ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གཞིས་རྩེ་གྲོང་ཁྱེར་གྱི་སློབ་ཆུང་གིས་བེད་མེད་འགྱིག་འཁོར་ཟུར་འཇོག་བྱས་པའི་ཁྲོད་ཀྱི་ཤེས་དཔལ་གྱི་བསྡུས་གཟུགས།

སྤེལ་དུས 2019-05-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
འདི་ནི་གཞིས་རྩེ་གྲོང་ཁྱེར་སློབ་ཆུང་རེད།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སློབ་ཆུང་དུ་བསྐྱོད་ཚེ་མིག་མདུན་དུ་མངོན་ཡོང་བ་ནི་སྡོང་ཕྲུག་འོག་གི་བེད་མེད་ཟུར་འཇོག་བྱས་པའི་འཁོར་ལོའི་རིགས་ཡིན་ཞིང་།  འཁོར་ལོ་དེ་རིགས་ཀྱིས་ཐང་ཆེན་ལ་བསྐོར་བརྒྱབ་ཡོད།
འདི་ནི་གཞིས་རྩེ་གྲོང་ཁྱེར་སློབ་ཆུང་གི་ཟུར་ཞིག་རེད།
             གཞིས་རྩེ་གྲོང་ཁྱེར་སློབ་ཆུང་གི་སློབ་གཙོ་གཞོན་པ་ལྷག་པ་བུ་ཁྲིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། འདི་ནི་སློབ་གྲྭའི་མཐའ་འཁོར་གྱི་རླངས་འཁོར་ཞིག་གསོ་བཟོ་གྲྭ་ནས་བསྡུ་ཉོ་བྱས་པ་ཡིན་ཞིང་། དེས་ཕྱོགས་གཅིག་ནས་སློབ་མ་རྣམས་ཐང་ལ་འགྱེལ་བར་འགོག་པ་དང་། ཕྱོགས་གཞན་ཞིག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་བརྒྱུད་བསྒྲགས་བྱས་ཏེ། བྱིས་པ་རྣམས་རང་ཉིད་ཀྱི་གོམས་ལོབས་སུ་གྱུར་པའི་མཐོང་ཐོས་ཀྱི་འོག་ལྗང་མདོག་ཁོར་སྲུང་དཔལ་ཡོན་གྱི་འཚོ་བའི་གོམས་གཤིས་ཆགས་སུ་འཇུག་རྒྱུ་དེ་ཡིན།
འདི་ནི་གཞིས་རྩེ་གྲོང་ཁྱེར་སློབ་ཆུང་གི་ཟུར་ཞིག་རེད།
             ཞིབ་ཕྲའི་ཁྲོད་ནས་ཤེས་དཔལ་གྱི་རང་མདངས་མངོན་ཞིང་། སློབ་མ་ལྟེ་བ་བྱ་རྒྱུ་ནི་སློབ་གྲྭའི་འཕེལ་རྒྱས་ཀྱི་འདུ་ཤེས་ཡིན་པ་དང་། སློབ་མར་ཤེས་དཔལ་གྱི་འཚོ་བའི་གོམས་གཤིས་ཆགས་སུ་འཇུག་རྒྱུ་ནི་སློབ་གྲྭའི་གནའ་ནས་ད་ལྟའི་བར་གྱི་རེ་སྙེག་ཀྱང་ཡིན། དེ་ལས་གཞན། སློབ་གྲྭས་སྤྱི་ཕན་ཁྱབ་བསྒྲགས་བར་ཁྱམས་དེ་རིན་མེད་ཀྱིས་སྤྱི་ཚོགས་ཡོངས་སུ་ལྟ་སྐོར་བྱེད་པར་ཁ་གཏད་དེ། ཧུར་ཐག་སྒོས་སྤྱི་ཕན་ཤེས་དཔལ་སྣ་ཚོགས་བརྒྱུད་བསྒྲགས་བྱས། 
འདི་ནི་གཞིས་རྩེ་གྲོང་ཁྱེར་སློབ་ཆུང་གི་ཟུར་ཞིག་རེད།
