ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ཀྱི་སྤོ་ལོ་ལུས་རྩལ་པ་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་པ་ཁ་པའི་ཐོག་མའི་འགྲན་སྡུར་ལ་ཞུགས་པ་དང་། ལྷ་ས་གྲོང་ཁྱེར་མ་འཇོག་གིས་སུའུ་ཀྲུའུ་ཏུང་ཝུའུ་ལ་འགྲན་པ།

སྤེལ་དུས 2019-03-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་3པའི་ཚེས་16ཉིན་ལ། 2019འགྲན་ལོའི་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་པ་ཁ་པའི་མཉམ་འགྲན་གྱི་སྒོ་འབྱེད་མཛད་སྒོ་དེ་སུའུ་ཀྲུའུ་ཨོ་ལིན་ཕིག་ལུས་རྩལ་ལྟེ་བར་སྤེལ་བ་དང་། ལྷ་ས་མ་འཇོག་ནི་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་པ་ཁ་པའི་འགྲན་ཞུགས་པ་གསར་བའི་ཚུལ་གྱིས་སུའུ་ཀྲུའུ་ཨོ་ལིན་ཕིག་ལུས་རྩལ་ལྟེ་བར་སོང་ནས་སུའུ་ཀྲུའུ་ཏུང་ཝུའུ་རུ་ཁག་ལ་འགྲན་བཙུགས། སྐར་མ་90ཡུན་གྱི་འགྲན་སྡུར་དྲག་པོ་བརྒྱུད་ནས་མཐར་ལྷ་ས་མ་འཇོག་0སྡུར་2ཀྱི་འགྲན་སྐར་ལྟར་ཕ་རོལ་ལས་ཕམ་པར་གྱུར། བོད་ལྗོངས་རང་སའི་སྤོ་ལོ་ལུས་རྩལ་པ་ཚེ་དབང་ཕུན་ཚོགས་དང་ཚེ་རིང་ཉི་མ་གཉིས་ཚབ་མིར་འགྲན་སྡུར་ལ་བུད་ཅིང་། འདི་ནི་བོད་ཀྱི་སྤོ་ལོ་ལུས་རྩལ་པ་ཐོག་མར་ཀྲུང་གོའི་ལས་རིགས་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་ཞུགས་པ་ཡིན་འདུག
ལྷ་ས་མ་འཇོག་གི་མགོ་ཞུགས་རུ་མི།
            ལྷ་ས་མ་འཇོག་ནི་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་པ་ཁ་པའི་མཉམ་འགྲན་གྱི་འགྲན་ཞུགས་པ་གསར་པ་ཡིན་པའི་ཆ་ནས། སྤོ་ལོ་རུ་ཁག་མུ་མཐུད་དུ་རིམ་པ་ཇེ་མཐོར་འགྲོ་བ་དང་བསྟུན་ནས་སྤོ་ལོ་བས་ཀྱང་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་པ་ཁ་པའི་མཉམ་འགྲན་གྱི་དྲག་ཚད་དང་མྱུར་བུལ་ལ་རིམ་བཞིན་གོམས་ནས་འགྲོ་བ་དང་། འགྲན་སྡུར་མགོ་བརྩམས་མ་ཐག་ནས་བཟུང་སྤོ་ལོ་ལུས་རྩལ་བ་དག་གིས་ཉམས་ཚོད་ཀྱིས་སུའུ་ཀྲུའུ་ཏུང་ཝུའུ་ཡི་འགག་རར་ཕར་རྒོལ་བྱས་ཤིང་། ལྷ་ས་མ་འཇོག་ལ་མགོ་བརྩམས་པའི་ཡུན་ལ་གོ་སྐབས་ལེགས་པོ་ཁ་ཤས་ཐོབ་པ་དང་མཉམ་དུ། རྒྱང་འཕེན་གྱིས་སུའུ་ཀྲུའུ་ཏུང་ཝུའུ་ཡི་སྤོ་སྒོར་ཉེན་ཁ་བཟོས་ནའང་སྤོ་ལོ་ནང་དུ་བླུགས་མ་ཐུབ། 
