ཞོལ་འདོད་དཔལ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭས་བོད་མི་རིགས་ཀྱི་ལག་ཤེས་སྒྱུ་རྩལ་བསྐྱར་དར་ཡོང་བའི་ཕུགས་འདུན་ལ་འོད་སྣང་སྦྱིན།
སྤེལ་དུས 2019-03-28
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
འདི་ནི་ཞོལ་འདོད་དཔལ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭའི་འགྲེམ་སྟོན་ཁང་ཡིན།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “ཞོལ་འདོད་དཔལ་”ནི་བོད་ལྗོངས་ལག་ཤེས་སྒྱུ་རྩལ་དར་རྒྱས་ཆེ་བའི་དུས་སྐབས་སུ་གཞུང་གིས་ཁས་ལེན་པའི་ལས་ཁུངས་ཤིག་ཡིན་ཏེ། 1640ལོར་ཕོ་བྲང་པོ་ཏ་ལ་བསྐྱར་བཞེངས་གནང་དུས་སུ་བཙུགས་པ་དང་། དེ་ནི་དེ་སྔའི་རྩེའི་ཕོ་བྲང་གི་རྟེན་བཞེངས་ཁང་ཞེས་པ་དེ་ཡིན། དེ་ཡང་ཞོལ་འདོད་དཔལ་ཐོན་རྫས་ཞེས་སྐབས་དེའི་བོད་མི་རིགས་ཀྱི་ལག་ཤེས་རིག་གནས་ཀྱི་གྲུབ་འབྲས་རྩེ་གྲར་བརྩི་བཞིན་ཡོད།
2005ལོར་ཞོལ་འདོད་དཔལ་བོད་ལྗོངས་རིག་གནས་ཀྱི་སྤུས་ལེགས་པའི་ཟོང་རྟགས་གསར་བ་བཙུགས་ཤིང་། དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་། ཐོན་རྫས་ཐོན་སྐྱེད་དང་སྒྱུ་རྩལ་སློབ་སྦྱོང་། རིག་གཞུང་ཞིབ་འཇུག་བཅས་དཀྱུས་གཅིག་ཏུ་བྱས་པའི་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་སློབ་ཁྲིད་གནང་བའི་རྟེན་གཞི་བཙུགས་ཐོག 2010ལོར་ཞོལ་འདོད་དཔལ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་བཙུགས།
འདི་ནི་ཞོལ་འདོད་དཔལ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭའི་སློབ་མས་ཐང་ག་འབྲི་བའི་ཚུལ་ཡིན།
སློབ་གྲྭས་བཀོད་སྒྲིག་བྱས་པའི་ཆེད་ལས་ལ་ལྷ་རིས་ཐང་ག་འབྲི་བཞེངས་དང་ལྕགས་རིགས་སྐུ་བརྙན་ལུགས་རྒྱག ཤིང་བརྐོས། རྡོ་བརྐོས། བོད་ལུགས་ཁྱིམ་ཆས། བོད་ལུགས་རྫ་ཆས་ལག་རྩལ། བོད་སྤོས། བོད་ཤོག་བཟོ་བ། གྱོན་ཆས་འཐག་པ། གནའ་དཔེ་བསྐྱར་པར། མཐོང་ཚོར་བརྒྱུད་བསྒྲགས། འགུལ་རིས་སོགས་འདུས།
ད་ཆ་ཞོལ་འདོད་དཔལ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭས་སློབ་གཉེར་བྱེད་སྟངས་ཀྱིས་བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ལག་ཤེས་སྒྱུ་རྩལ་བསྐྱར་དར་གྱི་ཕུགས་འདུན་ལ་འོད་སྣང་སྦྱིན། སློབ་གྲྭ་བཙུགས་པ་ནས་བཟུང་ལོ་རེར་གསོ་སྦྱོང་འགྲོ་གྲོན་མ་དངུལ་སྒོར་ཁྲི་300ལྷག་དང་ཁྱོན་བསྡོམས་འགྲོ་གྲོན་མ་དངུལ་སྒོར་ཁྲི་2000ལྷག་བཏང་ཡོད། ཉེ་བའི་ལོ་ཤས་རིང་བོད་ཀྱི་ལག་ཤེས་བཟོ་རྩལ་ལ་བྱང་ཆུབ་པའི་སློབ་མ་600ལྷག་སྐྱེད་སྲིང་གནང་སྟེ་སྤྱི་ཚོགས་ཐོག་ནས་བྱ་གཞག་གཏོད་རྒྱུ་དང་ལས་ཞུགས་བྱས།
