ཆ་རྐྱེན་གསུམ་འཛོམས་ན་ད་གཟོད་སློབ་མགོ་འཛུཊ་པར་བསམ་བློ་གཏོང་ཆོག
སྤེལ་དུས 2020-03-11
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
སློབ་གསོ་པུ་ཡིས་སློབ་གྲྭ་རིམ་པ་ཁག་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སློབ་མགོ་འཛུགས་པའི་ཐད་བྱེད་ཐབས་གང་འདྲ་ཞིག་བཏོན་ཡོད་ཅེ་ན། སློབ་གསོ་པུའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཏེང་ཧྥུང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། སློབ་མགོ་འཛུགས་པའི་དུས་ཚོད་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་བརྡར་གཅོད་བྱེད་དགོས་པ་དང་། ཆ་རྐྱེན་གསུམ་འཛོམས་ཚེ་ད་གཟོད་སློབ་མགོ་འཛུགས་ཆོག་ཅེས་བརྗོད་ཡོད།

ཝང་ཏེང་ཧྥུང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་མགོ་ཁྲིད་ཚོགས་ཆུང་གི་བརྡ་ཐོར་བལྟས་ན། རྩ་དོན་ཐོག་མུ་མཐུད་སློབ་མགོ་འཛུགས་རྒྱུ་ཕྱི་སྣུར་བྱ་རྒྱུ་ཡིན་ཞིང་། སློབ་གསོ་པུས་ཉེ་དུས་སློབ་མགོ་འཛུགས་པའི་ཐད་རྩ་དོན་རང་བཞིན་གྱི་བླང་བྱ་ཞིག་བཏོན་ཡོད་པ་ནི་ཆ་རྐྱེན་གསུམ་འཛོམས་རྗེས་ད་གཟོད་སློབ་མགོ་འཛུགས་རྒྱུར་བསམ་བློ་གཏོང་ཆོག་པ་དེ་རེད་ཅེས་དང་། ཆ་རྐྱེན་དང་པོ་ནི་རིམས་ནད་གཞི་རྩའི་ཆ་ནས་ཚོད་འཛིན་ཐུབ་པ་སྟེ། གཞི་རྩའི་ཆ་ནས་ཚོད་འཛིན་ཐུབ་པ་ཞེས་པ་ནི་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱ་དགོས་ཤིང་། བྱེ་བྲག་ཏུ་རྫོང་རིམ་པ་ཚུན་ཆད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ཚུད་ཡོད། གཉིས་པ་ནི་སྤྱི་ཚོགས་དང་ཁྱིམ་བདག་གམ་ཡང་ན་མི་ཕལ་ཆེ་བས་སློབ་མགོ་འཛུགས་རྒྱུ་ནི་བདེ་འཇགས་ཡིན་པའི་ངོས་འཛིན་གཅིག་མཐུན་ཡོང་བ། གསུམ་པ་ནི་སློབ་མགོ་ཚུགས་རྗེས་དགོས་ངེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་དང་ཆ་རྐྱེན་ཚང་བ་བཅས་རེད། ཆ་རྐྱེན་འདི་གསུམ་འཛོམས་རྗེས་ནམ་ཞིག་ལ་སློབ་མགོ་འཛུགས་པར་གཞི་ནས་བསམ་བློ་གཏོང་ཆོག་ཅེས་བརྗོད་འདུག
རྩོམ་སྒྲིག་པ།སྣང་རྡོར།