དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཚན་ཞིབ་མི་སྣས་བོད་ལྗོངས་མེ་ཏོག་ནས་བྷང་ག་ལའི་སྟག་པར་བླངས་པ།

སྤེལ་དུས 2019-09-11 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

        ཟླ་8ཚེས་6ཉིན། ཀྲུང་གོའི་ཚན་རིག་སློབ་གླིང་ཁུན་མིང་སྲོག་ཆགས་ཞིབ་འཇུག་སའོ་ཡིས་ཚེས་6ཉིན་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་དོན། སའོ་དེའི་ཚན་ཞིབ་མི་སྣས་བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་ནང་ཁོངས་སུ་བཀོད་སྒྲིག་བྱས་པའི་དམར་ཕྱིའི་པར་ཆས་ཀྱིས་ཐེངས་དང་པོར་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཏེ་བྷང་ག་ལའི་སྟག་པར་བླངས་ཡོད། ཚན་ཞིབ་མི་སྣས་བལྟས་ན། མིག་སྔའི་མེ་ཏོག་རྫོང་གི་སྐྱེ་ཁམས་ཁོར་ཡུག་ཏུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཏེ་བྷང་ག་ལའི་སྟག་རིགས་འཚོ་གནས་དང་སྐྱེ་འཕེལ་བྱ་ཐུབ་པས། བོད་ལྗོངས་ཀྱི་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་དང་སྲོག་ཆགས་སྣ་མང་རང་བཞིན་གྱི་ལས་ཀ་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་མཚོན་ཡོད།
        ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ཆོག་མཆན་སྤྲད་ཅིང་རྒྱབ་སྐྱོར་བྱས་པ་དང་། དེ་བཞིན་དུ་ཉིང་ཁྲི་གྲོང་ཁྱེར། མེ་ཏོག་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་རོགས་སྐྱོར་འོག 2018ལོའི་ཟླ་10པ་ནས་བཟུང་། ཀྲུང་གོའི་ཚན་རིག་སློབ་གླིང་ཁུན་མིང་སྲོག་ཆགས་ཞིབ་འཇུག་སའོ་ཡི་གཅན་གཟན་སྐྱེ་ཁམས་དང་འཕེལ་འགྱུར་རིག་ཚན་ཚོ་ཆུང་གི་ཞིབ་འཇུག་པ་གཞོན་པ་ལི་ཞའེ་ཡིའུ་ཡིས་རུ་ཁག་ཁྲིད་དེ། མེ་ཏོག་རྫོང་ནང་ཁོངས་སུ་འོ་འཐུང་སྲོག་ཆགས་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྐས་རིམ་ལྟར་དམར་ཕྱིའི་པར་ཆས་48བཀོད་སྒྲིག་བྱས་ནས། བརྟག་དཔྱད་ཞིབ་ཆས་བརྒྱུད་དེ་མེ་ཏོག་རྫོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྩ་ཆེན་གྱི་སྣ་མང་རང་བཞིན་དང་དེའི་ཁྱབ་ཚུལ་ལ་བརྟག་དཔྱད་ཞིབ་བཤེར་བྱས།

        མེ་ཏོག་རྫོང་ནི་བོད་ལྗོངས་ཤར་ལྷོའི་རྒྱུད་ཀྱི་ཡར་ཀླུང་གཙང་པོའི་གྲོག་རོང་ཁུལ་དུ་ཆགས་ཡོད་ཅིང་། དེ་ནི་རང་རྒྱལ་གྱི་གཞུང་ལམ་ཤར་གཏོང་བྱུང་བའི་རྫོང་ཆེས་མཐའ་མ་དེ་རེད། འགྲིམ་འགྲུལ་ཆ་རྐྱེན་གྱིས་ཚོད་འཛིན་ཐེབས་པས། མེ་ཏོག་གི་ས་ཆ་མང་ཤོས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་མིས་གནོད་འཚེ་ཐེབས་པ་ཉུང་ཞིང་། སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་ཉར་ཚགས་ཡང་དག་བྱས་ཡོད། ཉེ་བའི་ལོ་འགའི་རིང་། གྲོང་མིས་རྫོང་ནང་ཁོངས་ནས་སྟག་གི་རྐང་རྗེས་དང་འདྲ་བོ་ཞིག་མཐོང་བ་བཤད། ཡིན་ནའང་། བྷང་ག་ལའི་སྟག་རང་རྒྱལ་བོད་ལྗོངས་ཤར་ལྷོ་རྒྱུད་ཀྱི་རང་བྱུང་ཁོར་ཡུག་ཏུ་འགྲོ་འོང་བྱེད་པར་བདེན་དཔང་ཡང་དག་ཅིག་བྱུང་མེད།
        ལི་ཞའེ་ཡུའེ་ཡིས་ངོ་སྤྲོད་བྱས་དོན། ཐེངས་འདིར་སྤྱི་བསྒྲགས་བྱས་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཏེ་བྷང་ག་ལའི་སྟག་གི་འདྲ་པར་ནི་ད་ལོའི་ཟླ་1པོར་བླངས་ཤིང་། ཟླ་4པར་དམར་ཕྱིའི་པར་ཆས་ཕྱིར་བསྡུ་སྐབས་སུ་ཤེས་རྟོགས་བྱུང་བ་རེད། འདི་ཡིས་རང་རྒྱལ་མངའ་ཁོངས་ཀྱི་གདོད་མའི་ཁོར་ཡུག་ཏུ་བྷང་ག་ལའི་སྟག་ཡོད་པ་ཐད་ཀར་བདེན་དཔང་གྲུབ་པ་རེད། གཞན་ཡང་། དམར་ཕྱིའི་པར་ཆས་ཀྱིས་གཟིག་དང་། བྱི་ལ་སོགས་སྲོག་ཆགས་རྩ་ཆེན་14དང་ཚར་ལ་ཉེ་བའི་གཅན་གཟན་ཐོ་འགོད་བྱས་ཡོད། ཕུན་སུམ་ཚོགས་པའི་རྨིག་གཉིས་རིགས་ཀྱི་སྲོག་ཆགས་གཞི་གྲངས་ཀྱིས་མེ་ཏོག་རྫོང་གི་སྐྱེ་ཁམས་ཁོར་ཡུག་བཟང་པོ་ཡོད་ཅིང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཏེ་བྷང་ག་ལའི་སྟག་རིགས་དང་དེ་བཞིན་དུ་གཅན་གཟན་རིགས་གཞན་འཚོ་གནས་དང་སྐྱེ་འཕེལ་བྱེད་ཐུབ་ཀྱི་ཡོད་པ་མཚོན།
རྩོམ་སྒྲིག་པ། རྡོ་རྗེ།