ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

པེ་ཅིང་དུ་བོད་ལྗོངས་བརྗོད་དོན་བྱས་པའི་མཉམ་སྒྲོག་རོལ་མོ་འཁྲབ་སྟོན་བྱས་པར་དགའ་བསུ་ཐོབ།

སྤེལ་དུས 2019-11-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཕུལ་བྱུང་རིག་གནས་ཁྱབ་བསྒྲགས་བྱེད་པ་དམིགས་སུ་བཟུང་བའི་མཉམ་སྒྲོག་རོལ་དབྱངས་ཚོགས་ཆེན《མེས་རྒྱལ་ལགས། བཀྲ་ཤིས་བདེ་ལེགས》ཞེས་པ་ཉེ་ཆར་པེ་ཅིང་རྒྱལ་ཁབ་ཟློས་གར་ཁང་ཆེན་མོའི་ནང་དུ་འཁྲབ་སྟོན་བྱས་ཤིང་།  དམག་སྡེ་བཅོ་བརྒྱད་པའི་ཕྱི་རབས་པ་དང་། བོད་ལྗོངས་འཛུགས་སྐྲུན་ཐད་བྱས་རྗེས་བཞག་མྱོང་བའི་ལས་རིགས་ཁག་གི་མི་སྣ་1800ལྷག་ཙམ་གྱིས་འཁྲབ་སྟོན་ལ་བལྟས་པ་རེད།

     བྱེད་སྒོ་འདི་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་། ཡུལ་སྐོར་འཕེལ་རྒྱས་ཐིང་། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་དབྱང་རོལ་དབྱངས་སློབ་གླིང་སོགས་ལས་ཁུངས་ཀྱིས་གཉེར་རོགས་བྱས་ཤིང་། བོད་ལྗོངས་རག་གཡང་དམར་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་སིས་སྒྲུབ་འགན་འཁུར་བ་རེད། རོལ་དབྱངས་འདུ་ཚོགས་དེ་ནི་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་གྱི་རོལ་དབྱངས་ལ་རྐང་བཙུགས་ཏེ། 《ང་རང་སླེབས་སོང་། བོད་ལྗོངས》དང་། 《ཞིང་བྲན་ཡར་ལ་ལངས་ནས་གླུ་དབྱངས་ལེན》 《ལྷ་སའི་མཚན་མོའི་མཛེས་ལྗོངས》སོགས་འཁྲབ་ཚན་12བརྒྱུད་དེ། བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གསར་བརྗེའི་དཔེ་མཚོན་ལྟེ་བ་བྱས་ནས་ཤུགས་ཆེན་པོས་བོད་ལྗོངས་ཀྱི་རིག་གནས་ཁྱབ་སྤེལ་གཏོང་བ་དང་། བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱས་ནས། ད་ལྟའི་བོད་ལྗོངས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་མངོན་པར་བྱས་འདུག

    “ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ལ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ལོའང་ཡིན་པས། བོད་ལྗོངས་ཀྱི་སྡེ་ཁག་མང་པོས་རོལ་དབྱངས་འདུ་ཚོགས་འདི་ཇུས་འགོད་ཞིབ་ཚགས་བྱས་ནས་ས་གནས་དེ་གའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བརྒྱུད་སྤེལ་བྱས་པར་མ་ཟད། རིག་རྩལ་གཞི་རྟེན་དུ་བྱས་ཏེ་ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག བོད་ལྗོངས་ལ་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་བྱུང་བ་དྲིལ་བསྒྲགས་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་འགོ་གཙོ་གཞོན་པ་ཀྲའོ་པིན་གྱིས་དེ་ལྟར་བཤད། བོད་ལྗོངས་ཀྱི་རིག་རྩལ་པེ་ཅིང་དུ་འཁྲབ་སྟོན་བྱས་པ་དེས་ནང་ལོག་གི་ལྟད་མོ་བར་བོད་ལྗོངས་རིག་གནས་བྱ་གཞག་གི་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གསར་པ་མཚམས་སྦྱོར་བྱས་པར་མ་ཟད། རིག་གནས་གཞི་རྟེན་བྱས་ཏེ་ལྟད་མོ་བས་བོད་ལྗོངས་ལ་སྔར་བས་རྒྱུས་ལོན་དང་། མི་རིགས་ཁག་གི་མང་ཚོགས་བར་གྱི་འགྲོ་འོང་དང་། འབྲེལ་འདྲིས་མཉམ་འདྲེས་བྱུང་བར་སྐུལ་འདེད་བཏང་ཡོད་པ་རེད།
        “རོལ་དབྱངས་འདུ་ཚོགས་ཐོག་གླུ་གཞས་རྙིང་པ་འཁྲབ་སྟོན་བྱེད་མཁན་ཡོད་ལ་གཞས་གདངས་གསར་པའང་ཡོད་ཅིང་། དེར་མྱོང་རོལ་བྱས་ན་རྣམ་པ་ཧ་ཅང་གསར་པ་ཡིན་ལ་ཚོར་བའང་ཤིན་ཏུ་ལེགས”ཞེས་ཡུལ་དངོས་སུ་འཁྲབ་སྟོན་ལ་བལྟས་པའི་དམག་སྡེ་བཅོ་བརྒྱད་པའི་ཕྱི་རབས་པ་ཀྲང་ཞའོ་ཁང་གིས་དེ་ལྟར་བཤད། ཁོང་གིས“ཕ་རབས་ཚོའི་ཤུགས་རྐྱེན་ཐེབས་པས། ང་ཚོའང་བོད་ལྗོངས་ལ་ལྷན་སྐྱེས་ཀྱི་བརྩེ་བ་ཟབ་མོ་ཡོད་ཅིང་། ནང་ལོག་ནས་བོད་ལྗོངས་ཀྱི་གཞི་རྒྱུ་བྱས་པའི་རིག་གནས་ཀྱི་ལེ་ཚན་དེ་བས་མང་པོ་མཐོང་ཐུབ་རྒྱུའི་རེ་སྒུག་ཡོད”ཅེས་བཤད་བྱུང་།