ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་སས་སྒོར་ཕྱེ་བ5བཏང་ནས་འགྲིམ་འགྲུལ་ཞིག་གསོ་བྱ་རྒྱུ་རེད།

སྤེལ་དུས 2019-08-23 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ།
        2019ལོའི་ལྷ་ས་གྲོང་ཁྱེར་སྲིད་གཞུང་ལས་དོན་སྙན་སྒྲོན་ནང་བསྟན་དོན། ཆེད་སྤྱོད་མ་དངུལ་སྒོར་ཁྲི་5000བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་ཕྱོགས་བསྡུས་བཅོས་སྒྲིག་གི་གཅིག་ལྔའི་འདུ་འགོད་ལས་གྲྭ་ལག་བསྟར་བྱས་པ་དང་བསྟུན་ནས། གྲོང་ཁྱེར་གྱི་འགྲིམ་འགྲུལ་འགག་པའི་གནས་ཚུལ་དང་རླངས་འཁོར་འཇོག་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་བར་ཧུར་ཐག་བྱས་པ་དང་། གྲོང་ཁུལ་རྙིང་པའི་འགྲིམ་འགྲུལ་ཁ་གཏོར་འགྲེམ་ཤུགས་ཆེ་རུ་གཏོང་བ། འགྲོ་ལམ་གཙོ་བོའི་སྤྱི་འཁོར་ཆེད་སྤྱོད་ལམ་ཇེ་ལེགས་སུ་གཏོང་བ། གྲོང་ཁུལ་དུ་རླངས་འཁོར་འཇོག་ས་1000མང་དུ་གཏོང་བ། དུས་བཀག་ལྟར་ལམ་ཟུར་དུ་རླངས་འཁོར་འཇོག་ས་1000མང་དུ་གཏོང་བ་བཅས་བྱ་རྒྱུ་ཡིན་པར་བཀོད་ཡོད།


རིག་ལྡན་འགྲིམ་འགྲུལ། ལྗང་མདོག་འགྲོ་འོང་།

        ཉེ་བའི་ལོ་འགའི་ནང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་འགྲིམ་འགྲུལ་དོ་དམ་ཕྱོགས་བསྡུས་བཀོད་འདོམས་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། འགྲོ་ལམ་དྲ་བའི་འཁོར་རྒྱུག་ལས་ཆོད་ཆེ་རུ་བཏང་ཡོད། གཞན་ཡང་། ས་ཁོངས་དང་དུས་མཚམས་དགར་ནས་ལྟེ་བའི་གྲོང་ཁུལ་གྱི་ལམ་མདོའི་བརྡ་རྟགས་ཀྱི་དུས་ཚོད་ལུགས་མཐུན་བཀོད་སྒྲིག་བྱས་ཏེ། ལམ་མདོའི་འཁོར་རྒྱུག་ལས་ཆོད་ཆེ་རུ་བཏང་བ་དང་། རིག་ནུས་བརྡ་རྟགས་མ་ལག་རིམ་བཞིན་སྤྱད་ནས་ལམ་མདོའི་བརྡ་རྟགས་ཀྱི་རང་འགུལ་ཚོད་འཛིན་ཆུ་ཚད་མཐོ་རུ་བཏང་ཡོད།

        གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱས་པར། མིག་སྔར་ལྷ་ས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཅང་སུའུ་ལམ་དང་། པེ་ཅིང་ལམ། བརྒྱད་གཅིག་ལམ་སོགས་སྤྱི་འཁོར་ཆེད་སྤྱོད་ལམ་བུའི་རྒྱུད་དུ་གློག་རྡུལ་ཉེན་རྟོག་པའི་པར་རྒྱག་མ་ལག་སྒྲིག་སྦྱོར་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁུལ་དུ་ལམ་མདོ་75ལ་གློག་རྡུལ་ཉེན་རྟོག་པའི་པར་རྒྱག་མ་ལག་སྒྲིག་སྦྱོར་བྱས་པ་དང་། གློག་རྡུལ་ཉེན་རྟོག་པའི་དམིགས་བསལ་པར་རྒྱག་མ་ལག་ཀྱང་གསར་དུ་སྒྲིག་སྦྱོར་བྱས་ཡོད། སྤྱི་འཁོར་ཆེད་སྤྱོད་ལམ་བུའི་རྒྱུད་དུ་སྤྱི་ཚོགས་རླངས་འཁོར་གྱིས་སྤྱི་འཁོར་ཆེད་སྤྱོད་ལམ་བུ་བཟུང་བའི་པར་རྒྱག་མ་ལག་63དང་། ཁྲིམས་འགལ་འཁོར་འཇོག་གི་པར་རྒྱག་མ་ལག་64སྒྲིག་སྦྱོར་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། རྡོ་རྗེ།