ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གཏམ་བཟང་། ལྷ་ཉིང་ལྕགས་ལམ་གྱི་ཟམ་ཆེན་ཞིག་སྦྲེལ་ཐུབ་འདུག

སྤེལ་དུས 2019-11-11 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཚེས་9ཉིན་གྱི་ཆུ་ཚོད་17དང་སྐར་མ་20ལ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱི་བར་ཞེང་ཆེ་ཤོས་ངར་ལྕགས་ལས་གྲུབ་པའི་ལམ་གསུམ་ཟམ་ཆེན་ཏེ་སྦ་ཡུལ་ཟམ་ཆེན་བདེ་བླག་ངང་སྦྲེལ་ཐུབ་པ་དེ་ཐོག་ནས་ལམ་ཐིག་ཧྲིལ་པོའི་ལས་གྲྭ་གཙོ་བོ་དང་དཀའ་གནད་ཆེ་སར་སླར་ཡང་དུས་མཚམས་རང་བཞིན་གྱི་ཚད་བརྒལ་བྱུང་བ་མཚོན་ཡོད། 

          ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པས་སྐྲུན་འགན་འཁུར་བའི་སྦ་ཡུལ་ཟམ་ཆེན་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་ལྷོ་ཁ་གྲོང་ཁྱེར་གྱི་ས་ཁོངས་སུ་གནས་པ་དང་། ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྨི་283.3དང་། ཟམ་ངོས་ཀྱི་ཞེང་ཚད་ལ་སྨི་19.1 ཟམ་གདན་མཐོ་ཤོས་ལ་སྨི་61.5བཅས་ཟིན་ནས་ཡར་ཀླུང་གཙང་པོ་འཕྲེད་བརྒལ་དང་བསམ་གྲུབ་གླིང་ཕུག་ལམ་དང་སྦ་ཡུལ་ཕུག་ལམ་སྦྲེལ་བའི་འབྲེལ་ཟམ་གལ་ཆེན་ཞིག་རེད། 

          བོད་ལྗོངས་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་གྲངས་གཞི་ལས་མངོན་པར། ཟླ་10པའི་ཟླ་མཇུག་བར་ལམ་ཐིག་ཧྲིལ་པོའི་ཟམ་པ་120ཡི་ནང་ནས་115བསྐྲུན་ཟིན་པ་དང་ཕུག་ལམ་47ནང་ནས་41ཏལ་འབིགས་ཐུབ་ཡོད། 
          2015ལོར་བསྐྲུན་འགོ་བཙུགས་ཚུན། མ་འཇོག་བསྡོམས་འབོར་གྱི་76%ལེགས་སྒྲུབ་ཟིན་ཡོད། 2018ལོའི་ཟླ་10པ་ནས་ད་བར་ལྷ་ཉིང་ལྕགས་ལམ་གྱིས་ལྕགས་ལམ་སྤྱི་ལེ་106བཏིངས་ཚར་ཡོད། 



          ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཤིག་ཡིན་པ་དང་། ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་435.48ཡོད་པ་དང་། འཆར་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཟིན་པ་དེ་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེ་རེད། རྣམ་གྲངས་དེར་ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་། ཟམ་པ་དང་ཕུག་ལམ་གྱིས་ལམ་ཐིག་ཧྲིལ་པོ་བཟུང་བའི་བསྡུར་གྲངས་75%ཡན་ཡིན་པ་དང་། མིག་སྔར་འཛུགས་སྐྲུན་གྱི་འགག་རྩའི་དུས་མཚམས་སུ་སླེབས་ནས་སྔོན་དཔག་ལྟར་ན་2021ལོར་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་དང་། སྐབས་འདིར་རང་རྒྱལ་ས་ཁོངས་ཀྱི་ལྕགས་ལམ་དྲ་བའི་བཀོད་པ་ནུས་ལྡན་ངང་ལེགས་སུ་ཕྱིན་ནས་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། ལྗོངས་ཕྱི་ནང་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།