དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གཏམ་བཟང་། བོད་སྨན་འདི3ལ་རིམས་འགོག་སྨན་སྦྱོར་ཨང་རྟགས་ཐོབ་འདུག

སྤེལ་དུས 2020-02-14 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

        ཟླ་2ཚེས་1ཉིན། ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་སྨན་སྦྱོར་ཐོ་འགོད་དམིགས་བསལ་ཞིབ་བཤེར་ལམ་ལུགས་གཉེར་བ་ནས་བཟུང་། སྨན་རྩིས་ཁང་སྨན་སྦྱོར་ཁང་གིས་དུས་ཐོག་ཏུ་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ། ནག་པོ་དགུ་སྦྱོར་སོགས་སྨན་སྣ་གསུམ་སྨན་ཁང་ནང་ཁུལ་གྱི་སྨན་སྦྱོར་ཁོངས་གཏོགས་སུ་ཐོ་འགོད་སྙན་ཞུ་བྱས་ཤིང་། བོད་ལུགས་གསོ་རིག་གི་རིག་པའི་གཞུང་ལུགས་དང་བོད་སྨན་མཁས་དབང་གི་བརྒལ་བརྟག་དགོངས་འཆར་གྱི་རྨང་གཞིའི་ཐོག དུས་ཐོག་ཏུ་སྙན་ཞུ་ལེགས་གྲུབ་དང་སྨན་སྦྱོར་ཨང་རྟགས་ལེན་ཐུབ་ཡོད་དེ། ནག་པོ་དགུ་སྦྱོར(བོད་སྨན་སྨན་སྦྱོར་ཐོ་འགོད་ཨང་Z20200007000)དང་། རིན་ཆེན་མང་སྦྱོར་ཆེན་མོ(བོད་སྨན་སྨན་སྦྱོར་ཐོ་འགོད་ཨངZ20200008000) ཕུར་ནག་དགུ་ཐང(བོད་སྨན་སྨན་སྦྱོར་ཐོ་འགོད་ཨང་Z20200045000)བཅས་རེད།

        གཞན་ཡང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་སྤེལ་བའི་གནས་ཚུལ་ལྟར་ན། 
        བོད་ལུགས་གསོ་རིག་དང་བོད་སྨན་གྱིས་ཧུའུ་པེའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་ལ་ནུས་པ་འདོན་ཆེད། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་སྐྱེད་སྨན་ཁང་དང་ཁེ་ལས་སྒྲིག་འཛུགས་བྱས་ནས། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིམས་འགོག་སྨན་རྫས་ཞལ་འདེབས་བརྒྱབ་པ་རེད།

        ཞལ་འདེབས་ཕུལ་བའི་རིམས་འགོག་བོད་སྨན།
        ཉེ་ཆར། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སྨན་ཁང་གི་ལས་སྣོན་སྨན་རྫས་ལྟེ་གནས་ནས་ཐོན་སྐྱེད་བྱས་པའི་བོད་ཀྱི་གསོ་བ་རིག་པའི་རིམས་འགོག་སྨན་ནག་པོ་དགུ་སྦྱོར་10000དང་བདུད་རྩི་རྟགས་ཅན་བོད་སྨན་གྱིས་ཐོན་སྐྱེད་བྱས་པའི་རིམས་འགོག་སྨན་སྤོས་སྒམ་10ཧུའུ་པེ་ཞིང་ཆེན་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་སྨན་ཁང་སོགས་སྨན་བཅོས་ལས་ཁུངས་ཀྱི་ནད་རིམས་འགོག་པའི་འཐབ་ས་དང་པོར་བསྐུར་ནས། ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཞོགས་འདེགས་བྱས་པ་རེད།
ཞལ་འདེབས་དངོས་ཟོག་སྦྲག་སྐུར་བྱེད་བཞིན་པ།
        བོད་ཀྱི་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི་སོགས་གསོ་རིག་གི་དཔེ་རྙིང་ཚད་ལྡན་དག་གི་ནང་གློ་བུར་དུ་ཐོན་པའི་འགོས་ནད་འགོག་བཅོས་ཐད་བརྒྱུད་རིམ་ལྡན་པའི་རིག་གཞུང་གི་རྒྱས་བཤད་བྱས་ཡོད་ལ། ལོ་ངོ་1300ལྷག་ཙམ་གྱི་ལག་ལེན་ནང་རིམས་འགོག་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད། དེས་ན་ཐེངས་འདིའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཁྱད་ཆོས་ལ་དམིགས་ནས། བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་དོ་དམ་ཅུས་ཀྱིས་ལྗོངས་ནང་ཁུལ་གྱི་དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས། 《བོད་རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་འགོག་བཅོས་ཐད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འགོག་བཅོས་ཇུས་གཞི(པར་གཞི་དང་པོ)》ཞེས་པ་བཟོས་པ་དང་འབྲེལ《ཇུས་གཞི》ལྟར། ལྗོངས་ཡོངས་ཀྱི་རིམ་ཁག་བོད་ལུགས་གསོ་རིག་སྨན་ཁང་དང་བོད་སྨན་ཐོན་སྐྱེད་ཁེ་ལས་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས། ཏོག་གསར་གློ་ཚད་སྔོན་འགོག་གི་རིམས་འགོག་བོད་སྨན་དང་། དེ་བཞིན་འབྲེལ་ཡོད་ཐོན་རྫས་ཐོན་སྐྱེད་དང་མཁོ་སྤྲོད་མགྱོགས་མྱུར་བྱས་པར་མི་རིགས་ཁག་གི་མང་ཚོགས་ཀྱིས་དགའ་བསུ་ཞུས་ཡོད།
རྩོམ་སྒྲིག་པ།སྣང་རྡོར།