ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དམངས་གཙོའི་བཅོས་སྒྱུར་ནི་བོད་མི་དམངས་ཀྱིས་ཆེས་རྟེན་འབྲེལ་ཞུ་འོས་པའི་ཉིན་མོ་ཞིག་རེད་ཅེས་བསྟན་པ།

སྤེལ་དུས 2019-04-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས“ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང་།——བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60འཁོར་བའི་དམིགས་བསལ་འགྲེམས་སྟོན།”ལ་གཟིགས་སྐོར་གནང་བཞིན་པ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་4པའི་ཚེས་10ཉིན། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས“ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང་།——བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60འཁོར་བའི་དམིགས་བསལ་འགྲེམས་སྟོན།”ལ་གཟིགས་སྐོར་གནང་སྐབས་དམངས་གཙོའི་བཅོས་སྒྱུར་ནི་བོད་མི་དམངས་ཀྱིས་ཆེས་རྟེན་འབྲེལ་ཞུ་འོས་པའི་ཉིན་མོ་ཞིག་རེད་ཅེས་བསྟན། 
            པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་གསུངས་དོན།  སྤྱི་ཁྱབ་ཧྲུའུ་ཅིས་2015ལོའི་ཟླ་6པའི་ཚེས་10ཉིན་མཛའ་བརྩེའི་ངང་ངའི་མཇལ་ཞུ་དང་ལེན་གནང་སྐབས།  ཆེད་དུ་ང་ལ་ལོ་རྒྱུས་ལ་སློབ་སྦྱོང་ཡག་པོ་བྱེད་དགོས། ལོ་རྒྱུས་ཀྱི་གཏན་ཚིགས་ ཤེས་རྟོགས་དང་ལོ་རྒྱུས་ཀྱི་ཆོས་ཉིད་ངོས་ཟིན་བྱས་པ་ཁོ་ནས་ད་གཟོད་དངོས་ཡོད་དང་མ་འོངས་པར་ཁ་ལོ་བསྒྱུར་ཐུབ་པ་དང་།   རང་གི་འགྲོ་ལམ་འཕྱུགས་མི་སྲིད་ལ་ཁ་ཕྱོགས་ཀྱི་གདམ་ཀའང་ནོར་མི་སྲིད།   དེ་རིང་གི་ཡོད་ཚད་ནི་སྟེས་དབང་གིས་བྱུང་བ་ཞིག་མ་ཡིན་པར།  རྒྱུ་རྐྱེན་སྣ་ཚོགས་པ་ལས་གྲུབ་པ་དང་།  དེ་ལ་ཆོས་ཉིད་ཀྱི་རང་བཞིན་ངེས་ཅན་ལྡན།  ཆོས་ཉིད་འདི་དག་གི་རང་བཞིན་ཤེས་རྟོགས་བྱུང་ན་ད་གཟོད་མ་འོངས་པའི་འཁོར་ཕྱོགས་ཇི་ལྟ་བུ་ཞིག་ཡིན་པ་ཤེས་ཐུབ་ཅེས་སྤྱི་ཁྱབ་ཧྲུའུ་ཅིས་ང་ལ་ཆེད་དུ་གདམས་པ་དེ་ངས་ཡིད་ལ་དམ་པོར་བཟུང་ཡོད་ཅེས་གསུངས། 
            པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་གསུངས་དོན།   འབྲེལ་ཡོད་སྡེ་ཁག་གིས་ངའི་སློབ་སྦྱོང་ལ་ཧ་ཅང་ཐུགས་ཁུར་དང་མཐོང་ཆེན་བྱེད་པར་མ་ཟད།  ང་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་འཚམས་འདྲིར་འགྲོ་བ་དང་། དེ་མིན་བོད་ཁུལ་དང་རིམ་པ་སོ་སོའི་མི་རྣམས་དང་རྒྱ་ཆེའི་དད་ལྡན་མང་ཚོགས་དང་འབྲེལ་བ་བྱེད་པ་སོགས་བཀོད་སྒྲིག་བྱས་པས།  ལོ་འདི་དག་གི་རིང་ལ་ངས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག  དེ་མིན་འཛུགས་སྐྲུན་གྱི་གྲུབ་འབྲས་བཅས་ལ་ངེས་ཤེས་ཟབ་མོ་ཐོབ།  ང་ནི་ལོ་རབས་90པར་སྐྱེས་པ་ཡིན་ལ།  ད་དུང་མུ་མཐུད་དུ་ཤེས་རྟོགས་དང་སློབ་སྦྱོར་བྱེད་དགོས་ཅེས་གསུངས།