ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དྲ་ལམ་སློབ་ཁྲིད་བྱེད་སྐབས་འདི་དག་ངེས་པར་དུ་གཟབ་དགོས།

སྤེལ་དུས 2020-03-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        སློབ་མ་མང་པོ་ཞིག་ལ་དྲ་ལམ་སློབ་ཁྲིད་འཚོག་པའི་ཁྲོད་ནས་མགོ་སྐོར་ཐེབས་བཞིན་པ་དང་ཁྱིམ་བདག་རྣམས་ཀྱིས་སློབ་མར་འདི་ལྟར་དྲན་སྐུལ་ཞུ་འོས།
        དོགས་ཟོན་བྱེད་རོགས། དོགས་ཟོན་བྱེད་རོགས།
        ཉེ་ལམ་སློབ་གྲོགས་མང་པོ་ཞིག་གིས་རང་ཁྱིམ་ནས་ཁ་པར་སྤྱད་དེ་སྐུད་ལམ་སློབ་ཁྲིད་འཚོགས་ཡོད་པས། གོ་སྐབས་དེར་བསྟུན་མགོ་སྐོར་གཏོང་མཁན་མང་པོ་ཞིག་བྱུང་བཞིན་ཡོད་ཅིང་། ཚང་མས་ངེས་པར་དུ་སེམས་ཆུང་བྱེད་འོས།
        ཅུན་ཅང་ས་གནས་ཀྱི་བུ་མོ་ཞིག་ལ་མགོ་སྐོར་ཐེབས་ནས་མོ་རང་གི་ལོ་སར་དངུལ་ལོ་ཡོད་ཚད་ཤོར་བ་མ་ཟད། ཕ་རྒན་གྱི་སྒོར་མོ་ཁྲི16ཡས་མས་ཤིག་རྐུན་མའི་ལག་ཏུ་ཤོར།

        དགའ་ཡལ་ལེར་ཁེ་སྤོགས་ཕྱིར་སློག་ཡོང་བར་བསྒུགས་པས། བསམ་ཡུལ་ལས་འདས་པ་ཞིག་ལ་ཕ་རྒན་གྱི་སྒོར་ཁྲི16གཡོ་ལེན་བྱས་ཚར་འདུག
        ཅུན་ཅང་གི་སློབ་གྲོགས་ཧོང་ཟེར་བ་ཞིག་གིས། QQཚོགས་པ་ཞིག་གི་ནང་ནས་གྲངས་ཀ་གཅིག་ལ་ལྡབ10ཡིས་ཁེ་སྤོགས་ཡོད་པའི་བརྡ་ཁྱབ་ཅིག་མཐོང་བ་དང་། རང་གི་ལོ་སར་དངུལ་ལོ་སྒོར500ཡོད་པ་དེ་ཐེངས་གཉིས་ལ་ཕ་རོལ་པོས་མཁོ་སྤྲོད་བྱས་པའི་རྩ་གཉིས་བཤེར་རིས་ནང་དུ་གཏོང་སྤྲོད་བྱས་ཤིང་། རེ་ཞིག་དགའ་ཡལ་ལེར་ཁེ་སྤོགས་ཕྱིར་སློག་ཡོང་བར་བསྒུགས་ནས་བསྡད། གློ་བུར་ཏུ། ཕ་རོལ་པོས་བཤེར་རིས་བཤེར་གྲངས་ཐེངས10ལ་མ་བུད་ཚེ། ཕར་སྤྲད་པའི་དངུལ་ལོ་དག་ཚུལ་སྤྲོད་ཐབས་མེད་ཅེས་བཤད་པ་དང་། དེའི་ཚེ་མོ་རང་གི་ཁ་པར་ནང་དུ་སྒོར་མོ་མེད་པས་རང་གི་ཨ་ཕའི་ཁ་པར་ངོས་ནས་ཐེངས་མང་དུ་རྩ་གཉིས་ཨང་དེ་བཤེར་བས་སྒོར་མོ་གཏོང་སྤྲོད་གནང་། དེ་ལྟར་ཐེངས་མང་བཤེར་བ་དང་ནུབ་མོ་ཞིག་ལ་རང་གི་ཨ་ཕས་བརྡ་འཕྲིན་དག་ལ་བལྟ་དུས་ད་གཟོད་སྒོར164500མགོ་སྐོར་ཐེབས་ནས་གཡོ་ལེན་བྱས་ཚར་བ་ཤེས།
