་ཞིག་རེད། 
                 རོང་ཕུ་དགོན་ནས་ཕར་བལྟས་ན་ཇོ་མོ་གླང་མའི་རི་རྩེ་མཐོང་ཐུབ། 

                 དགོན་པ་དེ་གཞིས་ཀ་རྩེའི་གྲོང་ཁྱེར་དིང་རི་རྫོང་བྲག་གསུམ་ཤང་གི་ལྷོ་ངོས་རི་བོ་ཇོ་མོ་གླང་མའི་འདབས་ཀྱི་རོང་ཕུ་ལུང་པའི་ཤར་ནུབ་མཚམས་ཀྱི་སྒྲོལ་མ་རིའི་རྩེ་རུ་ཆགས་ཡོད་ཅིང་།  རྫོང་སྡོད་དབར་ལེ་དབར༩༠ཡོད་པ་དང་། ས་བབ་མཐོ་ཚད་ལ་ཧ་ལམ་སྨི་༥༡༠༠ཡོད་པ་བཅས་ས་མཐོ་ལ་གྲང་ལྷགས་ཆེ་བས་འཛམ་གླིང་ཐོག་ས་བབ་ཆེས་མཐོ་བའི་དགོན་སྡེ་རུ་གྲགས།