ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཁོང་ཚོའི་བོད་ཀྱི་ལོ་གསར་གཏོང་སྟངས་གསར་པར་གཟིགས་དང་།

སྤེལ་དུས 2020-02-26 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
       བོད་ལྕགས་བྱི་ལོའི་ལོ་གསར་ཤར་བ་དང་བསྟུན་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་རང་ཁྱིམ་ནས་སྐད་འཕྲིན་དང་། འཕྲིན་ཐུང་། བརྙན་ལམ་བཅས་བརྒྱུད།  དགའ་ཉེ་སྤུན་མཆེད་དང་གྲོགས་པོ་གྲོགས་མོར་ལོ་གསར་གྱི་རྟེན་འབྲེལ་ཞུ་བཞིན་མཆིས།
       ཁྱིམ་དུ་བསྡད་ནས་ལོ་གསར་གཏོང་བ་ནི་རིམས་འགོག་ཚོད་འཛིན་གྱི་ལས་དོན་ལ་འགན་འཁྲི་འཁུར་བ་ཞིག་ཡིན་ཅིང་། བདེ་ཐང་བྱུང་ན་ཚང་མ་བཀྲ་ཤིས་བདེ་ལེགས་རེད།
       རིམས་ནད་ཐོན་པའི་དུས་སུ།  ང་ཚོས་ཁྱིམ་དུ་བསྡད་ནས་ལོ་གསར་གཏོང་བ་དང་། ལོ་གསར་སྟབས་བདེ་ཙམ་གཏོང་བ། ཤེས་དཔལ་ལྡན་པའི་ལོ་གསར་གཏོང་བ། མགྲོན་པོ་དང་འཚམས་འདྲིར་མི་སྐྱོད་པ། མི་མང་པོ་འདུ་འཛོམས་མི་བྱེད་པར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་ལ་འགོག་རྒོལ་དང་བདེ་ཐང་དུས་བདེའི་བོད་ཀྱི་ལོ་གསར་ཞིག་གཏོང་བའི་གྲོས་འགོ་འདོན་གྱི་ཡིན།
       ཁ་པར་ནས་ལོ་གསར་གྱི་ཤིས་ཚིག་འབུལ་བ་དང་བརྙན་ལམ་ནས་བཀྲ་ཤིས་སྨོན་འདུན་ཞུས་ཏེ་རང་ལྗོངས་ཀྱི་རྒྱ་ཆེའི་མང་ཚོགས་ཚོས་ཀུན་སེམས་གཅིག་ཏུ་བསྒྲིལ་ནས་དམངས་ཡོངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཛིང་རགས་བརྟན་པོ་ཞིག་བཏོད་ཡོད། 

       ལྷ་ས་གྲོང་ཁྱེར་གྱི་གྲོང་མི་བདེ་ཆོས་ཀྱིས་སྤུན་ཟླའི་བུ་མོ་གཉིས་ལ་ཕྱེ་མར་བཀྱག་ནས་བཀྲ་ཤིས་སྨོན་འདུན་ཞུ་བཞིན་པ། 

       ལྷ་ས་གྲོང་ཁྱེར་གྱི་གྲོང་མི་བདེ་སྐྱིད་ཀྱིས་ཁ་པར་ནས་གྲོགས་མོར་ལོ་གསར་གྱི་འཚམས་འདྲི་ཞུ་བཞིན་པ། 
       ང་ཚོས་བརྙན་ལམ་བརྒྱུད་མི་དམངས་ཉེན་རྟོག་པ་སྤེན་པ་ཚེ་རིང་གིས་ལོ་གསར་ཅི་འདྲ་གཏོང་བར་བལྟ་ཆོག

       ཉེན་རྟོག་པའི་ལས་ཀར་ཞུགས་ནས་ལོ་6སོང་བའི་སྤེན་པ་ཚེ་རིང་བསྟུད་མར་ལོ་5རིང་ཁྱིམ་དུ་ལོ་གསར་གཏོང་མྱོང་མེད། ད་ལོ་ཡང་དེ་ལས་མ་འདས། བྲེལ་འཚུབ་ཆེ་བའི་ཉིན་གང་གི་ལས་ཀ་མཇུག་འགྲིལ་རྗེས། ཁོང་གིས་ལས་རེས་ཁང་དུ་ནང་མི་དང་བརྙན་ལམ་ནས་ཁ་བརྡ་བྱས།

       བརྙན་ལམ་ནས་ནང་མིར་ལོ་གསར་གྱི་འཚམས་འདྲི་ཞུ་བཞིན་པའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་སྤེན་པ་ཚེ་རིང་། 
       རིམས་ནད་འགོག་རྒོལ་གྱི་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། ཉིན་32རིང་སྤེན་པ་ཚེ་རིང་ལ་རང་གི་བུ་ཐུག་མྱོང་མེད་པས། བརྙན་ལམ་ནི་ཁོང་ལ་རེ་ཞིག་ངལ་གསོའི་ཁོམ་པ་སྦྱིན་པའི་ཐབས་མཆོག་གཅིག་པུ་དེ་རེད།
རྩོམ་སྒྲིག་པ།སྣང་རྡོར།