ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་རྫོང་རྒྱབ་ཀླུ་ཁང་དུ་“3.28”དྲན་གསོ་བྱེད་པའི་རིག་རྩལ་འཁྲབ་སྟོན་བྱས།

སྤེལ་དུས 2019-03-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་3པའི་ཚེས་28ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་རིག་གནས་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་གཉེར་བྱས་ཤིང་། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་(ལྗོངས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས)གིས་འགན་འཁུར་ནས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་འཁོར་60འཁོར་བར་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་དུ་རིག་རྩལ་འཁྲབ་སྟོན་བྱས་ཏེ་སྤྲོ་སེམས་འཁོར་བའི་ངང་ནས་རྟེན་འབྲེལ་ཞུས།
          འཁྲབ་སྟོན་ཡུལ་དངོས་སུ། ལྟད་མོ་བལྟ་མཁན་གྱི་གྲོང་མི་དང་ཡུལ་སྐོར་བ་དག་གིས་དུས་རྒྱུན་སྐོར་བྲོ་ལྡིང་བའི་བྲོ་ར་དེ་ཕྱི་ནང་ཁེངས་པར་བྱས། ལོ་ཆུང་ཁ་ཤས་ཀྱིས་གར་སྟེགས་སྟེང་གི་འཁྲབ་སྟོན་མཐོང་ཆེད་རྐང་རྩེ་གྱེན་ལ་གཏོད་ཅིང་ལག་པ་མཐོན་པོར་བཀྱགས་ནས་ཁ་པར་ནང་དུ་གཟུགས་བརྙན་ལེན་བཞིན་འདུག
          ཉིན་དེར་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་སྒྱུ་རྩལ་ཚོགས་པ་དང་བོད་ལྗོངས་ཧལ་ཧ་ཆུས་སྒྱུ་རྩལ་ཁང་།  བོད་རང་སྐྱོང་ལྗོངས་ལས་བྱེད་རྒན་གྲས་ཅུས་རིག་རྩལ་ཚོགས་པ། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་སྒྱུ་རྩལ་ཚོགས་པ་སོགས་ཀྱི་འཁྲབ་སྟོན་པ་བརྒྱ་ལྷག་ཡུལ་དངོས་འདིར་ཕེབས་ནས། མང་ཚོགས་རྣམས་ཀྱི་སྤྱན་སྔར་ཐང་ཆེན་ཞབས་བྲོ་དང་ཁ་ཤགས། ཨ་ཅེ་ལྷ་མོ། སྒོར་གཞས་སོགས་རིག་རྩལ་ལེ་ཚན་12ཕུལ།
          བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་འགོ་ཁྲིད་དང་ལྗོངས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། རིག་རྩལ་འཁྲབ་སྟོན་འདི་དག་ཟླ་གསུམ་པའི་ཟླ་མགོ་ནས་གྲ་སྒྲིག་བྱས་པ་ཡིན་ཞིང་། དེ་རིང་འཁྲབ་སྟོན་བྱས་པའི་ལེ་ཚན་ཚང་མ་མི་རྣམས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་སྟེ། དཔེར་ན་“ཁ་ཤགས《དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད》ལྟ་བུར་མཚོན་ན་དེང་སྐབས་ཀྱི་བོད་ལྗོངས་གཉིས་གཏོད་བྱེད་པའི་ཚ་རླབས་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། དེ་མིན་ཐང་ཆེན་ཞབས་བྲོ《མཛེས་པའི་བོད་ལྗོངས། ཡིད་དུ་འོང་བའི་ཕ་ཡུལ》ཞེས་པ་དང་ཕོ་མོའི་མཉམ་བྲོ《བདེ་སྐྱིད་ཀྱི་སྒོར་གཞས》ཞེས་པ་སོགས་གླུ་གར་འདི་དག་ཚང་མ་བོད་ལྗོངས་ཀྱི་མང་ཚོགས་ལ་ཧ་ཅང་རྒྱུས་མངའ་ཆེ།  འཁྲབ་སྟོན་མཇུག་རྫོགས་སྐབས་ཀྱི་ལྷ་མོའི་ཟློས་གར་དང་གདོད་མའི་རྣམ་པའི་གླུ་གར་《པད་རྣམ་སྟོད་གཞས》གཉིས་ཀྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་ལོ་ངོ་60རིང་གི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཕྱོགས་ལ་གྲུབ་འབྲས་རླབས་ཆེན་བླངས་ཡོད་པ་མཚོན་པར་བྱས་ཡོད། 
འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་རྣམས་ཀྱིས་ལྷ་མོ་ཟློས་གར《བཀྲ་ཤིས་བཀྲ་ལ་ཤིས་པ་ཤོག》འཁྲབ་སྟོན་བྱེད་བཞིན་པའི་ཚུལ་ཡིན།
འདི་ནི་འཁྲབ་སྟོན་པ་རྣམས་ཀྱིས་འཁྲབ་སྟོན་བྱེད་པར་སྒུག་བཞིན་པ།
འདི་ནི་འཁྲབ་སྟོན་བྱེད་པའི་ཡུལ་དངོས།
འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་རྣམས་ཀྱིས་ལྷ་མོ་ཟློས་གར《བཀྲ་ཤིས་བཀྲ་ལ་ཤིས་པ་ཤོག》འཁྲབ་སྟོན་བྱེད་བཞིན་པའི་ཚུལ་ཡིན།
འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་རྣམས་ཀྱིས་ལྷ་མོ་ཟློས་གར《བཀྲ་ཤིས་བཀྲ་ལ་ཤིས་པ་ཤོག》འཁྲབ་སྟོན་བྱེད་བཞིན་པའི་ཚུལ་ཡིན།