        ཡིད་རྟོན་ཁེ་སྤོགས་ཕྱིར་སློག་གིས་སློབ་འབྲིང་སློབ་མ་ཞིག་ལ་སྒོར་སྟོང་གི་མགོ་སྐོར་ཐེབས།
        གསར་འགོད་པས་ཆན་ཀྲོའུ་གྲོང་ཁྱེར་ནས་རྒྱུས་ལོན་བྱས་པ་ལྟར་ན། ཉེ་ལམ་ཟླ་གཅིག་གི་ནང་དུ་སློབ་གྲོགས་མང་པོ་ཞིག་ལ་མགོ་སྐོར་ཐེབས་པའི་གནས་ཚུལ་འབྱོར།
        ཟླ2པའི་ཚེས8ཉིན། ནན་ཨན་ཤེས་སློབ་གྲྭའི་དམའ་གཅིག་དང་པོའི་སློབ་མ་ཧོང་ལ་སྒོར1000ཡས་མས་ཤིག་གི་མགོ་སྐོར་ཐེབས་པའི་ཉེན་བརྡ་འབྱོར་བ་དང་། QQཚོགས་པའི་ནང་གི་དྲྭ་གྲོགས་ཤིག་གིས་བརྡ་འཕྲིན་བསྐུར་ཡོད་པ་དང་། སྒོར100བསྐུར་ན་ལྡབ་ལོག་སྒོར500སྤྲོད་ངེས་ཞེས་ནང་དོན་ནི་ཁེ་སྤོགས་ཕྱིར་སློག་གི་ལས་འགུལ་ཞིག་ཡིན་འདུག དང་པོ་ཁོས་སྒོར100བསྐུར་བ་དང་། སྒོར500ཕྱིར་སྤྲོད་དགོས་ཞེས་བཤད་པ་ན། ཕ་རོལ་པོས་ངེས་པར་ཏུ་ཐེངས་གསུམ་ལ་སྤྲད་ན་ད་གཟོད་ཆོག་ཅེས་བཤད་པ་དང་། སྔ་གཞུག་ཏུ་སྒོར1050སྤྲད་མཐར། ཕ་རོལ་པོས་ད་དུང་སྒོར་མོ་ཕྱིར་མ་སྤྲད་པས་ད་གཟོད་རང་ཉིད་གཡོ་འོག་ཏུ་ཚུད་ཡོད་པ་ཤེས།
        ཟླ2པའི་ཚེས9ཉིན། རྒྱལ་སྤྱིའི་མཚོ་ལྗོངས་སུ་འཚོ་སྡོད་བྱས་ཡོད་པའི་སྐུ་ཞབས་ཡན་གྱིས་ཉེན་བརྡ་འབྱོར་བ་ལྟར་ན། བྱིས་པས་རོལ་རྩེད་ཀྱི་ཕ་ལམ་ཉོས་ནས་སྒོར་ཁྲི2ཡས་མས་མགོ་སྐོར་ཐེབས་པ་དང་། མི་དམངས་ཉེན་རྟོག་པ་སྒོ་དྲུང་དུ་སོང་ནས་འདྲི་རྩད་བྱས་པ་ན། སློབ་གྲོགས་ཡན་ལ་མགོ་སྐོར་ཐེབས་པ་མ་ཡིན་པར་ཁོས་ཨ་ཕའི་ཁ་པར་སྤྱད་ནས་རོལ་རྩེད་ཀྱི་སྒྲིག་ཆས་ཉོས་པས་ཐད་ཀར་སྒོར་མོ་ཁྲི2སྦྱིན་པ་མ་ཟད་རང་གི་གྲོགས་ཚོམས་ཀྱི་གྲོགས་པོ་རྣམས་ལ་ཡང་སྦྱིན། མཇུག་མཐར། མི་དམངས་ཉེན་རྟོག་པས་རོལ་རྩེད་སྤྱི་གཉེར་ཁང་དང་སྐུ་ཞབས་ཡན་གཉིས་ལ་མཐུན་སྦྱོར་བྱེད་དུ་བཅུག
        ཁྲང་ཧྲའི་ལོ12ཅན་གྱི་བུ་མོ་ཞིག་གིས་དྲ་ལམ་སློབ་ཁྲིད་བརྒྱུད་ནས་ཚོགས་པར་འཛུལ་ཉེས་བྱས་ཤིང་། དུས་ཚོད4ཡི་རིང་དུ་སྒོར་ཁྲི2ཀྱི་མགོ་སྐོར་ཐེབས།
