ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྤེལ་རེས་ཚོགས་པ་ཐའེ་ཝན་དུ་བསྐྱོད་ནས་སྤེལ་རེས་བྱེད་སྒོ་མང་པོ་ཞིག་སྤེལ་བ།

སྤེལ་དུས 2019-11-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་10པའི་ཚེས་31ཉིན་ནས་ཟླ་11པའི་ཚེས་6ཉིན་བར། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྤེལ་རེས་ཚོགས་པས་ཐའེ་ཝེན་གྱི་ས་ཆ་མང་པོར་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། ངོགས་གཉིས་ཀྱི་རྒྱ་བརྒྱུད་དང་བོད་བརྒྱུད་ནང་བསྟན་གྱི་རིག་གནས་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་ལ་ནུས་ལྡན་གྱི་སྐུལ་འདེད་བྱས་ཏེ། ས་གནས་གཉིས་ཀྱི་དབར་འབྲེལ་བ་དམ་ཟབ་ཏུ་བཏང་ནས་ངོགས་གཉིས་ཀྱི་ནང་བསྟན་རིག་གནས་ཞིབ་འཇུག་སྐོར་གྱི་གྲུབ་འབྲས་དར་སྤེལ་སྤེལ་རེས་ཀྱི་སྟེགས་བུ་བཙུགས་པ་རེད།
འདི་ནི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྤེལ་རེས་ཚོགས་པས་ཐའེ་ཝན་གྱི་ནང་པའི་མི་སྣ་དང་མཁས་དབང་ལ་དཔེ་དེབ་སྦྱིན་པ་ཡིན།
           ཟླ་11པའི་ཚེས་2ཉིན་ནས་ཚེས་3ཉིན་བར། ད་ཐེངས་ཀྱི་སྤེལ་རེས་བྱེད་སྒོའི་ནང་དོན་གལ་ཆེན་ཞིག་ཡིན་པའི་ངོས་ནས། བོད་བརྒྱུད་ནང་བསྟན་གྱི་རིག་གནས་དུས་ཚིགས་སྐབས་བཞི་བའི་མུ་འབྲེལ་བྱེད་སྒོ་ལས་ནང་བསྟན་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཀའོ་ཞུང་གྲོང་ཁྱེར་གྱི་ཀུའུ་ཡན་དགོན་པའི་འདུ་ཁང་ནང་དུ་འཚོགས་པ་རེད། ཀུའུ་ཡན་དགོན་པའི་དགོན་བདག་ཧུའེ་ཏུའུ་མཁན་པོས་ཤེས་ཚིག་བརྗོད་སྐབས། ཁོང་གིས་འདིར་བཞུགས་པའི་བླ་མ་སྐྱེས་ཆེན་དམ་པ་དང་མཉམ་དུ་ནང་བསྟན་རིག་གནས་སྤེལ་རེས་བྱེད་ཐུབ་པའི་སྐལ་བ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞིང་། འདིར་ཚོགས་ཞུགས་གནང་མཁན་དག་གི་ཁྲིད་སྟོན་དང་གསབ་ཞུགས་བརྒྱུད་ནས། མི་མང་པོ་ཞིག་གི་བློ་སྒོ་ཕྱེ་ནས་སྔར་ལས་ལྷག་པའི་མི་མང་པོ་ཞིག་ལ་ཤུགས་རྐྱེན་འཇོག་པའི་རེ་བ་ཆེན་པོ་ཡོད་ཅེས་གསུངས། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྤེལ་རེས་ཚོགས་པའི་ཚོགས་གཙོ་གཞོན་པ་ཡུས་ཧུང་ཝུའེ་ཡིས་ཤིས་ཚིག་འབུལ་སྐབས། ཐེངས་འདིའི་ནང་བསྟན་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་གྲོས་གཞི་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་། ཕན་ཚུན་ལ་སློབ་སྦྱོང་དང་མིག་དཔེ་སྟོན་པ། ཕན་ཚུན་གྱི་བློ་སྒོ་འབྱེད་པ་བཅས་ཡིན་པས་མཚོ་འགག་ངོགས་གཉིས་ཀྱི་ནང་བསྟན་རིག་གནས་སྤེལ་རེས་ཀྱི་མཛད་སྒོ་གཟབ་རྒྱས་ཤིག་ཡིན་ལ། ཚོགས་འདུ་འདིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། ངོགས་གཉིས་ཀྱི་ནང་བསྟན་རིག་གནས་ཀྱིས་ཕན་ཚུན་བར་སྤེལ་རེས་དང་མཉམ་དུ་གོང་འཕེལ་འགྲོ་བར་དོན་སྙིང་གལ་ཆེན་ལྡན་ཞེས་གསུངས།
