དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལོ་མའི་ཐོག་ཏུ་འཁོད་པའི་བཅུ་ཕྲག་རིག་པའི་བང་མཛོད། སྟོད་ཆ།

སྤེལ་དུས 2019-11-17 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
     ཤིང་ཏ་ལའི་ལོ་མའི་དཔེ་ཆ་ནི་ཏ་ལའམ་བཻ་ཏ་ལ་ཞེས་བྱ་བ་རྒྱ་གར་སོགས་ཨེ་ཤེ་ཡ་ལྷོ་མའི་ཁུལ་དུ་སྐྱེས་པ་དང་བེད་སྤྱོད་ཤིན་ཏུ་ཆེ་བའི་ཤིང་ཞིག་ཡོད་པ་དེའི་ལོ་མ་ཤིན་ཏུ་རིང་བ་དང་རྒྱ་ཆེ་བ་ཞིག་ཡོད་པ་དེ་མི་རྣམས་ཀྱི་ཆུར་བཙོ་བ་དང་གྲིབ་སྐམ་གཏོང་བ། ཆ་མཉམ་དྲས་གཏུབ་སོགས་ཀྱི་ལས་སྣོན་རབ་དང་རིམ་པ་བྱས་པ་བརྒྱུད་ཡི་གེའི་འབྲི་གཞིར་སྤྱད་པ་དང་། དེ་དག་རེ་རེ་འཐུམ་སྒྲིལ་གྱིས་གླེགས་བམ་དུ་བྱས་པ་དག་ལ་ཤིང་ཏ་ལའི་ལོ་མའི་དཔེ་ཆ་ཟེར་གྱི་ཡོད། ཏ་ལའི་ལོ་མའི་དཔེ་ཆ་ནི་མིག་སྔར་འཛམ་གླིང་ཐོག་གི་གནའ་བོའི་ཚད་ལྡན་ཡིག་ཆའི་ཁྲོད་རྩ་ཆེ་ཤོས་ཀྱི་གདོད་མའི་དཔྱད་གཞིའི་གྲས་ཡིན་ལ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཀྱི་གལ་ཆེའི་གྲུབ་ཆའི་གྲས་ཀྱང་ཡིན།

     བོད་དུ་ཉར་ཚགས་བྱས་པའི་ཏ་ལའི་ལོ་མའི་གླེགས་བམ་ཡིག་ཆ་དེ་དག་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བང་མཛོད་ནང་གི་འོད་མདངས་བཀྲ་བའི་མུ་ཏིག་ལྟ་བུ་ཞིག་ཡིན་ལ། གནའ་བོའི་རྒྱ་གར་གྱི་རིག་གནས་དང་རང་རྒྱལ་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྤེལ་རེས་བྱས་པའི་ལོ་རྒྱུས་ཀྱི་དཔང་པོའང་ཡིན། ད་ཕན་ལོ་ཤས་རིང་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་གནང་ནས་བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ནང་ཁུལ་དུ་ཉར་ཚགས་བྱས་པའི་ཏ་ལའི་ལོ་མའི་དཔེ་ཆ་བྲིས་མར་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་པའི་ལས་དོན་རབ་རིམ་སྤེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།

     བོད་ལྗོངས་ནང་བསྟན་སློབ་ཆེན་གྱི་དགེ་རྒན། འབུམ་རམས་པ་བཀྲ་ཕུན་ལགས་ཀྱིས་ངོ་སྤྲོད་གནང་བར། བོད་ལྗོངས་ཀྱིས་2006ལོ་ནས་འགོ་ཚུགས་ཏེ་ལོ་ངོ་སྟོང་ཕྲག་རིང་གི་རིག་གནས་ཤུལ་བཞག་ཤིང་ཏ་ལའི་ལོ་མའི་གླེགས་བམ་དག་ལ་སྲུང་སྐྱོབ་ཡག་པོ་བྱེད་པར་དམིགས་ཏེ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པའི་ཐོ་འགོད་ལས་དོན་སྤེལ་ཡོད། མིག་སྔའི་ཆར་ཐོ་འགོད་སྲུང་སྐྱོང་ཞུས་པའི་གླེགས་བམ་པོ་ཏི་ཆིག་སྟོང་ལྷག་ལ་ཤོག་གྲངས་དྲུག་ཁྲི་ཙམ་ཡོད། དེའི་རྨང་གཞིའི་ཐོག་སཾ་བོད་རྒྱ་དབྱིན་ཤན་སྦྱར་གྱི་དཀར་ཆག་བསྒྲིགས་པ་སོགས་ལྗོངས་ཡོངས་སུ་གཞི་ཁྱོན་ཆེ་བའི་བསྐྱར་བཤེར་དང་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་སྤེལ་ཡོད་ཅེས་ངོ་སྤྲོད་གནང་འདུག ཁོང་གིས་བོད་དུ་ཡོད་པའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་དེ་དག་ནི་དུས་ཡུན་རིང་པོའི་ནང་ཕྱི་ཕྱོགས་ལ་རིག་གནས་འབྲེལ་བ་བཙུགས་པའི་ལོ་རྒྱུས་ཀྱི་མཚོན་ཚུལ་ཞིག་ཡིན་ཞེས་དང་རི་བོ་ཧི་མ་ལ་ཡའི་ལྷོ་བྱང་དུ་གནས་པའི་མི་རིགས་ཁག་བར་གྱི་མཛའ་གཅུགས་ཀྱང་མཚོན་གྱི་ཡོད། དེ་ལྟ་བུའི་ཏ་ལའི་ལོ་མའི་རིག་གནས་ཤུལ་ལམ་དེ་སྤྱི་ལོའི་དུས་རབས་བདུན་པ་ནས་འགོ་ཚུགས་ཏེ། དུས་རབས་ཉི་ཤུ་བར་རྒྱུན་མཐུད་བྱས་ཡོད་པས་དུས་ཡུན་རིང་བ་དང་། གཞི་ཁྱོན་ཆེན་པོ་ཡོད་ཅེས་གསུངས་འདུག