འདི་ནི་བོད་སྤོས་ཡིན།
མིག་སྔར་ཞོལ་འདོད་དཔལ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་ལ་བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་རིམ་པའི་དམངས་གཉེར་ལག་ཤེས་སྒྱུ་རྩལ་ཀུན་གྱིས་གསར་གཏོད་བྱེད་པའི་བར་སྟོང་དུ་ཆོག་མཆན་གནང་། ད་ལྟའི་བར་རིག་གནས་ཁེ་ལས་ཁྱོན་བསྡོམས་20བར་སྟོང་འདིར་ཞུགས་ཡོད་པས། ལས་རིགས་གཅིག་པའི་ཁེ་ལས་ཁག་གི་བར་ལ་འབྲེལ་འདྲིས་བྱེད་རྒྱུ་སྟབས་བདེ་ཧ་ཅང་ཆེན་པོ་བསྐྲུན་ཞིང་། དེས་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་ལས་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་བསྩལ་པ་དང་ཆབས་ཅིག སློབ་མའི་ལས་ཞུགས་ཀྱི་གོ་སྐབས་ཀྱང་བསྐྲུན་ཡོད་པ་རེད།
འདི་ནི་ཞོལ་འདོད་དཔལ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭའི་སློབ་མས་ཤིང་ལེབ་ཐོག་མ་ཎི་བརྐོ་བའི་ཚུལ་ཡིན།
ཞོལ་འདོད་དཔལ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་བཙུགས་པ་ནས་བཟུང་སྤྱི་ཚོགས་ཁེ་ལས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཡོད་དེ། སྐྱེད་བསྲིང་གཙོ་བོ་འཛིན་པ་རྒྱུན་འཁྱོངས་དང་ལོ་ངོ་མང་པོའི་སློབ་ཁྲིད་གྲུབ་འབྲས་དེ་བོད་རིགས་ལག་ཤེས་སྒྱུ་རྩལ་རྒྱུན་འཛིན་ཐོན་ལས་ཅན་དུ་བསྒྱུར་བའི་འཕེལ་རྒྱས་བསམ་བློར་ཟུང་འབྲེལ་གྱིས་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་གནད་ཁེལ་དབུལ་སྐྱོད་ལམ་དུ་ཞུགས།
2009ལོ་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་སྒྱུ་རྩལ་སློབ་གསོའི་ཐོན་ཁུངས་གཞི་བྱས་ནས་ལྷ་སའི་མཐའ་འཁོར་གྱི་དབུལ་ཕོངས་ཞིང་འབྲོག་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་སོགས་ཉམ་ཆུང་ནུས་མེད་རིགས་ཀྱི་ན་གཞོན་རྣམས་ལ་རིན་པ་མི་ལེན་པར་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་ཐད་ཡང་བསྐྱར་ལས་ཞུགས་བྱེད་པར་གསོ་སྦྱོང་བྱས། དེ་ལས་གཞོན་ནུ་རྣམས་ལ་ལག་རྩལ་རྒྱུད་ལ་འབྱོར་དུ་བཅུག་སྟེ་རང་ཁ་འཕྱིད་པའི་དུས་མཚུངས་སུ་བོད་རིགས་ཀྱི་སྲོལ་རྒྱུན་རིགས་གནས་ཕུལ་དུ་བྱུང་བ་རྣམས་རྒྱུན་འཛིན་དང་དར་སྤེལ་བྱས་པ་རེད།