 འདི་ནི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པ་མཐུ་སྟོབས་སེང་གེ་ཡིས་སྦྱིན་བསྲེགས་ཀྱི་ཆོ་ག་སྤེལ་ཏེ་ངོགས་གཉིས་ཞི་བདེ་དར་རྒྱས་ཡོང་བའི་སྨོན་འདུན་ཞུ་བཞིན་པ།
འདི་ནི་སྐབས་བཅུ་དྲུག་པའི“མཐོ་རམས་པའི་”མཐོ་རིམ་ཡོན་གནས་འཛིན་གྲྭའི་སློབ་མ་ཚོས་ཆོས་རྩོད་བྱེད་བཞིན་པ།
           རྒྱུ་རྐྱེན་བཟང་པོའི་དབང་གིས་མཁས་དབང་མང་པོ་འདུས་ཏེ། མཉམ་དུ་འཛོམས་ནས་སྤེལ་རེས་བྱེད་པ་དང་། མཉམ་དུ་མཛད་སྒོ་གཟབ་རྒྱས་བསྡུས། བགྲོ་གླེང་ཚོགས་འདུའི་ཐོག་ཏུ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པ་མཐུ་སྟོབས་སེང་གེ་ཡིས་གཏམ་བཤད་གནང་ཞིང་། དགེ་ལུགས་པ་དང་རྙིང་མ་བ། བོན་པོ་སོགས་ཀྱི་གྲུབ་མཐའི་“མཐོ་རམས་པའི”མཐོ་རིམ་ཡོན་གནས་འཛིན་གྲྭ་སྐབས་བཅུ་དྲུག་པའི་སློབ་མ་5ཡིས་“བོད་བརྒྱུད་ནང་བསྟན་གྱི་རྙིང་མ་གྲུབ་མཐའི་ཆོས་གཞུང་རྒྱུན་འཛིན་དང་ཞིབ་འཇུག”ཅེས་པ་དང་། “གནའ་རབས་བོན་ལུགས་ངོ་སྤྲོད”དང་། “བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའི་ངོ་སྤྲོད”སོགས་བརྗོད་དོན་བྱས་པའི་གཏམ་བཤད་གནང་ནས་ཡུལ་དངོས་ཀྱི་སྐྱེས་ཆེན་དམ་པ་དང་ཆེད་མཁས་པ་དག་དང་མཉམ་དུ་བསམ་ཚུལ་བརྗེ་རེས་གནང་ཞིང་། དེའི་རྗེས་སུ་“མཐོ་རམས་པའི”ཆོས་རྩོད་མངོན་པ་དང་།  བོད་བརྒྱུད་དང་རྒྱ་བརྒྱུད་ནང་བསྟན་གྱི་སྨོན་ལམ་རྒྱག་པའི་ཆོ་ག་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།
 འདི་ནི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྤེལ་རེས་ཚོགས་པའི་ཁོངས་མི་རྣམས་ཧྥོ་ཀོང་ཧྲན་དུ་གཟིགས་སྐོར་འཚམས་འདྲིར་ཕེབས་པ།
 འདི་ནི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྤེལ་རེས་ཚོགས་པའི་ཁོངས་མི་རྣམས་ཀྲུང་ཐའེ་ཁྲན་དགོན་དུ་གཟིགས་སྐོར་འཚམས་འདྲིར་ཕེབས་པ།
 འདི་ནི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྤེལ་རེས་ཚོགས་པའི་ཁོངས་མིས་ཐའེ་པེ་ཡི་གནའ་བོའི་ཕོ་བྲང་གི་རྟེན་མཛོད་ཁང་ལ་གཟིགས་སྐོར་གནང་བཞིན་པ།
