ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཛེས་སྡུག་ལྡན་པའི་རྨ་ལྷོས་ཁྱེད་རང་མགྲོན་དུ་འབོད།

སྤེལ་དུས 2019-11-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རིན་ཆེན། བདེ་སྐྱིད།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “མཛེས་སྡུག་ལྡན་པའི་མཚོ་སྔོན་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་མཚོ་སྔོན་མི་རིགས་རང་སྐྱོང་ས་གནས་ཀྱི་འཕེལ་རྒྱས་འགྲེམས་སྟོན”ཞེས་པ་དེ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་སྤེལ་བཞིན་ཡོད་ཅིང་།  ཟླ་11པའི་ཚེས་4ཉིན་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བརྗོད་དོན་ཉིན་མོ་རེད།

འདི་ནི་ཐང་ག་ཆེ་གྲས《མི་རིགས་ཚང་མ་ཁྱིམ་ཚང་གཅིག་ལྟར་མཐུན་སྒྲིལ་ཡོང་བའི་ཁྱིམ་མི་ལྷན་འཛོམས》རེད།
        “མཛེས་སྡུག་ལྡན་པའི་མཚོ་སྔོན”གྱི་གྲུབ་འབྲས་འགྲེམས་སྟོན་ལས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འགྲེམས་སྟོན་གནས་སའི་འགྲེམས་ཁང་ནུབ་མའི་ནང་དུ་བསྐྱོད་ཚེ། སྒོ་ཆེན་ཁ་གཏད་ཀྱི་གྱང་ངོས་སུ་རིང་ཚད་ལ་སྨི་5.6དང་། མཐོ་ཚད་ལ་སྨི1.5ཡོད་པའི 《མི་རིགས་ཚང་མ་ཁྱིམ་ཚང་གཅིག་ལྟར་མཐུན་སྒྲིལ་ཡོང་བའི་ཁྱིམ་མི་ལྷན་འཛོམས》ཞེས་པའི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད་པའི་ཐང་ག་ཆེན་པོ་ཞིག་མི་རྣམས་ཀྱི་མིག་མདུན་དུ་བཤམས་འདུག 
        རྒྱུས་ལོན་བྱུང་བ་ལྟར་ན།  ཐང་ག་འདི་ནི་རྨ་ལྷོ་ཁུལ་གྱི་རྒྱལ་ཁབ་རིམ་པའི་བཟོ་རྩལ་རི་མོ་བ་དྲུག་གིས་ལོ་གཉིས་ཀྱི་རིང་གསར་རྩོམ་བྱས་ནས་ལེགས་གྲུབ་བྱུང་བ་ཞིག་ཡིན་ཞིང་། བརྩམས་ཆོས་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་མཚོ་སྔོན་གྱི་མི་རིགས་སོ་སོའི་མི་དམངས་དང་ལྷན་དུ་བཞུགས་པའི་གསོན་ཉམས་ལྡན་པའི་རྣམ་པ་གསར་རྩོམ་གྱི་བརྗིད་གཞི་བྱས་ནས། མི་རིགས་56ཚང་མ་གསར་རྩོམ་གྱི་ཁྲོད་མངོན་དུ་བཅུག་ཡོད་པས། རིགས་སོ་སོའི་མི་དམངས་ཀྱིས་གཙོ་འཛིན་ལ་བརྩི་བཀུར་དང་། གཙོ་འཛིན་ལ་དགའ་ཞེན་བྱེད་པ། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གང་ལེགས་སྒོས་མཚོན་འདུག

