ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱ་ཚྭ་རྫོང་གི་“འགན་ལེན་ལྔའི”བགྲེས་པོས་སྐྱིད་སྡུག་བསམ་ཤེས་ཀྱིས་མིག་སྔའི་བདེ་སྐྱིད་ལྡན་པའི་འཚོ་བར་བསྔགས་བརྗོད་བྱས།

སྤེལ་དུས 2020-04-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་3པར་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་དུ་སྔར་བཞིན་དགུན་དུས་ཀྱི་རྣམ་པ་མངོན་པར་གསལ། རྫོང་མཁར་དང་བར་ཐག་སྤྱི་ལེ་2ཡོད་པའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ནི་ཉིན་གུང་གི་ཉི་འོད་ཀློང་ན་དྲོད་ཁོལ་ཤིན་ཏུ་འཛོམས།  གནས་འདིར་རྒྱ་ཚ་རྫོང་གི་མི་ཧྲེང་བགