ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འཆི་མེད་རྡོ་རྗེར་ཡང་བསྐྱར་གཟི་བརྗིད་མཚན་སྙན་ཐོབ་པ།

སྤེལ་དུས 2019-02-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
 
           སྤྱི་ལོ་༢༠༡༩ལོའི་ཟླ་༢ཚེས་༡༨ཉིན་འཆི་མེད་རྡོ་རྗེར་༢༠༡༨ལོའི་ལོ་འཁོར་གྱི་ཀྲུང་གོར་སེམས་འགུལ་ཐེབས་པའི་མི་སྣའི་གཟེངས་རྟགས་གནང་པ་རེད།
           སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ལམ་ཚད་ཧྲིལ་པོ་སྤྱི་ལེ་༡༢༠༨ཟིན་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་༣༥༠༠ཡན་ཟིན་པའི་གངས་རྒྱུད་སྦྲག་ལམ་ཞིག་ཡོད། ཏང་ཀྲུང་དབྱང་གི་གསུང་སྒྲ་དང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་སྦྲག་དངོས་རྣམས་སྦྲག་ལམ་དེ་བརྒྱུད་ནས་གངས་ལྗོངས་ཀྱི་ཡུལ་གྲུ་ཁག་ཏུ་སྐྱེལ་བཞིན་ཡོད། འཆི་མེད་རྡོ་རྗེ་ཡིས་གངས་རྒྱུད་སྦྲག་ལམ་དེ་ནས་ལོ་ངོ་༢༩རིང་བྱ་བ་བསྒྲུབས་པ་དང་། འཁོར་སྐྱོད་ལམ་ཚད་ཐིག་དམར་ལ་སྐོར་བ་༣༥བརྒྱབ་པ་དང་མཚུངས། ལོ་༢༩ཡི་རིང་ཁོང་གི་སྦྲག་སྐྱེལ་རླངས་འཁོར་ལ་འགན་འཛོལ་དོན་རྐྱེན་ཐེངས་གཅིག་ཀྱང་ཐོན་མྱོང་མེད་པ་དང་། སྦྲག་སྐྱེལ་ལས་འགན་ཐེངས་རེ་རེ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཡོད།
           དེ་སྔོན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་སྤྱི་ཚོགས་ཡོངས་སུ་འཆི་མེད་རྡོ་རྗེའི་སྔོན་ཐོན་མཛད་རྗེས་ཁྱབ་བསྒྲགས་བྱས་པ་དང་། ཁོང་ལ་དུས་རབས་ཀྱི་མིག་དཔེ་བཟང་པོ་ཞེས་པའི་གཟི་བརྗིད་མཚན་སྙན་གནང་ཡོད།
           འཆི་མེད་རྡོ་རྗེ་ནི་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཀུང་སིའི་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་སྦྲག་སྲིད་ཡན་ལག་ཀུང་སིའི་སྦྲག་འཁོར་ཁ་ལོ་བ་ཞིག་ཡིན་པ་དང་། ཁྲོན་བོད་སྦྲག་ལམ་གྱི་དཀར་མཛེས་ནས་སྡེ་དགེ་བར་གྱི་སྦྲག་སྐྱེལ་ལས་འགན་འཁུར་གྱི་ཡོད། ཁོང་ལས་གནས་དེར་དགའ་བས།  དུས་ཡུན་ལོ་ངོ་སུམ་ཅུ་ཙམ་ནང་ཉིན་གཅིག་ལྟར་བྱ་གཞག་དེར་འབད་པ་ལྷོད་མེད་ཀྱིས་གཞོལ།   སྦྲག་འཁོར་བཏང་ནས་ཆ་སྙོམས་ས་བབ་མཐོ་ཚད་སྨི་༣༥༠༠ཡི་ལམ་དུ་སྦྲག་དངོས་སྐྱེལ་འདྲེན་གནང་བ་དང་། སྐྱེལ་འདྲེན་ལམ་ཐག་ཁྱོན་བསྡོམས་སྤྱི་ལེ་ས་ཡ་གཅིག་དང་བཞི་འབུམ་ཙམ་ཟིན་ཡོད་ལ། དེའི་རིང་འགན་འཛོལ་དོན་རྐྱེན་གཅིག་ཀྱང་ལྷག་མྱོང་མེད། ཁོང་བློ་རྩ་བརྟན་པས་དེ་སྔ་ཇག་པས་སྦྲག་འཁོར་ལ་འཇབ་རྒོལ་བྱས་ཀྱང་རང་ཉིད་ཀྱི་ཁྲག་དྲོན་བློས་གཏོང་དང་རང་སྲོག་འབེན་ལ་བཙུགས་ནས་སྦྲག་དངོས་ཀྱི་བདེ་འཇགས་སྲུང་སྐྱོབ་གནང་ཡོད། ཁོང་ལ་རྨས་སྐྱོན་ཚབས་ཆེན་ཕོག་རྗེས་དྲག་སྐྱེས་སྦྱོང་བརྡར་རྒྱུན་འཁྱོངས་པ་གནང་བས། མཐར་ལས་གནས་ཐོག་སླར་ཡང་ལོག་ཐུབ་པ་བྱུང་། ཁོང་གིས་མཐུན་སྒྲིལ་ལ་གཅེས་འཛིན་གནང་བ་དང་། ཁོང་གི་གཟེར་འདེབས་སྙིང་སྟོབས་ཁྲོན་བོད་གཞུང་ལམ་ཐོག་བཏབ་ཡོད་ཅིང་། ཏང་ཀྲུང་དབྱང་གི་གསུང་སྒྲ་དང་། མེས་རྒྱལ་ས་ཕྱོགས་ཁག་གི་སྦྲག་དངོས་གངས་ལྗོངས་ཀྱི་ཡུལ་གྲུ་ཁག་ཏུ་བསྐྱལ་ནས། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཆེད་བརྩེ་སེམས་ངོ་མ་ལེགས་སྐྱེས་སུ་ཕུལ་བས། མང་ཚོགས་ནས་ཁོང་ལ་སྦྲག་ལམ་ཐོག་གི་བདེ་སྐྱིད་ཕོ་ཉ་ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།