འདི་ནི་རྨ་ལྷོའི་བརྗོད་དོན་ཉིན་མོའི་སྟེང་ཨ་ཅེ་ལྷ་མོ་འཁྲབ་སྟོན་བྱེད་པའི་རྣམ་པ་རེད།

འདི་ནི་རྨ་ལྷོ་ཁུལ་གྱི་ཡུལ་སྐོར་གཟུགས་བརྙན་གྱི་སྤྱི་ཕན་ཕོ་ཉ་དང་། 《ཀྲུང་གོའི་གླུ་སྐད་སྙན་མོའི》སྟེང་གི་བྱ་དགའ་ཨང་དང་པོ་འཐོབ་མཁན་བསྟན་འཛིན་ཉི་མས་གླུ་དབྱངས་ལེན་པའི་རྣམ་པ་རེད།
        རྨ་ལྷོའི་བརྗོད་དོན་ཉིན་མོའི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ཤིང་། དེར་ཡུལ་དངོས་ཀྱི་འོས་སྦྱོར་དང་། རིག་རྩལ་འཁྲབ་སྟོན། དྲིལ་སྒྲོག་བརྙན་རིས་སྟོན་པ། པར་རིས་འགྲེམས་སྟོན་དང་དེ་བཞིན་ཡུལ་དངོས་སུ་ཐང་ག་འབྲི་བ་དང་། རྡོ་བརྐོས་རྐོ་བ། འཇིམ་བརྐོས་བཟོ་བ། དཀྱིལ་འཁོར་བཞེངས་པ་སོགས་དམངས་ཁྲོད་ཀྱི་སྒྱུ་རྩལ་དང་མངོན་མིན་རིག་གནས་ཤུལ་བཞག་མང་པོ་འདུས་ཤིང་། དེས་རྨ་ལྷོ་ཁུལ་གྱི་དཔལ་འབྱོར་རིག་གནས་དང་། སྣོད་བཅུད་ཤེས་དཔལ། སྤྱི་ཚོགས་དང་དམངས་འཚོ་སོགས་ཀྱི་ཐད་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ལོན་པ་མཚོན་པར་མ་ཟད། གནམ་ས་བླ་འོག་བརྗེ་བ་ལྟ་བུའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གི་འགྱུར་ལྡོག་ཀྱང་མངོན་པར་མཚོན་ཡོད།
  
འདི་ནི་རྨ་ལྷོའི་བརྗོད་དོན་ཉིན་མོའི་འོས་སྦྱོར་འདུ་ཚོགས་ཀྱི་ཡུལ་དངོས་རེད།

འདི་ནི་འགྲེལ་བཤད་པས་ལྟད་མོ་བར་རྨ་ལྷོ་ཁུལ་གྱི་སྲོལ་རྒྱུན་རིག་གནས་འགྲེལ་བཤད་རྒྱག་པའི་རྣམ་པ་རེད།
        རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་སུ་གནས་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རྒྱལ་ཁབ་ཀྱི་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་དང་། རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་ཨང་གསུམ་པ་ཡིན་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཀྱང་ཡིན་པས། དེར“ནུབ་ཕྱོགས་ཀྱི་ལྷ་ཡུལ། མཛེས་སྡུག་གི་རྨ་ལྷོ”ཞེས་པའི་མཚན་སྙན་ཡང་ཐོགས་ཡོད། གནས་འདིར་རི་ཆུས་བརྒྱན་པའི་ཁམས་པའི་མཛེས་ལྗོངས་ཁུལ་དང་། རེབ་གོང་གསེར་མོ་ལྗོངས། ཧོར་གྱི་མ་ཎི་རྡོ་བརྩིགས་བཅས་ཡོད་པར་མ་ཟད། འཛམ་གླིང་དུ་སྙན་པའི་གྲགས་པ་འབར་་བའི་རེབ་གོང་སྒྱུ་རྩལ་ཡང་ཡོད་པས། གནས་འདིར་གནའ་བོའི་དམངས་སྲོལ་རིག་གནས་ཏེ་གཅན་ཚའི་གཡང་མདའི་མདའ་རྩེད་ཀྱང་ཡོད་པ་རེད།

འདི་ནི་ལྟད་མོ་བས་བོད་སྨན་གྱི་འགྲེམ་སྟེགས་སུ་ལྟ་བའི་རྣམ་པ་རེད།

འདི་ནི་གྲྭ་པས་དཀྱིལ་འཁོར་བཞེངས་པའི་རྣམ་པ་རེད།
        ཐོན་རྫས་འོས་སྦྱོར་འདུ་ཚོགས་ཀྱི་ཡུལ་དངོས་སུ། རྨ་ལྷོ་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས“ཐེངས་འདིའི་འགྲེམས་སྟོན་དེ་རྒྱལ་སའི་ལས་རིགས་ཁག་གི་མི་རྣམས་ཀྱིས་རྨ་ལྷོ་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། མ་འོངས་པར་རྨ་ལྷོར་བསྐྱོད་པའི་སྒེའུ་ཁུང་ཞིག་ཏུ་གྱུར་ནས། སྔར་ལས་ལྷག་པའི་མི་མང་པོ་ཞིག་གིས་རྨ་ལྷོ་ཁུལ་གྱི་འདས་པའི་ལོ་ངོ་70རིང་གི་འགྱུར་ལྡོག་ཆེན་པོ་དང་དེར་ཐོབ་པའི་གྲུབ་འབྲས་ཉམས་སུ་མྱོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཁྱད་འཕགས་རང་བཞིན་ལ་རོལ་མྱོང་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལ་མྱོང་ཚོར་བྱེད་ཐུབ་པའི་རེ་བ་ཡོད།”ཅེས་བཤད།