ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་བྱེད་སྒོ་སྤེལ་འགོ་ཚུགས།

སྤེལ་དུས 2019-10-04 ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། རྩོམ་པ་པོ།
       ཟླ་10པའི་ཚེས་2ཉིན།འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་གཟའ་འཁོར་གྱི་རིག་གནས་བྱེད་སྒོ་རབ་དང་རིམ་པ་ཞེས་པའི་དངོས་མིན་རིག་གནས་ཤུལ་བཞག་གི་གླུ་གར་འགྲེམ་སྟོན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཐང་ཆེན་ཁག་ཏུ་སྤེལ་བ་དང་།ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བ་རྣམས་ལ་གྲངས་ཉུང་མི་རིགས་ཀྱི་རིག་གནས་གསོལ་སྟོན་འབུལ་བ་རེད།

        རྒྱལ་ཐང་སྐོར་བྲོ་འགྲེམ་སྟོན་ནི་རྡོ་མཁར་རྫོང་ཕྱོགས་བཞིའི་སྲང་ལམ་ནས་སྤེལ་བ་དང་།  འགྲེམ་སྟོན་རུ་ཁག་གིས་སྐོར་བྲོ་བརྒྱུད་དེ་མཛེས་སྡུག་ལྡན་པའི་མེས་རྒྱལ་དང་བདེ་སྐྱིད་ཀྱི་ཕ་ཡུལ་ལ་བསྟོད་གླུ་འབུལ་བ་མ་ཟད།  རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རྣམས་ལ་སེམས་ཀྱི་ཉི་ཟླའི་གདོད་མའི་མི་རིགས་རིག་གནས་དང་ཁྱད་ཆོས་ལྡན་པའི་མི་རིགས་ཡུལ་སྲོལ་སྟོན་པ་རེད།

       རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་དུ་ཉི་ཤར་བྱམས་གླུ་འགྲེམ་སྟོན་བྱས་པ་དང་།  ཉི་ཤར་བྱམས་གླུ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ལུང་པའི་གནའ་བོའི་གླུ་གར་རིགས་ཞིག་ཡིན་ལ།  རོང་པའི་བྱམས་འཆམ་ཡང་ཟེར།  ཉི་ཤར་བྱམས་གླུ་ལ་འཛོམས་བྲོ་དང་བསྟོད་བྲོ། མཛའ་བྲོ་བཅས་གྲུབ་ཆ་གསུམ་ཡོད།  ཉེ་བའི་ལོ་འགའི་རིང་དུ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལས་རིགས་དར་འཕེལ་མྱུང་པོ་བྱུང་བ་དང་བསྟུན་ནས།  ཉི་ཤར་བྱམས་གླུས་བོད་མི་རིགས་ཀྱི་སྐྱེས་སྟོབས་ཀྱི་སྤོབས་ཉམས་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ། འཚོ་བ་ལ་དགའ་ཞེན་འཛིན་པའི་ཁྱད་ཆོས་འགྲེམ་པ་དང་། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་འོད་སྟོང་འབར་བའི་ནོར་བུ་ཞིག་ཏུ་གྱུར་ཡོད་པ་མ་ཟད། རྒྱ་ཆེ་བའི་ཡུལ་སྐོར་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།  དེའི་རྗེས་སུ་བོད་རིགས་གོས་རྒྱན་འགྲེམ་སྟོན་བྱས་པ་རེད།
       སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དཀྱིལ་འཁོར་ཐང་ཆེན་དུ་འཇོལ་གཞས་འགྲེམ་སྟོན་བྱས་པ་དང་།  འཇོལ་གཞས་ནི་གླུ་དང་གར།  རོལ་མོ་བཅས་གཞི་གཅིག་ཏུ་བསྡུས་པའི་སྒྱུ་རྩལ་སྣ་གཅིག་ཡིན་ལ། སྐྱེས་པར་གཙོ་བོ་གོམ་སྟབས་མཛེས་དགོས་པ་དང་། བུད་མེད་ཀྱིས་གཙོ་བོ་ཕུ་རིང་གཡུག་དགོས།  བྱེད་སྒོའི་ཡུལ་དངོས་སུ་སྐར་མ་6གི་ཆེད་དམིགས་འགྲེམ་སྟོན་རྫོགས་རྗེས་ལྟད་མོ་བ་མང་པོས་ཀྱང་གཞས་འཆམ་པའི་རུ་ཁག་ཏུ་ཞུགས་པ་རེད།

        མི་རིགས་རིག་གནས་ཐང་ཆེན་དུ་འབའ་ལུང་རྫོང་ནས་ཡོང་བའི་ཨ་ཁྲི་མུའུ་ཀྭ་འགྲེམ་སྟོན་རུ་ཁག་གིས་ལུས་ལ་མི་རིགས་གོས་རྒྱན་སྤྲས་ནས་དགའ་སྤྲོའི་སྒོ་ནས་ཨ་ཁྲི་མུའུ་ཀྭ་འཁྲབ་པ།  ཨ་ཁྲི་མུའུ་ཀྭ་ནི་ལི་སུའུ་རིགས་ཀྱི་སྐད་ཡིན་ལ་རའི་གླུ་གར་ཞེས་པའི་དོན་ཡིན།  2006ལོར་ལི་སུའུ་རིགས་ཀྱི་ཨ་ཁྲི་མུའུ་ཀྭ་དེ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་ཁག་དང་པོར་ཚུད་པ་རེད།
རྩོམ་སྒྲིག་པ།སྣང་རྡོར།