ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སེ་ཐོ་དང་མཇལ་མོལ་གནང་བ།

སྤེལ་དུས 2019-01-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རིན་སྒྲོལ་གྱིས་བསྒྲིགས།
          རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་བཅུ་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སེ་ཐོ་དང་མཇལ་མོལ་གནང་བ་རེད། 
          རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཐུན་མོང་ཐོག་ཀྲུང་ཧྥིན་གྱི་འབྲེལ་བ་གོང་འཕེལ་གྱི་ལེའུ་གསར་པ་གཏོད་རྒྱུར་མོས་མཐུན་གནང་འདུག ཀྲུང་གོར་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་སླེབས་གྲབས་ཡོད་པའི་སྐབས་འདིར། ཞི་ཅིན་ཕིང་གིས་ཉི་ཉི་སེ་ཐོ་དང་ཧྥིན་ལན་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་རེད། ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་ནང་ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བའི་དབྱངས་རྟ་གཙོ་བོ་ནི་མ་འོངས་པར་ཁ་ཕྱོགས་པའི་མཉམ་ལས་རོགས་པའི་འབྲེལ་བ་གསར་པ་འཛུགས་རྒྱུ་དང་དེར་སྐུལ་འདེད་གཏོང་རྒྱུ་དེ་རེད། ཀྲུང་ཧྥིན་འབྲེལ་བ་གོང་འཕེལ་ཡག་པོ་ཕྱིན་པ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྐྲུན་རྒྱུ་རེད། ང་རང་ནས་མུ་མཐུད་ཙུང་ཐུང་སྐུ་ཞབས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། མུ་མཐུད་ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བ་གོང་འཕེལ་གྱི་ལེའུ་གསར་པ་གཏོད་འདོད་ཡོད་ཅེས་གསུངས་འདུག

          ཞི་ཅིན་ཕིང་གིས། ཀྲུང་ཧྥིན་ཕྱོགས་གཉིས་པོས་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཡིད་ཆེས་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྒོ་དབྱེ་ཁོག་ཡངས་ཀྱི་སེམས་ཁམས་རྒྱུན་འཁྱོངས། ཕན་ཚུན་གྱི་གོང་སྤེལ་གྱི་ལམ་བུར་བརྩི་བཀུར། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བལྟ་རྟོག་བཅས་བྱས་ནས། ཀྲུང་ཧྥིན་གྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞིར་སྲུང་སྐྱོབ་དང་། ཀྲུང་ཧྥིན་གྱི་འབྲེལ་བ་བརྟན་པོའི་ངང་རྒྱང་རིང་དུ་བསྲིངས་ཐུབ་པ་བྱ་དགོས། གསར་གཏོད་ཀྱིས་འགུལ་བྱེད་འཕྲུལ་འཁོར་བྱས་ནས། དངོས་སྒྲུབ་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་བསྐྱེད་བཏང་ཐོག རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་སྒྲུབ་རྒྱུར་ཞབས་ཞུ་དེ་བས་ཡག་པ་སྒྲུབ་དགོས། ཀྲུང་གོས་ཧྥིན་ལན་ཕྱོགས་ནས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་རྒྱབ་སྐྱོར་བྱེད་པར་བསྔགས་བརྗོད་བྱེད་པ་དང་། ཧྥིན་ལན་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད།  ཀྲུང་གོ་ནས་ཡོ་རོབ་བར་གྱི་མེ་འཁོར་སོགས་ཀྱིས་ཁྱེར་བའི་སྟབས་བདེ་བེད་སྤྱོད་གང་ལེགས་བྱས་ནས། ཁ་ཕྱོགས་གཉིས་ཀྱི་ཉོ་ཚོང་ལ་སྐུལ་འདེད་དང་། ཕྱོགས་གསུམ་གྱི་མཉམ་ལས་སྤེལ་བ། བྱང་སྣེའི་ཆུ་ལམ་གསར་སྤེལ་སོགས་རྣམ་གྲངས་ཀྱི་མཉམ་ལས་གོ་སྐབས་ལ་གྲོས་བསྡུར། འཁྱག་ཐོག་གི་དར་གོས་ལམ་བུ་མཉམ་བསྐྲུན་བཅས་བྱས་ནས། ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་དགོས། མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་བྱེད་དགོས། ང་རང་དང་ཙུང་ཐུང་སྐུ་ཞབས་ནས་ལྷན་དུ་སྤྱི་ལོ2019ལོའི་ཀྲུང་གོ་དང་ཧྥིན་ལན་གྱི་དགུན་དུས་ལུས་རྩལ་ལོའི་བྱེད་སྒོའི་འགོ་ཚུགས་པ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་དགུན་དུས་ལུས་རྩལ་མཉམ་ལས་ཀྱི་དཔེ་མཚོན་གཏོད་རྒྱུའི་རེ་བ་ཡོད། ཐུན་མོང་ཐོག་གོ་ལའི་བཅོས་སྐྱོང་བསྒྱུར་བཅོས་ལ་སྐུལ་འདེད་དང་། རྒྱལ་སྤྱིའི་བྱ་དོན་གྱི་མཉམ་ལས་ལ་ཤུགས་སྣོན། ཐུན་མོང་ཐོག་སྒོ་དབྱེའི་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་བསྐྲུན་ལ་སྐུལ་འདེད། ཕྱོགས་མང་རང་མོས་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ། གནམ་གཤིས་འགྱུར་ལྡོག་ཐད་ཀྱི་༼ཧྥ་རི་སིའི་ཆོད་ཡིག་༽དོན་འཁྱོལ་ཡོང་བ་བྱེད་པ། འཛམ་གླིང་དཔལ་འབྱོར་ཤུགས་ཆེ་དང་། རྒྱུན་མཐུད། དོ་སྙོམས། ཁོག་ཡངས་བཅས་ཀྱི་སྒོ་ནས་འཕར་སྣོན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ནས་ཧྥིན་ལན་བར་བྱང་སྣེའི་ལས་འཛིན་ལྷན་ཚོགས་ཀྱི་སྒྲོམ་གཞིའི་ནང་གི་མཉམ་ལ་ཤུགས་སྣོན་རྒྱབ་ནས། བྱང་སྣེ་ས་ཁུལ་གྱི་རྒྱུན་མཐུད་གོང་འཕེལ་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་འདུག
          ཞི་ཅིན་ཕིང་གིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་གཞི་གཅིག་ཅན་གྱི་འཛུགས་བསྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད། ཡོ་རོབ་ཕྱོགས་ནས་མཐུན་སྒྲིལ་དང་། བརྟན་ལྷིང་། སྒོ་དབྱེ། དར་རྒྱས་བཅས་རྒྱུན་འཁྱོངས་ཐུབ་པ་བྱས་ཐོག རྒྱལ་སྤྱིའི་གར་སྟེགས་ཐོག་དེ་བས་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་བྱེད་པ་དང་། ཧྥིན་ལན་གྱིས་མུ་མཐུད་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་ཡོང་བ་བྱ་རྒྱུའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད།  ང་ཚོས་ཡོ་རོབ་བྱང་རྒྱུད་རྒྱལ་ཁབ་ཁག་དང་ཡོ་རོབ་བྱང་རྒྱུད་ཀྱི་པུའུ་ཀྲང་ལས་འཛིན་ལྷན་ཚོགས་བར་འབྲེལ་གཏུགས་དམ་ཟབ་བྱས་ནས། ཀྲུང་གོ་དང་ཡོ་རོབ་བྱང་མའི་མཉམ་ལས་ལ་འཆར་འགོད་ཡག་པོ་བྱེད་འདོད་ཡོད་ཅེས་གསུངས་འདུག
          ཉི་ཉི་སེ་ཐོས་དང་ཐོག་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱིས་ལོ་གསར་གྱི་འཚམས་འདྲི་ཞུས་པ་རེད། ཉི་ཉི་སེ་ཐོས། ཧྥིན་ཀྲུང་འབྲེལ་བ་གོང་འཕེལ་མགྱོགས་པོ་ཕྱིན་ཡོད། ཧྥིན་ལན་ནས་ཀྲུང་གོའི་གོང་འཕེལ་གྲུབ་འབྲས་ལ་གདེང་འཇོག་མཐོ་པོ་བྱེད་ཀྱི་ཡོད་པ་དང་། ཀྲུང་གོས་རྒྱལ་སྤྱིའི་བྱ་དོན་ནང་ཐོན་པའི་ནུས་པར་མཐོང་ཆེན་བྱེད་ཀྱི་ཡོད་པ། ཀྲུང་གོའི་བར་གྱི་མཛའ་བཤེས་ལ་གཅེས་སྤྲས་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་གྲོས་འགོ་བཏོན་གནང་བ་དེ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད། ཧྥིན་ལན་གྱིས་དེའི་ཐད་ནུས་པ་ཧུར་ཐག་བཏོན་ནས། གྲོས་འགོ་དེ་དེ་བས་ལེགས་པའི་ཐོག་ནས་ཡོ་རོབ་མནའ་འབྲེལ་དང་སྦྲེལ་མཐུད་ཐུབ་པ་བྱ་རྒྱུ་དང་། ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་མོའི་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་འདོད་ཡོད། ང་རང་ནས་ད་རེས་ཀྲུང་གོར་འཚམས་འདྲི་ཞུ་སྐབས། ཕྱོགས་གཉིས་པོས་སྤྱི་ལོ2019ལོ་ནས་2023ལོ་བར་གྱི་ཧྥིན་ལན་དང་ཀྲུང་གོའི་མ་འོངས་པར་ཕྱོགས་པའི་མཉམ་ལས་རོགས་པའི་འབྲེལ་བ་གསར་པར་སྐུལ་འདེད་གཏོང་བའི་མཉམ་འབྲེལ་མལས་དོན་འཆར་གཞི་ཞེས་པ་སྤེལ་རྒྱུ་ཡིན། དེས་ཧྥིན་ལན་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བར་སྐུལ་འདེད་སྔར་ལས་ལྷག་པ་ཐེབས་རྒྱུར་ཡིད་ཆེས་ཡོད། ཧྥིན་ལན་གྱིས་ཀྲུང་གོ་དང་ལྷན་དུ་བྱ་སྤྱོད་འཆར་གཞི་དོན་འཁྱོལ་ཡོང་བ་བྱས་ཐོག ཉོ་ཚོང་དང་། གསར་གཏོད། ཁོར་ཡུག ཡུལ་སྐོར། བྱང་སྣེའི་བྱ་དོན་སོགས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད། ལུས་རྩལ་དང་། ལྷག་པར་དུ་དགུན་དུས་ལུས་རྩལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཧྥིན་ལན་གྱིས་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་དང་། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་བྱ་རྒྱུ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་པར་བསྔགས་བརྗོད་བྱེད་ཀྱི་ཡོད། མིག་སྔའི་དུས་བབ་འོག ཧྥིན་ལན་དང་ཀྲུང་གོས་རྒྱལ་སྤྱིའི་བྱ་དོན་ཁྲོད་འབྲེལ་གཏུགས་མཐུན་སྦྱོར་རྒྱུན་འཁྱོངས་བྱ་རྒྱུ་ནི་གལ་ཧ་ཅང་ཆེན་པོ་རེད། ཧྥིན་ལན་ནས་ལོ་སྨད་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་བྱ་རྒྱུ་དེ་གོ་སྐབས་ཤིག་ལ་བརྩིས་ནས། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་གོང་འཕེལ་གྱི་དེ་བས་ཟབ་པའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་འདུག

          གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད་པ་རེད། མིང་རྟགས་འགོད་པའི་མཛད་སྒོ་མཇུག་སྒྲིལ་རྗེས། ཞི་ཅིན་ཕིང་དང་ཉི་ཉི་སི་ཐོ་ཐུན་མོང་ཐོག་སྤྱི་ལོ་2019ལོའི་ཀྲུང་གོ་དང་ཧྥིན་ལན་གྱི་དགུན་དུས་ལུས་རྩལ་ལོའི་འགོ་འཛུགས་མཛད་སྒོར་ཞུགས་གནང་ཡོད། ཞི་ཅིན་ཕིང་གིས་ཤིས་ཚིག་ནང་། ཀྲུང་གོ་གསར་པ་ཨོ་ལིན་ཕིག་ལུས་རྩལ་འགྲན་རར་ཞུགས་ཐེངས་ཐོག་མ་དེ་སྤྱི་ལོ་1952ལོར་ཧྥིན་ལན་གྱི་ཧེ་འར་ཤིན་ཅིའི་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཐོག་ཡིན་པ་དང་། སྐབས་དེར་སྐར་ལྔའི་དར་དམར་ཐེངས་དང་པོར་ཨའོ་ལིན་ཕིག་ལུས་རྩལ་འགྲན་རར་བསྒྲེངས་ཡོད། ལོ་ངོ་67གྱི་གོང་། རྒྱལ་ཁབ་གཉིས་པོ་ཨོ་ལིན་ཕིག་གིས་རྐྱེན་པས་འབྲེལ་འདྲིས་བྱུང་བ་དང་། དེ་རིང་རྒྱལ་ཁབ་གཉིས་པོས་སླར་ཡང་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བརྒྱུད་མཛའ་གྲོགས་ཀྱི་ལེའུ་གསར་པ་རྩོམ་བཞིན་ཡོད། པེ་ཅིན་དུ་དགུན་དུས་ཨའོ་རྩལ་འགྲན་ཚོགས་གཉེར་རྒྱུར་ཆོག་མཆན་ཐོབ་པ་ནས་བཟུང་། ཀྲུང་གོའི་གངས་འཁྱགས་ལུས་རྩལ་གོང་འཕེལ་མྱུར་པོ་ཕྱིན་པ་དང་། ཀྲུང་གོའི་མང་ཚོགས་གངས་འཁྱགས་ལུས་རྩལ་ནང་ཞུགས་པའི་སྤྲོ་སེམས་ཀྱང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཧྥིན་ལན་གྱི་དགུན་དུས་ལུས་རྩལ་གྱི་མང་ཚོགས་རྨང་གཞི་བརྟན་པོ་ཡོད་པ་དང་། གངས་འཁྱགས་ལུས་རྩལ་གྱི་ཐོན་ལས་གོང་འཕེལ་ཆེན་པོ་ཡིན་པ། ཀྲུང་གོ་དང་ཧྥིན་ལན་གྱི་དགུན་དུས་ལུས་རྩལ་གོང་འཕེལ་གཏོང་རྒྱུར་མཐུན་པའི་ཆ་མང་པོ་དང་། ཕན་ཚུན་གསབ་རེས་རང་བཞིན་ཤུགས་ཆེན་པོ། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་ཅེས་བསྟན་གནང་ཡོད།
          ཞི་ཅིན་ཕིང་གིས། སྤྱི་ལོ་2019ལོའི་ཀྲུང་གོ་དང་ཧྥིན་ལན་གྱི་དགུན་དུས་ལུས་རྩལ་ལོས་རྒྱལ་ཁབ་གཉིས་པོའི་ལུས་རྩལ་མཉམ་ལས་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཐུན་མོང་ཐོག་ཀྲུང་གོ་དང་ཧྥིན་ལན་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཐད་གསོན་ཤུགས་གསར་པ་སྣོན་རྒྱུ་དང་། ཀྲུང་གོ་དང་ཧྥིན་ལན་རྒྱལ་ཁབ་གཉིས་པོས་མ་འོངས་ལ་ཕྱོགས་པའི་རྣམ་པ་གསར་པའི་མཉམ་ལས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་རྒྱུའི་ཡིད་ཆེས་ཡོད་ཅེས་བསྟན་གནང་ཡོད། 
          ཉི་ཉི་སེ་ཐོས། ཀྲུང་གོ་འདི་ཉིད་འཛམ་གླིང་གི་ལུས་རྩལ་རྒྱལ་ཁབ་ཆེན་མོར་གྱུར་ཟིན་ཡོད། ཧྥིན་ལན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོ་ལུས་རྩལ་ཁྱབ་ཁོངས་ཁྲོད་འབྲེལ་འདྲིས་བྱུང་ནས་ཡུན་རིང་སོང་ཡོད། ཧྥིན་ལན་གྱིས་ཀྲུང་གོས་སྤྱི་ལོ་2022ལོའི་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་གཉེར་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ། ཀྲུང་གོ་དང་དགུན་དུས་ལུས་རྩལ་ལོའི་བྱེད་སྒོ་འགོ་འཛུགས་མཁན་གྱི་རྒྱལ་ཁབ་ཨང་དང་པོར་གྱུར་བར་དགའ་ཚོར་ཆེན་པོ་བྱུང་བས། འདིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་བརྩེར་སྐུལ་མ་སྔར་ལས་ལྷག་པ་ཐེབས་རྒྱུའི་རེ་བ་ཡོད། ཀྲུང་གོས་ད་ལྟ་དགུན་དུས་ལུས་རྩལ་གྱི་སྟོབས་ཆེའི་རྒྱལ་ཁབ་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་པས། ཧྥིན་ལན་ཕྱོགས་ཀྱིས་དེར་རང་ནུས་ལ་དཔག་པའི་རོགས་སྐྱོར་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།

          ཀྲུང་ཧྥིན་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་གིས་ཁག་སོ་སོར་རྒྱལ་ཁབ་གཉིས་པོའི་འགོ་གཙོར་ཀྲུང་ཧྥིན་གྱི་དགུན་དུས་ལུས་རྩལ་ལོའིམཚོན་རྟགས་དང་དྲན་རྟེན་དངོས་རྫས་ཕུལ་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཧྥིན་རྒྱལ་ཁབ་གཉིས་པོའི་གངས་འཁྱགས་ལུས་རྩལ་པའི་འཐུས་མི་དང་ལྷན་དུ་སྤྱི་ལོ་2019ལོའི་ཀྲུང་གོ་དང་ཧྥིན་ལན་གྱི་དགུན་དུས་ལུས་རྩལ་ལོའི་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཡོད།
          མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཉི་ཉི་སེ་ཐོར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད།
          ཕེང་ལི་ཡོན་དང་། སུན་ཁྲུན་ལན། ཧའོ་མིང་ཅིན། ཝང་དབྱིས། ཧེ་ལིད་ཧྥེང་། ཀའོ་ཡུན་ལུང་སོགས་གོང་གསལ་གྱི་བྱེད་སྒོ་ཁག་ནང་ཞུགས་ཡོད།