ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཅི་འདྲའི་མཛེས་པ་ལ། ཁྱེད་རང་ཁྲིད་ནས་གནའ་བོའི་ཕོ་བྲང་གི་ལྒང་ཞུ་ཁྲོམ་ཚོགས་ལ་བལྟ་རུ་འགྲོ།

སྤེལ་དུས 2019-02-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འཕྲིན། ད་ལོའི་དཔྱིད་གསར་དུས་ཆེན་སྐབས་“ཙི་ཅིན་ཕོ་བྲང་ནང་དུ་ལོ་གསར་གཏོང་བའི་”འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་ནས། ལོ་གསར་ཚེས་བཅོ་ལྔའི་ལྒང་ཞུའི་དུས་ཆེན་གྱི་“ཙི་ཅིན་ཕོ་བྲང་གི་མཚན་མོའི་”བར། སྔར་བས་སྒོ་འབྱེད་པའི་པེ་ཅིང་ཕོ་བྲང་རྙིང་པས་རིག་གནས་གསར་གཏོད་ཀྱི་ལམ་བུའི་ཐོག་ཏན་ཏིག་ངང་བསྐྱོད། ཟླ་2ཚེས་17ཉིན། གོང་མའི་ཕོ་བྲང་རྟེན་མཛོད་ཁང་གིས་ཟླ་2ཚེས་19ཉིན་དང་ཚེས་20ཉིན་བར་“ཙི་ཅིན་ཕོ་བྲང་གི་ལོ་གསར་བཅོ་ལྔའི་མཚན་མོའི་”རིག་གནས་བྱེད་སྒོ་བསྡུ་བའི་སྤྱི་བསྒྲགས་སྤེལ། དེ་ནི་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་བཙུགས་ནས་ལོ་ངོ་94རིང་ཐེངས་དང་པོ་“ལྒང་ཞུ་ཁྲོམ་ཚོགས་”སྤེལ་བ་ཡིན།
ཐའེ་ཧོ་སྒོ་ཆེན་གྱི་བྱེད་སྒོའི་ཡུལ་དངོས།
          “ན་ནིང་བཅོ་ལྔའི་དུས་ཆེན་མཚན་མོ་ལ། །གློག་ཚོགས་ཚོན་ཁྲས་ཉིན་མོ་འཁུ། །དུང་ཟླ་རྒྱ་ལྕང་རྩེ་མོར་ཤར། །བརྩེ་བའི་ཁ་ཆད་མཚན་མོ་བཞག །” གནའ་བོའི་ཕོ་བྲང་གི་ལྒང་ཞུ་ཁྲོམ་ཚོགས་ཀྱིས་མི་རྣམས་ཀྱི་སྨོན་འདུན་འདི་མངོན་འགྱུར་བྱུང་། གནས་ཚུལ་བསྒྲགས་མ་ཐག་ལྟ་སྐོར་འཛིན་ཤོག་ཡོད་ཚད་གཅིག་ཀྱང་མ་ལྷག གནའ་བོའི་ཕོ་བྲང་རང་ངོས་ནས་སྐད་གྲགས་ཤིན་ཏུ་ཆེ་བས། ལྒང་ཞུའི་དུས་ཆེན་ལ་དོ་སྣང་ཆེན་པོ་བྱུང་བར་ཡ་མཚན་དགོས་དོན་མེད་ཀྱང་། ཐབས་ལམ་གཙོ་བོ་ནི་གནའ་བཟང་དེང་སྤྱོད་དང་རྙིང་བཏོན་གསར་འདོན་བྱས་པ་ཡིན།
          “ཕོ་བྲང་རྙིང་པའི་ལྒང་ཞུ་ཁྲོམ་ཚོགས་”བྱེད་སྒོ་ཇུས་འགོད་དང་སྤེལ་བ་ནི་སྤྱི་དམངས་རིག་གནས་ཀྱི་དགོས་མཁོ་སྐོང་བར་ཁ་གཏད་པ་ཡིན། རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ནི་སྟོང་བཤད་མ་ཡིན་པར་སྲོལ་རྒྱུན་གྱི་རིག་གནས་དེ་དེང་རབས་ཀྱི་མིའི་སེམས་ཁམས་སུ་ཐིམ་ནས་གྲོང་ཁྱེར་གྱི་བསྟུན་མཁས་དཀྱེལ་ཡངས་པའི་རིག་གནས་ཀྱི་བརྩེ་བ་ཕྱིར་མངོན་པ་དང་། དེ་བས་ཀྱང་རིག་གནས་གསར་གཏོད་དང་རྒྱུན་འཛིན་ལ་དཔེ་སྟོན་བྱས། ཕོ་བྲང་རྙིང་པའི་རིག་གནས་གསར་གཏོད་ཀྱི་ཡོང་འབབ་ལེགས་པོ་བྱུང་བ་མ་ཟད། རིག་གནས་རྟེན་མཛོད་ལས་རིགས་ཧྲིལ་པོར་རིག་གནས་གསར་གཏོད་ཀྱི་ཚ་རླབས་འཕྱུར་བ་དང་། དྲ་རྒྱའི་ཐོག་སྐད་གྲགས་ཆེ་བའི་རིག་གནས་གསར་གཏོད་ཐོན་རྫས་དང་ཕོ་བྲང་གི་བྱེད་སྒོར་ཞུགས་པའི་ཚ་རླབས་འཕྱུར་བ་ནི་གསར་གཏོད་ཀྱིས་ལོ་600ལྷག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་ཕོ་བྲང་དེ་བས་གཞོན་པར་གྱུར་པ་མ་ཟད། སྲོལ་རྒྱུན་རིག་གནས་དེ་མི་སེར་དཀྱུས་མའི་འཚོ་བའི་ཁྲོད་སླེབས་པ་རེད།
ཧྲིན་ཝུའུ་སྒོ།
          གནའ་བོའི་ཕོ་བྲང་གིས་ལོ་གསར་བཅོ་ལྔའི་དུས་ཆེན་གྱི་གོ་སྐབས་དམ་འཛིན་གྱིས་“གཞི་རྒྱུ་”ཡིས་ཡིད་དབང་འགུགས་པའི་སྣང་བརྙན་ཞིབ་མོ་སྣ་ཚོགས་བཟོས་པས། སླར་ཡང་རྒྱལ་ཡོངས་ཀྱི་མཛེས་ལྗོངས་ཁུལ་ལ་མིག་དཔེ་བཏོན། གྲང་འཁྱག་པའི་རིག་དངོས་ལ་སླར་ཡང་ཚེ་སྲོག་རྒྱས། དེང་རབས་ཀྱི་སྤྱི་ཚོགས་ནང་སྐྱེ་སྟོབས་ཀྱི་དབང་སྲོག་གསར་བ་རྒྱས།
ཝུའུ་མོང་སྒོ་ཆེན།
ཁྲང་དབྱིན་ལྡིང་ཁང་།
པེ་ཧའེ་མཆོད་རྟེན་དཀར་པོར་རྒྱང་བལྟ་བྱས།
མཁར་ཟུར་གྱི་ལྡིང་ཁང་།
གསེར་རི།
མཁར་སྲུང་ཆུ་འོབས།
ཏུང་ཧྭའི་ཤར་སྒོ།
གནའ་བོའི་ཕོ་བྲང་གི་ཟླ་འོད།
རྩོམ་སྒྲིག་པ། ཚེ་རིང་།