           ཟླ་11པའི་ཚེས་4ཉིན་ནས་ཚེས་6ཉིན་བར། སྤེལ་རེས་ཚོགས་པའི་ཁོངས་མི་དང་བཅས་པ་ཐའེ་པེ་དང་ཅ་དབྱི། ཤིན་ཀྲུའུ་སོགས་ཀྱི་ས་ཆར་ཕེབས་ནས། ཧྥོ་ཀོང་ཧྲན་དུ་སངས་རྒྱས་ཀྱི་དྲན་གསོ་ཁང་དང་ཀྲུང་གོའི་ཐའེ་ཝན་གྱི་བསམ་གཏན་དགོན། ཧྥ་ཀུའུ་རི་བོའི་ནོན་ཆེན་དགོན། ཝུའུ་ཀྲི་ཧྲན་གྱི་འོད་ཟེར་རྒྱལ་པོའི་དགོན་པ་སོགས་སུ་འཚམས་འདྲི་ལྟ་སྐོར་དུ་ཕེབས་པ་དང་། ས་གནས་དེ་དག་གི་བསྟན་པའི་སྐྱེས་བུ་དམ་པ་རྣམ་དང་ལྷན་དུ་འཛོམས་ནས་ཕན་ཚུན་བསམ་བློ་བརྗེ་རེས་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་དགེ་སྒྲུབ་སྡིག་སྤོང་དང་འདྲ་མཉམ་བཟོད་སྒོམ། དབུལ་སྐྱོར་དཀའ་སེལ་སོགས་ཀྱི་བསམ་བློ་བཟང་བོ་ཧུར་ཐག་སྒོས་དར་སྤེལ་བཏང་ནས། མཉམ་གཅིག་ཏུ་ངོགས་གཉིས་ཀྱི་ནང་བསྟན་རིག་གཞུང་ཞིབ་འཇུག་དང་ནང་བསྟན་རིག་གནས་དར་སྤེལ། སྤྱི་ཚོགས་འཆམ་མཐུན། ངོགས་གཉིས་ཀྱི་སྤུན་ཟླའི་བདེ་སྐྱིད་བཅས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་བར་རྩེ་གཅིག་གིས་གཞོལ་བ་རེད།
 འདི་ནི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྤེལ་རེས་ཚོགས་པའི་ཁོངས་མིས་བོད་ཡིག་གི་ཡིག་གཟུགས་འགྲེམས་སྟོན་བྱེད་པ།
འདི་ནི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྤེལ་རེས་ཚོགས་པའི་ཁོངས་མི་ཚོས་ནུང་ཁྲན་དགོན་དུ་དྲན་རྟེན་སྐུ་པར་བསྐྱོན་པ།
           ཐེངས་འདིར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྤེལ་རེས་ཚོགས་པར་ཁྱོན་བསྡོམས་མི་30ལྷག་ཙམ་ཞུགས་ཡོད་པ་དང་། ཁོངས་མི་ནི་“མཐོ་རམས་པའི་”མཐོ་རིམ་ཡོན་གནས་འཛིན་གྲྭ་སྐབས་བཅུ་དྲུག་པའི་སློབ་མ་ཡིན་ཅིང་། ཁོང་ཚོ་ནི་དགེ་ལུགས་པའི་གྲུབ་མཐའ་དང་རྙིང་མའི་གྲུབ་མཐའ། བོན་པོའི་གྲུབ་མཐའ་བཅས་ནས་ཕེབས་པ་རེད།  ཁོངས་མི་ཚོས་གསུངས་རྒྱུར། ཐེངས་འདིར་ཕྱི་རུ་བསྐྱོད་པའི་སློབ་སྦྱོང་བྱེད་སྟངས་དེས་རང་ཉིད་ཀྱི་མཐོང་རྒྱ་བསྐྱེད་པར་མ་ཟད། ཕན་ཚུན་ལ་སྤེལ་རེས་བྱེད་པའི་ཁྲོད་ནས་བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་གྱི་རིག་གནས་གཏིང་ཇེ་ཟབ་ཏུ་གྱུར་ཅིང་། ཕན་ཚུན་ལ་སློབ་སྦྱོང་དང་དཔེ་སྟོན་བྱས་པས་གྲུབ་འབྲས་མི་དམན་པ་ཐོབ་བྱུང་ཞེས་གསུངས་བྱུང་།
           ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་དེ་སྔོན་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀྲའོ་ཕུའུ་ཁྲུའུ་རྣམ་གཉིས་ཀྱིས་གྲོས་འགོ་བཏོན་པ་བརྒྱུད། 1987ལོའི་ཟླ་9པའི་ཚེས་1ཉིན་པེ་ཅིང་གི་དགོན་སེར་ནུབ་མར་བཙུགས་ཤིང་། བོད་བརྒྱུད་ནང་བསྟན་གྱི་སློབ་གྲྭ་མཐོ་ཤོས་ཡིན་པའི་ཆ་ནས། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་བོད་བརྒྱུད་ནང་བསྟན་གྱི་རིམ་པ་གསུམ་པའི་ཡོན་གནས་ལམ་ལུགས་གཏོད་པའི་ལས་ཁུངས་ཡིན་ཞིང་། བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་མཐོ་རིམ་ཡོན་གནས་གསོ་སྐྱོང་དང་ཡོན་གནས་སྩོལ་བའི་ཚན་པ་འབའ་ཞིག་ཀྱང་རེད།