ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

2018ལོར་གཞིས་རྩེའི་བོད་སྐྱོར་སྟོབས་ཤུགས་ཀྱིས་དམངས་འཚོའི་རྣམ་གྲངས་178ལག་བསྟར་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་7.34བཏང་།

སྤེལ་དུས 2019-02-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
f11f3a292df5e0fe3f904c0c5e6034a85edf7237.jpg
            2018ལོར།   གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་ཁག་གི་ཐོན་ཁུངས་སྤྱི་འདོམས་བྱས་ཏེ་རྒྱུ་ཤུགས་དང་དངོས་ཤུགས།   མི་ཤུགས་གཅིག་ཏུ་བསྡུས་ནས་དབུལ་སྒྲོལ་ལས་དོན་ཁྲོད་ཞུགས་པས།   གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་རྣམ་པ་བཟང་པོ་བཏོད་པ་རེད།
            རྒྱུས་ལོན་བྱུང་བ་ལྟར་ན།   གཞིས་རྩེ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ཡུལ་དངོས་སུ་སྐུལ་འདེད་གཏོང་བ་དང་ཁ་གཏད་བོད་སྐྱོར་གཏིང་ཟབ་གཏོང་བའི་དབུལ་སྐྱོར་ལས་དོན་ཚོགས་འདུའི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ།   བོད་སྐྱོར་དབུལ་སྐྱོར་ལས་དོན་དེ་ཤར་ནུབ་ཀྱི་དབུལ་སྐྱོར་རོགས་ལས་ཁྲོད་བཅུག་ནས།   ཧུར་ཐག་གིས་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཞི་དང་།   ཁེ་ལས་གཉིས་ལ་འབྲེལ་བ་བྱས་ཏེ་བོད་སྐྱོར་ལས་འགན་དོན་འཁྱོལ་བྱས།   ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཞི་དང་།   ཁེ་ལས་གཉིས་ཀྱིས་“80%གཉིས་”ཀྱི་བླང་བྱ་ལྟར་ཁྱད་ལྡན་ཐོན་ལས་ཀྱི་རྣམ་གྲངས་34ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་1.99བཏང་ཞིང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཁྱབ་ཁོངས་ཀྱི་རྣམ་གྲངས་178ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་7.34བཏང་།
            དུས་མཚུངས་སུ།   གཞིས་རྩེ་གྲོང་ཁྱེར་གྱིས་བསྟུད་མུར་གནས་གཏན་འཁེལ་གྱི་དབུལ་སྐྱོར་དང་།   “ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པ་”དང་“4321”ལས་བྱེད་པས་ཆ་སྒྲིག་རོགས་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས།   གྲོང་ཁྱེར་ཡོངས་ཀྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ཚན་པ་112ཀྱིས་དབུལ་ཕོངས་ཤང་(གྲོང་རྡལ་)གོང་སྤེལ་གྱི་འཆར་གཞི་(འབབ་འཕར་འཆར་གཞི)337བཟོས།   དབུལ་སྐྱོར་གྱི་ཐོན་ལས་48དང་ཐུན་མོང་དཔལ་འབྱོར་54འཕེལ་རྒྱས་བཏང་བས་ཡོང་འབབ་སྒོར་ཁྲི་576.6འཕར།   ཁེ་ལས་350ཡིས་རོགས་སྐྱོར་མ་དངུལ་སྒོར་ཁྲི་2181.25བཏང་།   མང་ཚོགས་དབུལ་པོ་118ཡི་ལས་ཞུགས་བརྟན་པོ་བྱུང་།   ཡོང་འབབ་སྒོར་ཁྲི་74.04འཕར།   སློབ་སྐྱོར་སྨན་བཅོས་ཞལ་འདེབས་སྒོར་ཁྲི་2107.21ཟིན།   ཆ་སྒྲིག་རོགས་སྐྱོར་ལས་བྱེད་པ་ཁྲི་3.4ཡིས་ཞིང་འབྲོག་མང་ཚོགས་ལ་དྲིལ་བསྒྲགས་ཡིག་ཆ་ཁྲི་2.4ལྷག་ཙམ་བཀྲམས།   ཕྱུག་འགྱུར་གྱི་འཕེལ་རྒྱས་ལམ་བུ་5000ལྷག་ཙམ་འདེམས་པར་རོགས་སྐྱོར་བྱས།   ངལ་རྩོལ་ནུས་ཤུགས་ཕྱིར་གཏོང་མི་ཐེངས་ཁྲི་1.48དང་དངོས་གནས་ཀྱི་དཀའ་ངལ་7400སེལ་རོགས་བྱས།   རོགས་སྐྱོར་མ་དངུལ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་2959.16ཟིན།