2020ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཞེས་པའི་རྒྱལ་ཡོངས་འགྲན་སྡུར་ལས་བོད་ལྗོངས་འགྲན་ཁུལ་གྱི་འདེམས་སྒྲུག་མགོ་བརྩམ་ལ་ཉེ།
སྤེལ་དུས 2019-11-27
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།《ཀྲུང་གོའི་གླུ་སྐད་སྙན་མོ》ཞེས་པ་དེ་2012ལོར་ཐེངས་དང་པོ་བསྒྲུབས་པ་ནས་བཟུང་རྒྱ་ཆེ་བའི་གླུ་དབྱངས་དགའ་ཞེན་པ་རྣམས་ཀྱིས་རང་གི་ཕུགས་འདུན་མངོན་འགྱུར་བྱེད་པར་གར་སྟེགས་ཤིག་མཁོ་འདོན་བྱས་ཡོད་ལ་གླུ་དབྱངས་ཀྱི་ཚ་རླབས་ཆེན་པོ་ཞིག་ཀྱང་འཕྱུར་ཡོད། ཟླ་11པའི་ཚེས་24ཉིན་གྱི་ཕྱི་དྲོར། 2020ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་རྒྱལ་ཡོངས་འགྲན་སྡུར་ལས་བོད་ལྗོངས་འགྲན་ཁུལ་གྱི་ཕུན་ཀྲུའུ་རིག་གནས་ཡུལ་སྐོར་དཔུང་ཁག་གི་འགོ་ཚུགས་མཛད་སྒོ་དེ་བར་སྐོར་གྱི་དུས་རླབས་རིག་གནས་ཐང་ཆེན་དུ་འཚོགས། 2020ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་སི་ཁྲོན་བོད་ཁུལ་འགྲན་ཁུལ་གྱི་ཚོགས་གཙོ་གཞོན་པ་ཧོ་ཞང་དང་། 2020ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་བོད་ལྗོངས་འགྲན་ཁུལ་གྱི་སྤྱིའི་བློ་འདོན་པ་ཞང་ཞུའེ་ཧའེ་སོགས་འགོ་ཚུགས་མཛད་སྒོར་ཞུགས་ཏེ་2020ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་རྒྱལ་ཡོངས་འགྲན་སྡུར་ལས་བོད་ལྗོངས་འགྲན་ཁུལ་གྱི་ཀྲུང་གོའི་གླུ་སྐད་སྙན་མོའི་ཕུན་ཀྲུའུ་རིག་གནས་ཡུལ་སྐོར་དཔུང་ཁག་ལ་བྱང་བུ་སྤྲད་པ་དང་དཔྱད་འདེམས་པར་ལག་ཁྱེར་ཡང་གནང་བ་རེད།

2020ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་རྒྱལ་ཡོངས་འགྲན་སྡུར་ལས་བོད་ལྗོངས་འགྲན་ཁུལ་དུ་ཀྲུང་གོའི་གླུ་སྐད་སྙན་མོའི་ཕུན་ཀྲུའུ་རིག་གནས་ཡུལ་སྐོར་དཔུང་ཁག་ཆེད་དུ་བཙུགས་ཤིང་། 《ཀྲུང་གོའི་གླུ་སྐད་སྙན་མོ་》ཡི་འབྲེལ་ཡོད་གཏན་འབེབས་ལྟར། གོང་རིམ་གཙོ་གཉེར་སྡེ་ཚན་གྱི་མཛུབ་ཁྲིད་འོག་འབྲེལ་ཡོད་ལས་དོན་སྤེལ་རྒྱུ་རེད། 2020ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་བོད་ལྗོངས་འགྲན་ཁུལ་གྱི་ཕུན་ཀྲུའུ་རིག་གནས་ཡུལ་སྐོར་དཔུང་ཁག་གིས་ཆེད་ལས་ཅན་གྱི་དམིགས་བསལ་གདན་ཞུས་དཔྱད་འདེམས་པ་གདན་དྲངས་ནས་འགྲན་བསྡུར་ཡོངས་ལ་ཆེད་ལས་ཀྱི་ཤན་འབྱེད་བྱས་ཏེ། གོ་རིམ་ལྡན་པ་དང་། སྒྲིག་འཛུགས་ཡོད་པ། ལས་ཆོད་ཆེ་བ། ལག་བསྟར་ཇུས་གཞི་ཞིབ་ཕྲ་ཡོད་པ་བཅས་ཀྱི་སྒོ་ནས་བོད་ལྗོངས་འགྲན་ཁུལ་ཡོངས་ཀྱི་འབྲེལ་ཡོད་འགྲན་བསྡུར་ལས་དོན་ལག་བསྟར་ཡག་པོ་བྱ་རྒྱུ་རེད།

འགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ། 2019ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་རྒྱལ་ཡོངས་འགྲན་སྡུར་ལས་བོད་ལྗོངས་འགྲན་ཁུལ་གྱི་གྲགས་ཅན་སློབ་མ་སྲི་ཐར་དོན་གྲུབ་དང་བདེ་སྐྱིད། 2019ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་རྒྱལ་ཡོངས་འགྲན་སྡུར་ལས་བོད་ལྗོངས་འགྲན་ཁུལ་གྱི་རྩེ་གྲས་ལྔ་ཡི་ཁྲོད་དུ་ཚུད་པའི་སློབ་མ་ཕུན་ཚོགས། 2017ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་རྒྱལ་ཡོངས་འགྲན་སྡུར་ལས་ཨང་དང་པོ་ཐོབ་མཁན་བཀྲ་ཤིས་ཕུན་ཚོགས་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་གླུ་གཞས་བཏང་བས་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་པ་རེད།
“སྤེལ་འཆར་ཡོད་པའི་འགྲན་བསྡུར་འདིའི་ནང་། ང་ཚོའི་ཆེད་ལས་དཔྱད་འདེམས་ཞིབ་བཤེར་ཚོགས་པས་འགྲན་སྡུར་ཡོངས་ལ་འགན་འཁུར་བ་དང་སློབ་མ་རེ་རེར་འགན་འཁུར་ནས་མ་འོངས་པའི་འགྲན་བསྡུར་གྱི་ཆེད་ལས་རང་བཞིན་དང་། དྲང་གཞག་རང་བཞིན། ཡོངས་བསྒྲགས་རང་བཞིན། དབང་གྲགས་རང་བཞིན་བཅས་ལ་འགན་ལེན་ཅི་ཐུབ་བྱས་ཏེ། བོད་ལྗོངས་འགྲན་ཁུལ་གྱི་སྟོབས་ཤུགས་ངོ་མ་འདོན་སྤེལ་བྱ་རྒྱུའི་འགན་འཁུར་རྒྱུ་ཡིན།”ཞེས་2020ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་རྒྱལ་ཡོངས་འགྲན་སྡུར་ལས་བོད་ལྗོངས་འགྲན་ཁུལ་གྱི་འགན་འཁུར་བའམ་འགྲན་སྡུར་ལག་བསྟར་གྱི་སྤྱིའི་འཁྲབ་ཁྲིད་པ་ཀྲོའུ་ཁྲུང་གིས་དེ་ལྟར་བཤད།
རྒྱུས་ལོན་བྱུང་བར་ལྟར་ན། 2020ལོའི་《ཀྲུང་གོའི་གླུ་སྐད་སྙན་མོ》ཡི་བོད་ལྗོངས་འགྲན་ཁུལ་གྱི་འདེམས་སྒྲུག་དེ་2019ལོའི་ཟླ་12པའི་ཚེས་7ཉིན་ནས་2020ལོའི་ཟླ་5པའི་ཚེས་25ཉིན་བར་བར་སྐོར་དུས་རླབས་རིག་གནས་ཐང་ཆེན་དུ་སྤེལ་རྒྱུ་ཡིན་པ་དང་། ཐེངས་བཅུ་ལྷག་ལ་འགྲན་སྡུར་བྱས་ཏེ་ཕུལ་བྱུང་གི་སྐད་སྙན་སློབ་མ་ལྔ་བདམས་ནས་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།