དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རིམས་ནད་ཐོན་རིང་ཧོ་ཧྥེ་སློབ་འབྲིང་སོ་ལྔའི་བོད་ལྗོངས་འཛིན་གྲྭའི་དགེ་སློབ་དབར་གྱི་བརྩེ་སེམས།

སྤེལ་དུས 2020-03-25 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

        ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་སློབ་འབྲིང་སོ་ལྔའི་དགེ་རྒན་ལས་བཟོ་དང་བོད་ལྗོངས་འཛིན་གྲྭའི་སློབ་མ་ཚོའི་ངོས་ནས་བརྗོད་ན། 2020ལོའི་དགུན་ཁའི་གུང་གསེང་ནི་2020ལོའི་དགུན་ཁའི་གུང་གསེང་སྤྱིར་བཏང་མིན་པའི་དགུན་གསེང་ཞིག་རེད། དགེ་རྒན་ལས་བཟོ་139ཡིས་ནང་མི་དང་མཉམ་འཛོམས་བྱེད་པའི་དུས་ཚོད་བློས་གཏོང་བྱས་ཏེ་སློབ་གྲྭའི་བོད་རིགས་སློབ་མ་453དང་མཉམ་དུ་སྤྱིར་བཏང་མིན་པའི་དགུན་གསེང་ཞིག་བཏང་བ་རེད།
        ཧོ་ཧྥེ་གྲོང་ཁྱེར་སློབ་འབྲིང་སོ་ལྔ་ནི་ཨན་ཧུའེ་ཞིང་ཆེན་གྱི་རྒྱ་བོད་མཉམ་འབྲེལ་སློབ་གྲྭ་འབའ་ཞིག་དེ་རེད། དེ་སྔ་དགུན་ཁའི་དགུང་གསེང་བཞག་ནའང་བོད་རིགས་སློབ་མ་ཁག་གཅིག་ཕ་ཡུལ་དང་ལམ་ཐག་རིང་བའམ་ཡང་ན་རྒྱུ་རྐྱེན་གཞན་དག་དབང་གིས་སློབ་གྲྭར་སྡོད་ཀྱི་ཡོད།
        རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། འདི་ལོ་སློབ་གྲྭས་ཟླ་1ཚེས་22ཉིན་ནས་བཀག་སྡོམ་རྣམ་པའི་དོ་དམ་བྱས་པ་དང་། སློབ་གྲྭ་ཡོངས་ཀྱི་དགེ་རྒན་ལས་བཟོ་139ཡིས་སློབ་གྲྭར་བསྡད་པའི་བོད་རིགས་སློབ་མ་ཚོར་སེམས་ནུས་ཡོད་རྒུས་ལྟ་སྐྱོང་བྱས་ནས། ཁོ་ཚོར་བཀག་སྡོམ་གྱི་སློབ་གྲྭའི་ཁོར་ཡུག་དང་ཡུན་རིང་བའི་དགུན་གསེང་ལ་ཁྱིམ་དུ་སྡོད་པ་ལྟར་གྱི་ཚོར་སྣང་སྦྱིན་ཡོད།
        རིམས་ནད་རིང་། བཀག་སྡོམ་གྱི་སློབ་གྲྭའི་འཚོ་བ་ནི་ང་ཚོས་བསམ་པ་ལྟར་གྱི་ཆོ་མེད་པ་ཞིག་མ་རེད། ཉིན་ལྟར་ཉལ་ཁང་དང་སློབ་ཁང་དུ་ཚ་བ་ལྟ་བ་དང་དུག་སེལ་ཐེངས་གསུམ་རེ་བྱེད་ཀྱི་ཡོད། ལྟོ་དུས་གསུམ་གྱི་ཚལ་ཚང་མ་ཕྲུ་གུ་ཚོས་དགའ་པོ་བྱེད་པ་ཤ་སྟག་རེད། ཉིན་མཚན་ལྔ་བཅུ་ལྷག་ཙམ་རིང་། བོད་རིགས་ཕྲུ་གུ་ཚོ་སློབ་གྲྭ་བཀག་སྡོམ་བྱས་པའི་དབང་གིས་སེམས་སྦུག་དོག་པོ་བྱུང་མེད་པར། དེ་ལས་ལྡོག་སྟེ་ཁོ་ཚོས་སྐད་འཕྲིན་ནས་མི་སེམས་འགུལ་བའི་ལོ་གསར་འཚམས་འདྲི་གཏོང་རེས་བྱས་པ་དང་། སྤོ་ལོ་རྒྱག་པ། རྒྱུག་ཤར་གློད་པ། གཞས་ཉན་པ་སོགས་བྱས་ནས་དོན་སྙིང་ལྡན་པའི་དགུན་གསེང་ཞིག་བཏང་བ་རེད། 
        རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉིན་ལྔ་བཅུ་ལྷག་ཙམ་རིང་། དགེ་རྒན་ལས་བཟོ་139ཡི་སེམས་ནུས་ཡོད་རྒུའི་ལྟ་སྐྱོང་འོག་ཕྲུ་གུ་ཚོས་སློབ་གྲྭར་དགའ་སྤྲོའི་ངང་འཚོ་བ་སྐྱེལ་བ་དང་སློབ་སྦྱོང་བྱས་པ་རེད། 

རྩོམ་སྒྲིག་པ།སྣང་རྡོར།།