བརྗིད་ཆེའི་ལོ་ངོ་70གངས་ལྗོངས་ཀྱི་བསྟོད་གླུ།
སྤེལ་དུས 2019-09-25
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ།
འདི་ནི་2019ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཟླ་9ཚེས་23ཉིན་གྱི་སྔ་དྲོ། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་གཉིས་པའི་བོད་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་ཆུ་ཤུར་རྫོང་གི་ཕུལ་བྱུང་གི་ཆེད་ལས་གསར་པ་བཅུའི་ཞིང་འབྲོག་པའི་འཐུས་མི་དང་སྔོ་ཚལ་འདེབས་འཛུགས་ཀྱི་ཕུལ་བྱུང་སྣེ་ཁྲིད་པར་གཟེངས་བསྟོད་བྱས་པ་དང་། ཆུ་ཤུར་རྫོང་གི་གྲོང་ཚོ་རེའི་རིག་རྩལ་རུ་ཁག་རེ་དང་། དམངས་ཁྲོད་སྒྱུ་རྩལ་པ། ཞིང་འབྲོག་མང་ཚོགས་སོགས་ཀྱིས་ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་ཡང་བྱས་པ་རེད། ཞིང་འབྲོག་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཏེ་རྒྱལ་དར་གཡུག་གཡུག་བྱས་ནས་ལོ་ལེགས་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་མ་ཟད་དགའ་སྤྲོ་མཉམ་སྤྱོད་ཀྱང་བྱས་པ་རེད།
ཟླ་9ཚེས་23ཉིན་གྱི་སྔ་དྲོ། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་གཉིས་པའི་བོད་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུ་གཉེར་ཞིང་། འདི་ནི་ཞིང་འབྲོག་མང་ཚོགས་ཚོས་རྒྱལ་དར་གཡུག་གཡུག་བྱས་ནས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ།
ཟླ་9ཚེས་23ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་གཙོ་གཉེར་བྱས་པའི་ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི“འོད་སྟོང་འབར་བའི་ལོ་ངོ་བདུན་ཅུ། དུས་རབས་གསར་པར་འབད་འབུངས་ཡར་བརྩོན་བྱེད”ཅེས་པའི་རིག་རྩལ་འཁྲབ་སྟོན་ལྷ་སར་གཉེར་བ་རེད།
ཟླ་9ཚེས་23ཉིན། ལྷ་ས་སློབ་འབྲིང་གིས་དམིགས་བསལ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་ཞིག་འཚོགས་ཏེ། རང་ཉིད་ཀྱི་འཚར་ལོངས་གཏམ་རྒྱུད་མཉམ་སྤྱོད་བྱས་ནས་ལང་ཚོར་བརྟེན་ནས་མ་ཡུམ་མེས་རྒྱལ་ལ་ལྷག་བསམ་ཟོལ་མེད་མཚོན་པར་བྱས་ཤིང་། འདི་ནི་ལྷ་ས་སློབ་འབྲིང་མཐོ་རིམ་ལོ་རིམ་དང་པོའི་སློབ་མ་ཆོས་གཡང་བཟང་མོས“གཏམ་རྒྱུད་ཤོད་པའི”ལྷུ་ཚིགས་ཐོག་གཏམ་བཤད་སྤེལ་བཞིན་པ།
རྩོམ་སྒྲིག་པ། རྡོ་རྗེ།