ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཏོག་གསར་གློ་ཚད་ཀྱིས་རྐྱེན་པས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་འགྱངས་འདུག

སྤེལ་དུས 2020-04-01 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

        ཟླ་3ཚེས་30ཉིན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན(IOC)དང་། རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་ལིམ་ཕིག་ཨུ་ལྷན(IPC) ཐོ་ཁེའོ་2020ལོའི་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་ཨུ་ལྷན། ཐོ་ཁེའོ་ཏུའུ་སྲིད་གཞུང་དང་རི་པིན་སྲིད་གཞུང་བཅས་ཀྱིས་ཨོ་རྩལ་འགྲན་ཚོགས་སྐབས་32པའི་དུས་ཚོད་གཏན་འཁེལ་བྱས་ཤིང་། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་དེ་2021ལོའི་ཟླ་7ཚེས་23ནས་ཟླ་8ཚེས་8ཉིན་བར་འཚོག་རྒྱུ་དང་ཐོ་ཁེའོ་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་དེ་2021ལོའི་ཟླ་8ཚེས་24ཉིན་ནས་ཟླ་9ཚེས་5ཉིན་བར་འཚོག་རྒྱུ་ཡིན་ཞེས་་གསལ་བསྒྲགས་སྤེལ་འདུག
        ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས། 2020ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་ཨུ་ལྷན་དང་། དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་ཨུ་ལྷན། ཐོ་ཁེའོ་སྲིད་གཞུང་དང་རི་པིན་སྲིད་གཞུང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་བཅས་ཀྱིས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་དང་ཐོ་ཁེའོ་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་དེ་དུས་སང་ཟླ་7ཚེས་23དང་དུས་སང་ཟླ་8ཚེས་24ཉིན་འགོ་འཛུགས་རྒྱུའི་མོས་མཐུན་བྱས་འདུག 
རྩོམ་སྒྲིག་པ།སྣང་རྡོར།