ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྒོར་དུང་ཕྱུར་10བཏང་བའི་སྨན་ཁང་ཞིག་ལྷ་སར་སྐྲུན་གྱི་འདུག

སྤེལ་དུས 2020-03-26 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

སྨན་ཁང་གི་སྤྱིའི་བཀོད་པ།
          རང་སྐྱོང་ལྗོངས་སྨན་ཁང་གི་ལས་གྲྭ་འདི་2019ལོའི་ཟླ་9ཚེས་24ཉིན་དངོས་སུ་བསྐྲུན་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན། ད་ལོའི་ཟླ་6པར་ས་འོག་ཨར་ལས་ཀྱི་ལས་ཀ་ཚང་མ་ཚར་རྒྱུ་དང་། ལོ་མཇུག་ཏུ་སྨན་བཅོས་ཕྱོགས་བསྡུས་ཐོག་ཁང་དང་རིགས་གཅིག་མཁས་ཅན་གྱི་ལས་ཤག་སྤྱིར་ན་མཇུག་འགྲིལ་རྒྱུ་རེད་འདུག

          རང་སྐྱོང་ལྗོངས་སྨན་ཁང་གི་ལས་གྲྭ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་སྒང་བདེ་གླིང་གྲོང་ཚོར་ཡོད་པ་དང་། རྒྱལ་ཁབ་ཀྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་10བཏང་བའི་བོད་ཀྱི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་རྣམ་གྲངས་ཤིག་ཡིན་པས། ལས་གྲྭ་མཇུག་འགྲིལ་རྗེས། ལྗོངས་ཡོངས་ཀྱི་བཅོས་དཀའ་ལ་ཚབས་ལྕི་བའི་ནད་གཞི་སྨན་བཅོས་དང་ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་གྱི་ཛ་དྲག་མྱུར་སྐྱོབ་ལས་འགན་གཙོ་བོར་འཁུར་རྒྱུ་མ་ཟད། སྙིང་ཁྲག་ཀླད་རྩའི་ནད་དང་། རྡབ་སྐྱོན། དབུགས་ལམ་སོགས་ས་མཐོའི་རང་བཞིན་གྱི་ནད་གཞི་བཅོས་ཐུབ་ཀྱི་ཡོད་པ་རེད།

          ཀྲུང་གོ་ལྕགས་ལམ་ཨར་སྐྲུན་བོད་རང་སྐྱོང་ལྗོངས་སྨན་ཁང་རྣམ་གྲངས་ཀྱི་འབྲེལ་ཡོད་འགན་འཁུར་བས “ལས་གྲྭ་ཁ་ཤས་ཟླ་2ཚེས་18ཉིན་ནས་འགོ་ཚུགས་པ་དང་། མིག་སྔར་ལས་འགོ་ཚང་མ་ཚུགས་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།