            འགྲན་སྡུར་གྱི་སྐར་མ་30སྟེང་ལ་སུའུ་ཀྲུའུ་ཏུང་ཝུའུ་ཡིས་འགག་ར་ཆེན་པོའི་མདུན་སར་ལྷ་ས་མ་འཇོག་གི་གཞུག་མེལ་བས་སྤོ་ལོ་རྒྱང་དུ་གཡུགས་མ་ཐུབ་པ་འཕྲོག་ཏེ། དྲང་མོར་བརྫངས་པ་ལ་ཁེར་ཆད་ཀྱི་གོ་སྐབས་བྱུང་སྟེ་སྤོ་ལོ་ནང་དུ་འཛུལ་ཅིང་། འགྲན་རའི་སྲ་འཛིན་གྱི་རྣམ་པ་སྔ་མར་གཏོར་ནས་ལྷ་ས་མ་འཇོག་0སྡུར་1གི་འགྲན་སྐར་ལྟར་སུའུ་ཀྲུའུ་ཏུང་ཝུའུ་ཡི་རྗེས་སུ་ལུས།
འགྲན་སྡུར་གྱི་འགྲན་རིམ་ཕྱེད་སྔ་མ་རྫོགས་སྐབས། ལྷ་ས་མ་འཇོག་སྤོ་ལོ་གཉིས་ལས་སུའུ་ཀྲུའུ་ཏུང་ཝུའུ་ཡི་རྗེས་སུ་ལུས་འདུག
            འགྲན་སྡུར་གྱི་སྐར་མ་43སྟེང་སུའུ་ཀྲུའུ་ཏུང་ཝུའུ་རུ་ཁག་གིས་ཟུར་སྤོའི་གོ་སྐབས་བརྒྱུད་ནས་ལྷ་ས་མ་འཇོག་གི་སྤོ་སྒོ་སླར་ཡང་གཏོར་ཅིང་། འགྲན་རིམ་ཕྱེད་སྔ་མར་ལྷ་ས་མ་འཇོག་0སྡུར་2ཀྱི་འགྲན་སྐར་ལྟར་སུའུ་ཀྲུའུ་ཏུང་ཝུའུ་ཡི་རྗེས་སུ་ལུས་འདུག འགྲན་རིམ་ཕྱེད་ཕྱི་མར་ལྷ་ས་མ་འཇོག་གི་རུ་མིས་ལུས་ནུས་ཀྱི་ལེགས་ཆར་བརྟེན་ནས་སུའུ་ཀྲུའུ་ཏུང་ཝུའུ་རུ་ཁག་དང་འགྲན་རེས་བྱས་ཀྱང་། ཕྱོགས་གཉིས་ཀྱིས་སྤོ་ལོ་ནང་དུ་བླུགས་མ་ཐུབ། 
འགྲན་སྡུར་གྱི་སྐར་མ་60སྟེང་རྩལ་སྦྱོང་དགེ་རྒན་གཙོ་བོ་ཀྲང་པེའོ་ཡིས་འགྲན་སྡུར་ལ་ཞུགས་གྲབས་བྱེད་པའི་ཚེ་དབང་ཕུན་ཚོགས་ལ་འགྲན་ཇུས་ཁྲིད་སྟོན་བྱེད་པ།
            འགྲན་སྡུར་གྱི་སྐར་མ་60སྟེང་ལྷ་ས་མ་འཇོག་གིས་མགོ་མར་མི་བརྗེ་བའི་ལེགས་སྒྲིག་བྱས་ཏེ། བོད་ལྗོངས་རང་སའི་སྤོ་ལོ་ལུས་རྩལ་པ་ཚེ་དབང་ཕུན་ཚོགས་དང་ཁུང་ཞང་ཡེ་གཉིས་བརྗེ་བ། ལྷ་ས་མ་འཇོག་གིས་མདུན་རར་གཞོགས་འདེགས་ཤུགས་ཆེར་བཏང་ནས་སུའུ་ཀྲུའུ་ཏུང་ཝུའུ་ཡི་སྤོ་སྒོ་གཏོར་ཐབས་བྱས། ཚེ་དབང་ཕུན་ཚོགས་ནི་བོད་ཀྱི་རྐང་རྩེད་སྤོ་ལོའི་ལོ་རྒྱུས་ནང་དུ་ཆེས་ཐོག་མར་ལས་རིགས་འགྲན་རར་ཞུགས་པའི་བོད་རང་སའི་སྤོ་ལོ་ལུས་རྩལ་པ་དེ་ཡིན་འདུག