        ཐོག་མར་མོའི་སློབ་གྲོགས་ཀྱིQQམིང་ནག་ཏུ་འཕངས་པ་དང་། དེའི་རྗེས་མོ་ཚོམས་ཤིག་གི་ནང་དུ་གདན་ཞུ་བྱས་པ་དང་། དྲྭ་གྲོགས་ཤིག་གི་ཁེ་སྤོགས་ཕྱིར་སློག་ཡོད་པ་དང་། ཕར་སྒོར100སྤྲད་ན་ཚུར་ལྡབ་འགྱུར་གྱིས་སྦྱིན་ཆོག་པ་སོགས་བཤད་ནས་དུས་ཚོད་སྐར་མ་ཁ་ཤས་ཀྱི་ནང་ནས་སྒོར་ཁྲི2གཡོ་ལེན་བྱས་ནས་བུད་སོང་། དེའི་རྗེས་མོའི་ཕ་རྒན་སྐུ་ཞབས་ཀྲོའུ་ཡིས་གསར་འགོད་པར་བཤད་པ་དང་། ཚོགས་པ་ཞིག་གི་ནང་དུ་འཛུལ་ཉེས་བྱས་ནས་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་སྒོར་ཁྲི2གཡོ་འོག་ཏུ་ཚུད་ཟེར།

        བུ་མོར་མགོ་སྐོར་ཐེབས་པའི་སྐད་ཆ།
        སྐུ་ཞབས་ཀྲོའུ་ཡིས་བཤད་རྒྱུར། མི་དེ་ཡིས་ཚོགས་པའི་ནང་དུ་སྒོར100ཕར་སྤྲད་ན་ཚུར་སྒོར1000སྦྱིན་ཡོད་ཅེས་བསླུ་བྲིད་བྱས་པ་དང་། ཁྱོད་རང་གི་ཨ་མར་ཤེས་སུ་འཇུག་མི་ཉན་སོགས་ཀྱི་བསླུ་ཚིག་གིས་མགོ་བསྐོར་ནས་མོ་རང་ཁང་པའི་ནང་དུ་ཡིབ་ནས་རྩ་གཉིས་ཨང་རྟགས་བཤེར་བ་རེད།

        མོས་སྒོར་མོ་སྤྲད་པའི་ཟིན་ཐོ།
        ཤ་ཚའི་དྲན་སྐུལ།
        ༡.བྱིས་པ་རྣམས་ལ་དྲ་ལམ་གྱི་རྒྱུས་མེད་མི་རྣམས་ལ་དོགས་ཟོན་བྱེད་དགོས་པའི་འདུ་ཤེས་ཆགས་སུ་འཇུག་དགོས། དྲ་ལམ་ནས་རང་འགུལ་སྒོས་ཁྱོད་ཀྱི་གམ་དུ་བཅར་མཁན་ལ་བསམ་མེད་ཀྱི་དྲི་གཞི་ཆེན་པོ་ཞིག་འདྲི་དགོས་པ་དང་། ཁྱེད་ཀྱིས་དོགས་འཆར་ཀྱིས་རང་ལ་མགོ་སྐོར་གཏོང་བཞིན་ཡོད་དམ་བསམ་དགོས་པ་དང་། དེ་ལྟར་བྱས་ན་ཉེན་ཚབ་ཀྱི་འདུ་ཤེས་མཐོ་རུ་གཏོང་ནུས།
        ༢.དེར་བརྟེན། བྱིས་པ་རྣམས་ལ་དཔལ་འབྱོར་གྱི་རིན་ཐང་གི་ལྟ་བ་ཡང་དག་ཤིག་ཆགས་སུ་འཇུག་དགོས་པ་དང་། ངལ་རྩོལ་འབད་འབུངས་ནི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཡིན་པའི་གནས་ལུགས་ཤེས་སུ་འཇུག་དགོས།
        ༣.ཁྱིམ་བདག་གིས་རང་གི་སྒོར་མོ་སྤྲོད་པའི་གསང་ཨང་དམ་པོར་རྒྱག་དགོས་པ་དང་། བྱིས་པ་རྣམས་ལ་ཤེས་སུ་འཇུག་མི་ཉན་པར་མ་ཟད། བྱིས་པ་རྣམས་ལ་ཅི་ཡིན་མི་གོ་བར་འབྲེལ་མཐུད་བརྒྱུད་ནས་དྲ་ལམ་མི་ཉུལ་བ་དང་གང་སར་རྩིས་སྤྲོད་གཏོང་མི་ཉན་པའི་སློབ་གསོ་ཡང་དག་སྤྲོད་དགོས། ད་དུང་ཁ་པར་དུས་རྒྱུན་དུག་སེལ་དགོས་པ་དང་མཉེན་ཆས་རྒྱུས་མེད་དེ་དག་འགོག་རྒོལ་བྱེད་དགོས།
རྩོམ་སྒྲིག་པ།སྣང་རྡོར།