མུ་འབྲེལ་རི་མོ་《ལེང་ཀྲོའུ་གྲོས་མོལ་》དཔེ་སྐྲུན་བྱས་ཏེ་བོད་ལྗོངས་ནི་ཇི་ལྟར་མེས་རྒྱལ་གྱི་མངའ་ཁོངས་སུ་བཅུག་པ་སླར་ཡང་མངོན།
སྤེལ་དུས 2019-02-26
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། བྱམས་པས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 1247ལོར། ལེང་ཀྲོའུ་བཟུང་བའི་སོག་པོའི་ཞིས་ལཱང་རྒྱལ་པོ་གོ་དན་དང་བོད་ཀྱི་ས་སྐྱ་པའི་གདུང་འཛིན་པ་ས་སྐྱ་པཎྚིཏ་ཀུན་དགའ་རྒྱལ་མཚན་གཉིས་ཀྱིས་ལོ་རྒྱུས་ཀྱི་ཤུགས་རྐྱེན་ཟབ་མོ་ལྡན་པའི་“ལེང་ཀྲོའུ་གྲོས་མོལ་”གནང་སྟེ། བོད་ས་གནས་སྲིད་གཞུང་དེ་ཡོན་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གི་ཆབ་འོག་ཏུ་ཞུགས་པའི་ཆ་རྐྱེན་ཐད་གྲོས་མོལ་བྱས་པས། བོད་ས་གནས་ཞི་བདེའི་ངང་ཀྲུང་དབྱང་སྲིད་གཞུང་གི་སྲིད་འཛིན་བདག་སྐྱོང་འོག་ཏུ་བཅུག་པ་རེད།
དེ་ནས་བཟུང་བོད་ལྗོངས་དངོས་སུ་མེས་རྒྱལ་གྱི་མངའ་ཁོངས་སུ་བཅུག་པ་དང་། བོད་ཀྱི་ལོ་རྒྱུས་འཕེལ་རིམ་གྱི་ཤོག་ལྷེ་གསར་པ་ཞིག་ཕྱེ་ཡོད།
《ལེང་ཀྲོའུ་གྲོས་མོལ་》གྱི་མདུན་ཤོག
ཉེ་ཆར། མུ་འབྲེལ་རི་མོ་《ལེང་ཀྲོའུ་གྲོས་མོལ་》ཏུན་ཧོང་རིག་རྩལ་དཔེ་སྐྲུན་ཁང་གིས་དངོས་སུ་པར་བསྐྲུན་བྱས། བརྩམས་ཆོས་འདིས་ལོ་770ལྷག་ཙམ་གོང་གི་ལོ་རྒྱུས་འཕོ་འགྱུར་གྱི་ཟིལ་རླབས་དགུང་དུ་འཕྱུར་བའི་ཚན་པ་དེ་སླར་ཡང་མངོན་པར་བྱས་ཡོད།
མུ་འབྲེལ་རི་མོ་《ལེང་ཀྲོའུ་གྲོས་མོལ་》གྱི་ནང་དོན་ཁག་ཅིག
མུ་འབྲེལ་རི་མོ་《ལེང་ཀྲོའུ་གྲོས་མོལ་》གྱི་ནང་དོན་ཁག་ཅིག
མུ་འབྲེལ་རི་མོ་《ལེང་ཀྲོའུ་གྲོས་མོལ་》གྱི་ནང་དོན་ཁག་ཅིག
མུ་འབྲེལ་རི་མོ་དེ་ནི་ལེང་ཀྲོའུ་གྲོས་མོལ་དྲན་གསོ་ཁང་དང་ཀན་སུའུ་ཞེ་ཆའོ་ཀྲི་ཡའེ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིས་མཉམ་དུ་པར་བསྐྲུན་བྱས། ཡན་ཞིན་ཁུའེ་དང་ལི་ཡོན་ཧུའེ་ཡིས་རྩོམ་འབྲི་གནང་བ་དང་། མཱ་ཐུང་གིས་རི་མོ་བྲིས།
མུ་འབྲེལ་རི་མོ་ནི་དེ་སྔ་མི་རབས་གཅིག་གི་དྲན་ཤེས་ཡིན། ཅིའི་ཕྱིར་འདི་འདྲའི་ཐབས་ལམ་གྱིས་“ལེང་ཀྲོའུ་གྲོས་མོལ་”གྱི་རྣམ་པ་སླར་ཡང་མངོན་པ་ཡིན་ནམ།
ཡན་ཞིན་ཁུའེ།
ཡན་ཞིན་ཁུའེ་ཡིས་མཇུག་བྱང་དུ་འདི་ལྟར་བྲིས་འདུག་པ་སྟེ། 2017ལོའི་སྟོན་འགོའི་དུས་སུ་ང་རང་ལེང་ཀྲོའུ་རིག་གནས་ཞིབ་འཇུག་ཁང་གི་སྐུ་ཞབས་ལི་ཡོན་ཧུའེ་དང་། ལེང་ཀྲོའུ་ཟེ་ཧྲིའི་སྐུ་ཞབས་ལི་ཞེ་ཆའོ་དང་མཉམ་དུ་ཁ་བརྡ་གློད། ཡོན་ཧུའེ་ལགས་ནི་རིག་གནས་ཞིབ་འཇུག་ལ་མཁས་པ་ཞིག་ཡིན། ལེང་ཀྲོའུ་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་ཅིང་བརྩམས་ཆོས་མང་པོ་སྤེལ་ཡོད། སྐུ་ཞབས་ཞེ་ཆའོ་བློ་གཅིག་སེམས་གཅིག་གིས་སྨྱན་སྦྱོར་གསར་པའི་དྲིལ་བསྒྲགས་ལས་ཀར་ཞུགས་ཀྱང་། ཁོང་གིས་ལེང་ཀྲོའུ་རིག་གནས་ལ་ཧ་ཅང་དོ་ཁུར་བྱེད་ཀྱིན་ཡོད། གྲོགས་པོ་གཉིས་ཀྱིས་ངས་མཆོད་རྟེན་དཀར་པོ་དགོན་དུ་ལས་ཀ་གནང་བ་ཤེས་འཕྲལ། ལོ་རྒྱུས་དོན་ཆེན་“ལེང་ཀྲོའུ་གྲོས་མོལ་”གྱི་ཐོན་ཁུངས་སྤུས་ལེགས་དེ་ཇི་ལྟར་དྲིལ་བསྒྲགས་དང་སྔོག་འདོན། བེད་སྤྱོད་བྱ་དགོས་ཚུལ་ཐད་ཐབས་བཀོད་ཇུས་འདོན་གནང་། བཤད་མཁན་གྱིས་གང་བྱུང་དུ་བརྗོད་ཀྱང་ཉན་མཁན་གྱི་སེམས་སུ་གསལ་བོ་བཟུང་། ཞེ་ཆའོ་ཡིས་རིག་གནས་གསར་གཏོད་ཀྱི་རྣམ་པ་དེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་ཁྲོད་དུ་དྲིལ་བསྒྲགས་དང་སློབ་གསོ་སྤེལ་རྒྱུའི་བསམ་འཆར་གྱིས་ངའི་བསམ་སྒོ་ཕྱེ་སོང་། ངས་རང་དབང་མེད་པར་ང་ཚོ་ཆུང་དུས་མུ་འབྲེལ་རི་མོ་བལྟ་རྒྱུར་དགའ་བ་དྲན་ཡོང་། དེར་བརྟེན་མུ་འབྲེལ་རི་མོའི་རྣམ་པ་ལ་བརྟེན་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་དག་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་རྒྱུ་སེམས་ཐག་བཅད།
མུ་འབྲེལ་རི་མོར་དཔྱད་གཞི་ཡིག་ཆའི་རང་བཞིན་དང་ཤེས་བྱའི་རང་བཞིན། ཁྱབ་སྤེལ་རང་བཞིན། ལྟ་འདོད་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པའི་ཡི་གེ་དང་པར་རིས་མཉམ་དུ་བཀོད་པས་གོ་སླ་བ་དང་། ཡོན་ཏན་ཡོད་མེད་ཚང་མས་ལྟ་ཤེས་པ། རྒན་རྒོན་ཚང་མ་ལ་འཚམ་པས་ཝུའུ་ཝེ་ཡི་གཏམ་རྒྱུད་ཡག་པོ་བཤད་པ་དང་ཝུའུ་ཝུའེ་བསམ་འདུན་ཁྱབ་སྤེལ་བྱེད་པའི་རིག་གནས་གསར་གཏོད་ཀྱི་ཁྱབ་གདལ་ཅན་གྱི་ཐོན་རྫས་ཤིག་ཡིན། མུ་འབྲེལ་རི་མོ་《ལེང་ཀྲོའུ་གྲོས་མོལ་》པར་སྐྲུན་བྱས་པས་ལེང་ཀྲོའུ་རིག་གནས་དར་སྤེལ་དང་ལེང་ཀྲོའུ་འོད་སྟོང་འབར་བའི་རིག་གནས་བསྐྱར་འཛུགས་བྱེད་པ། རྒྱ་ཆེའི་གྲོང་མིའི་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། རིག་གནས་ཡུལ་སྐོར་གྱི་གྲོང་ཁྱེར་གྲགས་ཅན་འཛུགས་སྐྲུན་བྱེད་པར་ལོ་རྒྱུས་དང་དངོས་ཕན་གྱི་དོན་སྙིང་གལ་ཆེན་ལྡན།
མུ་འབྲེལ་རི་མོ་《ལེང་ཀྲོའུ་གྲོས་མོལ་》གྱི་ནང་དོན་ཁག་ཅིག
ཉེ་ཆར། “ལེང་ཀྲོའུ་གྲོས་མོལ་”གནང་སའི་མཆོད་རྟེན་དཀར་པོ་དགོན་ཡང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་དང་། ཀན་སུའུ་ཞིང་ཆེན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བདམས།
རྩོམ་སྒྲིག་པ། སངས་སྐྱབས།