ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་སུ་དང་བླངས་པས་རིན་མེད་ཁྲག་འབུལ་ཏེ་གཅེས་སེམས་མཚོན་པ།

སྤེལ་དུས 2020-02-24 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

       འདི་ནི་ཟླ2པའི་ཚེས21ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་རིན་མེད་ཁྲག་འབུལ་དང་བླངས་པས་བོད་ལྗོངས་ཁྲག་རྒྱུན་ལྟེ་གནས་ཀྱི་ཁྲག་འབུལ་རླངས་འཁོར་འགྲམ་དུ་མཉམ་པར་ལེན་བཞིན་པའི་ཚུལ་རེད།
         ཉེ་ལམ། བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་ཀྱི་ཁྲག་འདོན་བྱ་བར་ཤུགས་སྣོན་བྱ་ཆེད། བོད་རང་སྐྱོང་ལྗོངས་རིན་མེད་ཁྲག་སྦྱིན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་གྲོས་འགོའི་འོག་རང་སྐྱོང་ལྗོངས་ཀྱི་རིན་མེད་ཁྲག་སྦྱིན་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་སྡེ་ཚན17གྱི་དང་བླངས་པ700ཙམ་གྱིས་རང་འགུལ་ངང་ཁྲག་སྦྱིན་ཕུལ་ནས་གཅེས་སེམས་མཚོན་པར་བྱས་པ་རེད། 

འདི་ནི་ཟླ2པའི་ཚེས21ཉིན་བོད་ལྗོངས་ཁྲག་རྒྱུན་ལྟེ་གནས་ཀྱི་ལས་བྱེད་མི་སྣས་བོད་ལྗོངས་ཞིན་ཧྭ་དཔེ་ཁང་གི་དང་བླངས་པ་བསྟན་འཛིན་ལ་ལུས་དྲོད་འཇལ་བཞིན་པའི་ཚུལ་རེད།

    འདི་ནི་ཟླ2པའི་ཚེས21ཉིན་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དང་བླངས་པ་ཁྲའེ་ཧྥ་ཀྲིན་གྱིས་བོད་ལྗོངས་བོད་ལྗོངས་ཁྲག་རྒྱུན་ལྟེ་གནས་ཀྱི་ཁྲག་ལེན་རླངས་འཁོར་སྟེང་ཁྲག་འབུལ་བཞིན་པའི་ཚུལ་རེད།

འདི་ནི་ཟླ2པའི་ཚེས21ཉིན་བོད་ལྗོངས་ཏང་ཨུ་དྲིལ་བསྒྲགས་པུའུ་ཡི་དང་བླངས་པ་ལིས་ཁུང་དབྱི་ཡིས་བོད་ལྗོངས་བོད་ལྗོངས་ཁྲག་རྒྱུན་ལྟེ་གནས་ཀྱི་ཁྲག་ལེན་རླངས་འཁོར་སྟེང་ཁྲག་འབུལ་བཞིན་པའི་ཚུལ་རེད།

         འདི་ནི་ཟླ2པའི་ཚེས21ཉིན་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་དང་བླངས་པས་བོད་ལྗོངས་ཁྲག་རྒྱུན་ལྟེ་གནས་ཀྱི་ཁྲག་ལེན་རླངས་འཁོར་འགྲམ་དུ་གྲལ་བསྒྲིགས་ནས་རིན་མེད་ཁྲག་འབུལ་ལ་གྲ་སྒྲིག་བྱེད་བཞིན་པའི་ཚུལ་རེད། 
རྩོམ་སྒྲིག་པ།སྣང་རྡོར།