             2017ལོའི་ཟླ12པར། ཀྲུང་དབྱང་ཤེས་དཔལ་གཞུང་སྒྲུབ་ཁང་གིས་གཞིས་རྩེ་གྲོང་ཁྱེར་སློབ་ཆུང་རྒྱལ་ཡོངས་ཤེས་དཔལ་སློབ་ར་ཡིན་པར་ཁྱབ་བསྒྲགས་བྱས་ཤིང་། གཞིས་རྩེ་གྲོང་ཁྱེར་སློབ་ཆུང་གི་སློབ་གཙོ་བཀྲ་ཤིས་བསོད་ནམས་ཀྱིས་བསྟན་དོན། ལྗིད་ཏིག་ཏིག་གི་ཐུན་མོང་གི་གཟི་བརྗིད་འདིས་སློབ་གྲྭའི་སྤྱི་ཡོངས་ཀྱི་སློབ་གསོ་དང་དོ་དམ་གྱི་འཕེལ་རྒྱས་ཆུ་ཚད་མངོན་ཆོག་པར་མ་ཟད། དེ་བས་ཀྱང་གཞིས་རྩེ་གྲོང་ཁྱེར་གྱི་སློབ་གསོའི་འཕེལ་འགྱུར་གྱི་བསྡུས་གཟུགས་ཤིག་ཡིན་ཞེས་བཤད།
གཞིས་རྩེ་གྲོང་ཁྱེར་སློབ་ཆུང་གིས་ད་རུང་སློབ་རྭའི་ཤེས་དཔལ་གྱི་བརྗོད་དོན་དེ་དགེ་སློབ་རེ་རེའི་ངེས་སྦྱོང་སློབ་ཁྲིད་བྱས་ཏེ། སློབ་གྲྭའི་སྒོ་ཆེན་དུ་བསྐྱོད་པའི་མི་སོ་སོས་གཟུགས་མེད་ཀྱི་ཁྲོད་ནས་ཤེས་དཔལ་གྱི་ཕོ་ཉ་འཁྲབ་ནས་ཤེས་དཔལ་སློབ་ར་གསར་གཏོད་བྱས་ཏེ་ཁྱིམ་ཚང་སྟོང་ཕྲག་མང་པོར་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅིང་། གཞིས་རྩེ་གྲོང་ཁྱེར་ཤེས་དཔལ་གྲོང་ཁྱེར་དུ་གསར་གཏོད་བྱ་བར་བྱས་རྗེས་ཆེན་པོ་འཇོག་གིན་ཡོད།
འདི་ནི་གཞིས་རྩེ་གྲོང་ཁྱེར་སློབ་ཆུང་གི་སློབ་ཁྲིད་ཐོག་ཁང་རེད།
             བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས2016ལོ་ནས་བཟུང“གྲོང་ཁྱེར་དྲུག་མཉམ་སྐྲུན”བྱེད་པའི་མགོ་ཚུགས་པ་ནས་བཟུང་། ལས་ཁུངས་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཧུར་ཐག་སྒོས་ནང་དུ་ཞུགས་ཏེ་གྲོང་ཁྱེར་གཏོད་པའི་ལས་འགན་ཁག་གཏན་འཁེལ་བྱས་པའི་དམིགས་ཚད་ལྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། མིག་སྔར་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་ཧུར་ཐག་སྒོས་གསར་སྐྲུན་བྱེད་བཞིན་ཡོད་ཅིང་། གཞིས་རྩེ་གྲོང་ཁྱེར་སློབ་ཆུང་མཚོན་བྱེད་དུ་བྱས་པའི་སློབ་གྲྭའི་ཤེས་དཔལ་འཛུགས་སྐྱོང་དེ་གཞིས་རྩེ་གྲོང་ཁྱེར་གྱི“གྲོང་ཁྱེར་དྲུག་མཉམ་གཏོད”ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།