► ནག་ཆུའི་སློབ་ཐོན་སློབ་མ་28ཀྲེ་ཅང་ལ་ལས་ཀ་རག་འདུག
སྤེལ་དུས 2019-12-10
ཡོང་ཁུངས།
རྩོམ་པ་པོ།
ཟླ་12ཚེས་8ཉིན། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་ཆུས་ཀྲང་འཕྲིན་ལས་དར་རྒྱས་ཧང་ཀྲོའུ་གྲོང་ཁྱེར་ཧྥུའུ་དབྱང་ཆུས་ཅང་ཧྥུང་མ་རྐང་ཚད་ཡོད་ཀུང་སིར་ཡོང་ནས་གནས་འདིར་ལས་ཀ་བྱེད་བཞིན་པའི་ནག་ཆུའི་མཐོ་སློབ་སློབ་ཐོན་སློབ་མར་འཚམས་འདྲི་བྱས་འདུག
ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་ཏའོ་ཝུན་ཧྥ་འདི་ལོ་ཏ་ལེན་ལས་བཟོའི་སློབ་ཆེན་ཐོན་པ་དང་། ཟླ་11པར་ཅང་ཧྥུང་མ་རྐང་ཚད་ཡོད་ཀུང་སིའི་སྲིད་འཛིན་ལྟེ་གནས་སུ་ལས་ཀ་བྱེད་ཀྱི་ཡོད། དུས་རྒྱུན་དུ་ནས་ཁོ་བོ་བློ་བག་ཡངས་ལ་ཁ་སོ་འཕེལ་པོ་ཡོད་པས། ལས་རོགས་དང་འགོ་ཁྲིད་ཚང་མས་དགའ་པོ་བྱེད་ཀྱི་ཡོད།
ཅང་ཧྥུང་མ་རྐང་ཚད་ཡོད་ཀུང་སིའི་སྲིད་འཛིན་ལས་མི་ཏའོ་ཝུན་ཧྥ་ཡིས“དང་ཐོག་ང་ཚོ་གང་ཅིའི་ཐད་ལ་གོམས་ཀྱི་མི་འདུག མ་ཟད་ཕ་མ་སྤུན་མཆེད་ཀྱང་ཧ་ཅང་དྲན་གྱི་འདུག དུས་ཚོད་གང་ཙམ་སོང་རྗེས། སེམས་ལྷོད་ལ་བབས་ནས་ལས་ཀ་བྱེད་པའི་སེམས་ཤུགས་ཀྱང་ཆེས་ཆེར་འཕེལ་སོང་ཞེས་བཤད་ཅིང་། ཁོང་གིས་སྲིད་གཞུང་དང་ཀུང་སིས་ང་ཚོར་ལྟ་རྟོག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རང་གིས་ཀྱང་སློབ་སྦྱོང་ཧུར་ཐག་བྱས་ནས་གང་མགྱོགས་ལས་ཀ་གོམས་པ་བྱ་རྒྱུ་ཡིན་ལ། ཕྱིས་སུ། ཀྲེ་ཅང་དུ་ཁང་པ་ཉོས་ཏེ་གཞིས་ཆགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད་བྱུང་།

གསར་འགོད་པས་དེ་གོང་ཀྲེ་ཅང་ཞིང་ཆེན་བོད་སྐྱོར་བཀོད་འདོམས་པུའུ་ཁག་དགུ་པས་འབྲེལ་བ་བྱས་པ་བརྒྱུད། ནག་ཆུ་གྲོང་ཨུད་ཀྱི་གྲོང་ཁྱེར་སྲིད་གཞུང་དང་ཧང་ཀྲོའུ་གྲོང་ཨུད་ཀྱི་གྲོང་ཁྱེར་སྲིད་གཞུང་དབར་ཐུན་མོང་ངོས་འཛིན་བྱུང་ནས་ཐེམ་ཁུངས་ནག་ཆུ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཧྥུའུ་དབྱང་ཆུས་དང་ཐུང་ལུའུ་རྫོང་གི་འབྲེལ་ཡོད་ཁེ་ལས་སུ་ལས་ཀ་རག་པ་ཤེས་བྱུང་། ཟླ་11ཚེས་1ཉིན། ཏའོ་ཝུན་ཧྥ་དང་འདྲ་བའི་ནག་ཆུའི་མཐོ་སློབ་སློབ་ཐོན་སློབ་མ་28ཧང་ཀྲོའུ་གྲོང་ཁྱེར་གྱི་ཧྥུའུ་དབྱང་ཆུས་དང་ཐུང་ལུའུ་རྫོང་གཉིས་སུ་ལས་ཞུགས་ཐུབ་པའི་ནང་སློབ་མ་14ཧྥུའུ་དབྱང་ཆུས་ཧྥུའུ་ཁྲུན་ཁྲོམ་གཞུང་གི་ཀྲེ་ཅང་ཅིན་ཀུའུ་མ་རྐང་ཚད་ཡོད་ཀུང་སི་དང་ཅང་ཧྥུང་མ་རྐང་ཚད་ཡོད་ཀུང་སིར་ལས་ཀ་བྱེད་ཀྱི་ཡོད། དེ་མིན་གྱི་སློབ་མ་14ཐུང་ལུའུ་རྫོང་དཔལ་འབྱོར་གསར་སྤེལ་ཁུལ་ཧའེ་ཁང་ཝེ་ཧྲི་གློག་རྡུལ་ཚད་ཡོད་ཀུང་སི་དང་། ཆན་ཀྲི་ཡ་འཕྲོད་བསྟེན་མཁོ་ཆས་ཚད་ཡོད་ཀུང་སི། ཀྲེ་ཅང་ཨེ་ལུའོ་དྲ་རྒྱའི་ནུས་རྒྱུ་ལག་རྩལ་ཚད་ཡོད་ཀུང་སི་བཅས་སུ་ལས་ཀ་བྱེད་ཀྱི་ཡོད།

ཧང་ཀྲོའུ་རུ་ལས་ཀ་བྱེད་བཞིན་པའི་ནག་ཆུའི་མཐོ་སློབ་སློབ་ཐོན་སློབ་མ་ཕུར་རྒྱལ་གྱིས“ཁེ་ལས་ཀྱི་གནས་ཚུལ་ལ་རྒྱུས་མངའ་ལོན་རྗེས། ང་ཚོ་ཧ་ཅང་དགའ་པོ་བྱུང་། ཧང་ཀྲོའུ་གྲོང་ཨུད་ཀྱི་གྲོང་ཁྱེར་སྲིད་གཞུང་དང་། ནག་ཆུ་གྲོང་ཨུད་ཀྱི་གྲོང་ཁྱེར་སྲིད་གཞུང་། ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་བཀོད་འདོམས་པུའུ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱིས་སུ། ང་ཚོས་ལས་ཀ་ཧུར་ཐག་བྱས་ཏེ་ཐོབ་པར་དཀའ་བའི་གོ་སྐབས་དེར་གཅེས་འཛིན་བྱ་རྒྱུ་ཡིན”ཞེས་བརྗོད་བྱུང་།
ས་གནས་དེ་གའི་སྲིད་གཞུང་དང་ཁེ་ལས་ཀྱིས་ཀྱང་ཀྲེ་ཅང་དང་ཧང་ཀྲོའུ་རུ་ལས་བགོས་བརྒྱབ་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྤྱི་པའི་ཞབས་ཞུ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། འགན་ལེན་ནུས་ལྡན་མཁོ་འདོན། ངོས་འཛིན་སྔར་བས་མཐོ་རུ་གཏོང་བ། རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ། ལས་རིགས་རྩལ་ནུས་གསོ་སྦྱོང་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཁེ་ལས་ལ་བཅངས་པའི་བཟོ་པའི་བརྩེ་སེམས་ཟབ་ཏུ་གཏོང་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།