ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

2019ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་རིག་གཞུང་ཚོགས་པའི་ལོ་ཚོགས་དེ་ཀོང་ཀྲོའུ་རུ་བདེ་བླག་ངང་མཇུག་སྒྲིལ་བ།

སྤེལ་དུས 2019-11-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
    ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2019ལོའི་ཟླ་11པའི་ཚེས་10ཉིན་གྱི་ཕྱི་དྲོར། 2019ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་རིག་གཞུང་ཚོགས་པའི་ལོ་ཚོགས་ཀོང་ཀྲོའུ་རུ་བདེ་བླག་ངང་མཇུག་སྒྲིལ་ཞིང་། ཚོགས་ཡུན་ཉིན་གཉིས་ཀྱི་ནང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་30ལྷག་ནས་ཡོང་བའི་མཁས་དབང་250ཙམ་མཉམ་དུ་འཛོམས་ནས་ཐུན་མོང་ཐོག་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གི་གྲོས་གཞི་སྣ་མང་བགྲོ་གླེང་བྱས་པ་རེད། 
    ལོ་ཚོགསཀྱིས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་རྩོམ་རིག་ཁྱབ་ཁོངས་ཀྱི་རིག་གཞུང་བགྲོ་གླེང་བྱ་བར་སྐུལ་འདེད་གཏོང་བ་ཡིན་པར་མ་ཟད། ཚོགས་ཞུགས་པས་རྩོམ་རིག་ཞིབ་འཇུག་གི་རྣམ་པའི་ཐོག་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་སྐྲུན”ཞེས་པའི་འབོད་སྐུལ་དོན་འཁྱོལ་བྱེད་པའི་དངོས་ཡོད་ཀྱི་བྱ་སྤྱོད་ཅིག་ཀྱང་ཡིན། དེའི་དམིགས་ཡུལ་ནི་རྩོམ་རིག་གི་བསམ་གཞིག་དང་རྒྱང་ལྟ་ བརྒྱུད་དེ། ཀྲུང་གོའི་རྩོམ་རིག་གི་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། 

    འདི་ནི་2019ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་རིག་གཞུང་ཚོགས་པའི་ལོ་ཚོགས་ཀྱི་ཚོགས་ཞུགས་མི་སྣའི་མཉམ་པར་རེད།   
    རྒྱུས་ལོན་བྱུང་བར་ལྟར་ན། ཚོགས་ཆེན་གྱིས“མི་རིགས་རྩོམ་རིག་གི་ལོ་ངོ་བདུན་བཅུ་དང་རྩོམ་རིག་ལམ་ལུགས”དང་། “སྲིད་པ་ཆགས་ལུགས་ཀྱི་ལྷ་སྒྲུང་དང་ལོ་རྒྱུས་སྙན་ངག་རིག་པ” “མི་རིགས་མང་པོའི་ལྷ་སྒྲུང་དང་དམངས་ཁྲོད་རྩོམ་རིག”“མི་རིགས་སྣ་མང་གི་རྩོམ་པ་པོའི་རྩོམ་རིག་དང་རིག་ཚན་ལས་བརྒལ་བའི་ཞིབ་འཇུག”“མི་རིགས་སྣ་མང་གི་རྩོམ་རིག་གི་ལོ་རྒྱུས་ལྟ་བ་དང་མི་རིགས་ཀྱི་གློག་བརྙན་བརྙན་འཕྲིན་སྒྱུ་རྩལ”སོགས་བརྗོད་དོན་ལྔར་དམིགས་ནས་བགྲོ་གླེང་བྱས་པ་རེད། ཚོགས་འདུའི་རིང་ཚོགས་ཞུགས་འཐུས་མི་ཚོས་ཚོགས་འདུའི་ཐོག་རིག་གཞུང་དཔྱད་རྩོམ་200ལྷག་ཙམ་མཉམ་སྤྱོད་བྱས་ཤིང་། དེའི་ནང་ཀྲོང་རིགས་དང་། སོག་རིགས། བོད་རིགས། མིའོ་རིགས། ཡའོ་རིགས། དབྱིས་རིགས། མན་ཇུ་རིགས། ཡུ་གུར་རིགས། པའེ་རིགས། ཐུའུ་ཅ་རིགས། ཞི་པོ་རིགས་སོགས་མི་རིགས་20ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་། ལས་ཁུངས་90ཙམ་གྱི་མཁས་དབང་གིས་བགྲོ་གླེང་བྱས་ཏེ་དུས་རབས་གསར་པའི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།