     བཀྲ་ཤིས་ཕུན་ཚོགས་ལགས་ནི་ཡུན་རིང་ལེགས་སྦྱར་སྐད་དང་། ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་ཀྱི་ཐད་སློབ་གཉེར་དང་ཞིབ་འཇུག་གནང་བཞིན་ཡོད་ལ། བོད་ནས་རྙེད་པའི་ལེགས་སྦྱར་སྐད་ཀྱི་རྒྱ་དཔེ་ཆོས་ཀྱི་བདུད་རྩི་ཚིག་བཅད་ལྟ་བུ་གསུང་རབ་བསྟན་བཅོས་འགའ་བོད་རྒྱ་སྐད་གཉིས་ཐོག་ཕབ་བསྒྱུར་ཞུ་བཞིན་ཡོད།
     བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས། 2006ལོར་ཀྲུང་དབྱང་ནས་དངུལ་རྩ་འབོར་ཆེན་བཏང་བ་དང་། རིམ་ཁག་སྲིད་གཞུང་སྡེ་ཚན་གྱི་དབུ་ཁྲིད་ཀྱི་གལ་ཆེའི་བཀའ་སློབ་དང་མཛུབ་སྟོན་འོག བོད་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་ད་ཡོད་ཀྱི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་བཙལ་འཚོལ་བྱས་པ་དང་། ལོ་ངོ་དྲུག་ལྷག་ཙམ་གྱི་དུས་ཚོད་ནང་ཁྱོན་ཤིང་ཏ་ལའི་ལོ་མའི་དཔེ་ཆ་ཤོག་གྲངས་དྲུག་ཁྲི་ལྷག་ཙམ་བཙལ་རྙེད་ཐུབ་ཡོད། དེ་ནི་ད་ཡོད་བོད་ཀྱི་ནང་ཁོངས་སུ་ཤེས་རྟོགས་བྱུང་བའི་ཤིང་ཏ་ལའི་ལོ་མའི་གཞི་ཁྱོན་གྱི་གནས་སྟངས་ཤིག་རེད་ཅེས་གསུངས་འདུག

     བོད་ཀྱི་ད་ཡོད་ཤིང་ཏ་ལའི་ལོ་མའི་དཔེ་ཆ་བྲིས་མའི་ཁྲོད་དཔེ་རྒྱུན་དཀོན་རིགས་དང་།གནའ་དཔེ་རྩ་ཆེན། རྩ་ཆེའི་དཔེ་དེབ་བཅས་ཀྱི་རིགས་མི་ཉུང་བ་ཞིག་ཡོད་པ་དང་དུས་རབས་བཅུ་གཅིག་པའི་བྲིས་མ《དབུ་མའི་སྙེ་མ་》ཡོད་པ་མ་ཟད། 《མདོ་སྡེ་དྲི་མེད་གྲགས་པ་》《ཚད་མ་རྣམ་འགྲེལ་》《གསོ་རིག་སྙིང་པོ་ཡན་ལག་བརྒྱད་པ་》ལྟ་བུ་ད་བར་མཐོང་དཀོན་པའི་བོད་འགྱུར་དང་རྒྱ་འགྱུར་གྱི་མ་དཔེ་རྩ་ཆེན་མི་ཉུང་བ་ཞིག་བརྙེད་ཡོད། དེ་བཞིན་དུ་ལེགས་སྦྱར་ཁོ་ན་མ་ཡིན་པར་པཱ་ལི་ལྟ་བུ་རང་བཞིན་པའི་སྐད་དང་ཟུར་ཆག་གི་སྐད་དུ་བཞུགས་པའི་ཡིག་གཟུགས་འདྲ་མིན་གྱི་མ་དཔེ་རྩ་ཆེན་ཡང་བཞུགས། ལྷག་དོན་དུ་བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་བྲིས་མ་དེ་དག་ནང་བོད་ཀྱི་བཅུ་ཕྲག་རིག་གནས་གྱི་ཁུངས་ཕལ་མོ་ཆེ་བཞུགས་ཡོད་པས་མ་དཔེ་དེ་དག་ལ་ཞིབ་འཇུག་དང་ཉར་ཚགས་ཀྱི་རིན་ཐང་དེ་བས་ཆེན་པོ་ལྡན་ཡོད།

རྩོམ་སྒྲིག་པ།སྣང་རྡོར།