ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཁྱད་ཆོས་འབུར་དུ་ཐོན་པའི་པདྨའི་གངས་ལྗོངས་བོད་ཇ།

སྤེལ་དུས 2019-08-12 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། རིན་ཆེན།

པདྨའི་གངས་ལྗོངས་བོད་ཇ།
          ཀྲུང་གོའི་བོད་ལྗོངས་དྲ་བ། པདྨ་རྫོང་ནི་སི་ཁྲོན་ནུབ་ཕྱོགས་ཀྱི་ནགས་ཚལ་ས་ཁུལ་དང་མཚོ་བོད་མཐོ་སྒང་གི་འདྲེས་མཚམས་སུ་ཆགས་ཡོད་ལ། མཚོ་ངོས་ལས་ཆེས་མཐོ་བའི་ཚད་སྨི་5047ཡོད་པ་དང་། ཆར་ཆུ་འབབ་ཚད་ཧའོ་སྨི་834ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད་3.2℃བཅས་ཡིན། མངའ་ཁོངས་སུ་རྒྱལ་ཡོངས་ཀྱི་མཚོ་ངོས་ལས་ཆེས་མཐོ་བའི་མཚོ་སྔོན་ཞིང་ཆེན་གྱི་གཞི་རྒྱ་ཆེས་ཆེ་བའི་གདོད་མའི་ནགས་ཚལ་ཡོད་པ་དང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགོ་ཁུངས་ཏེ། སྨར་ཁོག་གཙང་བོའི་བཞུར་རྒྱུན་ནི་གཡུ་འབྲུག་སྔོན་མོའི་འཁྱུག་རྩལ་ཇི་བཞིན་གདོད་མའི་ནགས་ཁུལ་བརྒྱན་པར་བྱས་ཡོད།

པདྨའི་གངས་ལྗོངས་བོད་ཇ།

པདྨའི་གངས་ལྗོངས་བོད་ཇ།
          པདྨའི་གངས་ལྗོངས་བོད་ཇ་ནི་མཚོ་ངོས་ལས་མཐོ་ཚད་སྨི་3200དང་3600བར་གྱི་གདོད་མའི་ནགས་ཚལ་དང་རི་ལུང་ས་ཁུལ་དུ་སྐྱེས་པ་ཞིག་ཡིན་ལ། རི་སྐྱེས་ཧའེ་ཐང་ཤིང་སྡོང་དང་པན་ཡེ་ཧའེ་ཐང་ཤིང་སྡོང་གཉིས་ཀྱི་ལོ་མ་གསར་བ་ལས་ཐོན་པ་ཞིག་ཡིན། ས་བབ་མཐོ་བ་དང་བཙོག་བཟོ་མེད་པ། ཉི་འོད་འཛོམས་པོ་ཡོད་པ། དྲོད་ཚད་སྙོམས་པ་བཅས་ཀྱི་དབང་གིས་རྩི་ཤིང་རང་སྟེང་དུ་ཚད་མཐོ་བའི་འཚོ་བཅུད་ཀྱི་གྲུབ་ཆ་འཛོམས་པོ་ཡོད་པ་དང་ཤུགས་ཆེ་བའི་སྐྱེ་དངོས་ཀྱི་གསོན་ཤུགས་རང་བཞིན་ལྡན་པའི་ཤིང་སྡོང་ཞིག་ཡིན་པ་ལས་གཞན། ཇ་ཏའོ་ཧྥུན་དང་སི། འཚོ་བཅུད་c། ལའེ་ཧོང་ཐཱང་བཅས་ཀྱི་ཤུགས་ཆེ་བའི་འཚོ་བཅུད་ལྡན་པའི་གཞི་རྒྱུ་ཕུན་སུམ་ཚོགས་པ་ཡོད། བོད་སྨན་རིག་པའི་སྨན་གཞུང་སྟེ《རྒྱུད་བཞི》དང་《དངོས་བཀོལ་བོད་སྨན་མིང་མཛོད་》དུ་འཁོལ་ཡོད་པ་ལྟར་ན། དུག་སེལ་དང་ཚ་བ་འཇོམས་པ། སྐྲངས་ནད་སྣ་ཚོགས་ལ་ཧ་ཅང་ཕན་ནུས་ལྡན་པ་མ་ཟད། ལྷག་པར་དུ་ཚད་ནད་དང་ཟས་མི་འཇུ་བའི་ནད་རིག་སྣ་ཚོགས་ལ་ཕན་པ་དང་། གཞན་ད་དུང་ཁྲག་ཤེད་མར་ཆག་པ། ཁྲག་སྤྲི་མར་ཆག་པ། ཁྲག་གི་མངར་ཆ་མར་ཆག་པའི་ནུས་པ་ཡང་ལྡན་ནོ།།

པདྨའི་གངས་ལྗོངས་བོད་ཇ།
པདྨའི་གངས་ལྗོངས་བོད་ཇ།
            མིག་སྔར་པདྨ་རྫོང་གིས་གངས་ལྗོངས་བོད་ཇའི་ཐོན་རྫས་ལས་སྣོན་དང་སྡོང་ཕྲུག་གསོ་སྐྱོང་།  རྨོ་འདེབས་ཚོད་ལྟ། ཚན་རིག་ཞིབ་འཇུག་གསོ་སྦྱོང་བཅས་གཅིག་བསྡུས་བྱས་པའི་མཚོ་སྔོན་གྱི་བོད་ཇའི་ཐོན་ལས་ར་བ་བཙུགས་ཡོད་ལ།  བོད་ཇ་ཐོན་ལས་ནི་པདྨའི་སྨར་ཁོག་གཙང་བོའི་འགྲམ་རྒྱུད་ཀྱི་རོང་འབྲོག་མང་ཚོགས་ལ་དབུལ་སེལ་ཕྱུག་སྒྱུར་བྱེད་པའི་ཐོན་ལས་གཙོ་བོར་གྱུར་ཡོད།
པདྨའི་གངས་ལྗོངས་བོད་ཇ།
            2018ལོའི་སྐབས་ལྔ་བའི་ཀྲུང་གོ(ཏུང་པེ་ཡ)ནགས་ཚལ་འགྲེམ་སྟོན་ཚོགས་འདུའི་སྟེང་པདྨ་རྫོང་གི་གངས་ལྗོངས་བོད་ཇ་ཐོན་ལས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སི་གདན་ཞུ་ལྟར་ཐེངས་འདིའི་འགྲེམ་སྟོན་ཚོགས་འདུ་ལ་ཞུགས་པ་མ་ཟད། འགྲན་སྟོན་ནས་མདོག་གསུམ་འདབ་བརྒྱད་གངས་ལྗོངས་བོད་ཇ་ལ་ཐེངས་འདིའི་ཇ་རིགས་ཁྲོད་གསེར་གྱི་རྟགས་མའི་བྱ་དགའ་ཡང་ཐོབ་མྱོང་།