            འགྲན་སྡུར་གྱི་སྐར་མ་75ཡི་མཚམས་སུ་ལྷ་ས་མ་འཇོག་གིས་དབྱང་སི་ཕིང་མངགས་ཏེ་ཧང་ཧོ་ཞོན་དང་བརྗེ་བ་དང་། བར་རའི་འགོག་བཅད་ཀྱི་དྲག་ཚད་ཆེ་རུ་བཏང་།
ཚེ་རིང་ཉི་མས་འགོག་རའི་གཞུ་མགོ་རུ་སྤོ་ལོ་ནང་དུ་བླུགས་གྲབས་བྱེད་བཞིན་པ།
            འགྲན་སྡུར་གྱི་སྐར་མ་80སྟེང་ལྷ་ས་མ་འཇོག་གིས་བོད་རང་སའི་སྤོ་ལོ་ལུས་རྩལ་པ་ཚེ་རིང་ཉི་མ་མངགས་ནས་ཁོང་དང་ཨང་རྟགས་མཚུངས་པ་U21ཡིན་པའི་སྤོ་ལོ་ལུས་རྩལ་པ་ཞུའུ་ཡོ་ཅི་དང་བརྗེ་བ།
            འགྲན་སྡུར་མཇུག་རྫོགས་ལ་ཉེ་སྐབས་ཚེ་རིང་ཉི་མས་ཕ་རོལ་དང་འཕྲོག་རེས་བྱེད་སྐབས་རྐང་ཚིགས་ལ་རྨས་སྐྱོན་བྱུང་ཡང་བསྐྱར་དུ་འགྲན་སྡུར་ལ་ཞུགས་པའི་རེ་བ་ཞུས་ཏེ་རུ་མི་དང་མཉམ་དུ་འགྲན་སྡུར་བྱས།
            རྒྱུས་ལོན་བྱས་པ་ལྟར་ན་ཚེ་རིང་ཉི་མ་ནི་དམངས་ཁྲོད་སྤོ་ལོ་ལུས་རྩལ་པའི་ཐོག་ནས་ལས་རིགས་སྤོ་ལོ་ལུས་རྩལ་པའི་གྲས་སུ་ཚུད་པ་དང་། ལྷ་ས་མ་འཇོག་ལ་མ་ཞུགས་པའི་སྔོན་དུ་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྐང་རྩེད་སྤོ་ལོ་འགྲན་སྡུར་དང་ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་འགྲན་སྡུར་སོགས་ཀྱི་འགྲན་སྡུར་ནང་དུ་བླུགས་མཁན་ལེགས་མཆོག་གི་གཟེགས་རྟགས་མང་དུ་འཐོབ་མྱོང་ཡོད་འདུག 2018ལོའི་ཟླ་12པར་ཁོ་རང་བདེ་བླག་ངང་ལྷ་ས་གྲོང་ཁྱེར་མ་འཇོག་རྐང་རྩེད་སྤོ་ལོ་མཉམ་སྤྲོ་ཁང་གི་རང་སའི་སྤོ་ལོའི་ལུས་རྩལ་པའི་འདེམས་སྒྲུག་ནང་ཚུད་པ་དང་། ལྷ་ས་མ་འཇོག་རྐང་རྩེད་སྤོ་ལོ་མཉམ་སྤྲོ་ཁང་གི་ཚབ་བྱས་ཏེ་2019ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་པ་ཁ་པའི་མཉམ་འགྲན་ནང་ཞུགས་རྒྱུ་རེད།
            འགྲན་སྡུར་མགོ་བརྩམས་དུས་ཀྱི་ཕར་རྒོལ་ལ་གྲུབ་འབྲས་མངོན་གསལ་བྱུང་ཡང་། སྔ་རྟིང་ཀུན་ལ་གོ་སྐབས་དེ་དག་ནང་དུ་བླུགས་མ་ཐུབ་ཅེས་འགྲན་སྡུར་གྱི་རྗེས་སུ་སྤོ་ལོ་རུ་ཁག་གི་འགན་ཁུར་བས་ཟེར་ཞིང་བསྟན་དོན། འདི་ནི་སྤོ་ལོ་རུ་ཁག་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་པ་ཁ་པའི་མཉམ་འགྲན་ལ་ཚུད་པའི་ཐོག་མའི་འགྲན་སྡུར་ཡིན་པས། རུ་མི་དག་ད་དུང་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་པ་ཁ་པའི་མཉམ་འགྲན་གྱི་མྱུར་བུལ་ལ་མ་ལོབས་པ་ཡིན་ནམ་འགྲན་རའི་ནང་དུ་ཁོ་ཚོ་ཅུང་ཟད་འཚབ་འདུག 
ལྷ་ས་མ་འཇོག་གིས་སྐུ་མགྲོན་རུ་ཁག་གི་ངལ་གསོ་ཁང་གཙང་སྦྲ་བྱས་རྗེས་བཞག་ཡོད་པའི་ཤོག་བྱང་དང་ཁ་བཏགས།
            གླེང་རིན་འོས་པ་ཞིག་ལ་འགྲན་སྡུར་འདི་ལ་སྤོ་ལོ་དགའ་མཁན་ལྷ་སའི་མི་30ཙམ་སུའུ་ཀྲུའུ་ཨོ་ལིན་ཕིག་ལུས་རྩལ་ལྟེ་བར་བསྐྱོད་དེ་ལྷ་ས་མ་འཇོག་གིས་སུའུ་ཀྲུའུ་ཏུང་ཝུའུ་ལ་འགྲན་པའི་འགྲན་སྡུར་ལ་བལྟས་པ་དང་། བོད་ཀྱི་སྤོ་ལོ་དགའ་མིའི་བདེ་ཐང་ངང་འགྲན་སྡུར་ལ་བལྟ་བའི་སྲོལ་བཟང་རྒྱུན་བསྐྱངས་འདུག མཇུག་ཏུ་རུ་ཁག་གིས་རྒྱལ་ཁ་མ་ལོན་ནའང་། རུ་འགན་པ་རིན་ཆེན་དཔལ་འབྱོར་དང་འཆི་མེད་སྐྱབས་གཉིས་ཀྱིས་བྱེས་རུའི་ངལ་གསོ་ཁང་གཙང་སྦྲ་བྱས་རྗེས། ཐུགས་རྗེ་ཆེ།ཤུགས་རྒྱོབ་ཅེས་པའི་བོད་རྒྱ་ཡི་གེ་གཉིས་ཀྱི་ཤོག་བྱང་དང་ལྷག་བསམ་མཚོན་པའི་ཁ་བཏགས་བཞག་འདུག  དེའི་རྗེས་ཏག་ཏག་ལ་ཅང་སུའུ་ཏུང་ཝུའུ་རུ་ཁག་གི་གཞུང་ཕྱོགས་ནས་པོད་ཕྲན་བཏང་སྟེ་བཀའ་དྲིན་མཚོན་པ་དང་། རྗེས་ཕྱོགས་མཉམ་འབྲེལ་དང་བརྗེ་རེས་དང་མདུན་སྐྱོད་ཡག་པོ་བྱེད་པའི་རེ་བ་སྐུལ་འདུག
            ལྷ་ས་མ་འཇོག་གིས་འགྲན་སྐོར་དང་པོ་འགྲུབ་རྗེས། ཟླ་3པའི་ཚེས་17ཉིན་ཁུང་མེན་ཏུ་ལོག་ནས་ཟླ་3པའི་ཚེས་23ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3དང་ཕྱེད་ཀར་ཡུན་ནན་ཁུང་ལུའུ་དང་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་པ་ཁ་པའི་མཉམ་འགྲན་གྱི་འགྲན་སྐོར་གཉིས་པ་སྤེལ་བར་གྲ་སྒྲིག་བྱེད་ཀྱི་འདུག
རྩོམ་སྒྲིག་པ། སངས་སྐྱབས།