ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བརྩེ་སེམས་ཟབ་མོས་མི་སེམས་དྲོ་བར་བྱས།

སྤེལ་དུས 2020-01-28 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

        དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དམངས་སྲིད་ཅུས་ཀྱིས་རྫོང་དེའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱི་རྒན་རྒོན་ཚོར་ལོ་རྙིང་ཕར་ལ་སྐྱེལ་བ་དང་ལོ་གསར་ཚུར་ལ་བསུས་ཤིང་། འདི་ནི་ལས་དོན་མི་སྣ་ཀུན་བཟང་ལྷ་མོ(གཡོན)དང་རྒན་རྒོན་ཚོ་མཉམ་དུ་ལོ་གསར་གཏོང་བཞིན་པ།

        ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ནི་སྲིད་གཞུང་གིས་མ་འཇོག་བྱས་ནས་གསར་དུ་བསྐྲུན་པའི་གཡོག་བྱེད་དང་། དྲག་སྐྱེད། སྨན་བཅོས། སློབ་གསོ། སྤྲོ་གསེང་། རོལ་རྩེད་བཅས་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་རྣམ་པའི་སྤྱི་ཚོགས་ཀྱི་ཕན་བདེའི་ཞབས་ཞུའི་སྒྲིག་གཞི་ཞིག་ཡིན་པ་རེད། ད་ཆ་མི་ཧྲེང་རྒན་རྒོན་96ཡོད་པ་དེ་དག་གིས་ཚེ་མཇུག་བདེ་བར་རོལ་བ་དང་། “གྱོན་གོས་དང་། བཟའ་བཅའ། སྡོད་གནས། འགྲོ་སྐྱོད། སྨན་བཅོས། དུར་སྐྱེལ”བཅས་ཚང་མར་ཕྱོགས་ཡོངས་ནས་འགན་ལེན་བྱུང་ཡོད། འདི་ནི་རྒན་རྒོན་ཚོས་ལུས་སྦྱོང་བྱེད་བཞིན་པ།

        ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་གྱི་འཐབ་ས་དང་པོའི་ཁོར་ཡུག་གཙང་སྦྲའི་བཟོ་པས་འཕྲོད་བསྟེན་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་གྱི་ཁྲོམ་གཞུང་གི་ལམ་ངོས་གཙང་ཞིང་གྲལ་འགྲིག་པོ་ཡོང་བ་བྱས་ཏེ་གྲོང་མིར་གཙང་ཞིང་གྲལ་འགྲིག་པའི་འཚོ་བའི་ཁོར་ཡུག་གཏོད་ཐུབ་པའི་འགན་ལེན་བྱས་ཤིང་། འདི་ནི་ཁོར་ཡུག་གཙང་སྦྲའི་བཟོ་པས་ཁྲོམ་གཞུང་ཐོག་གད་སྙིགས་གཙང་སེལ་བྱེད་བཞིན་པ།

རྩོམ་སྒྲིག་པ། སངས་སྐྱབས།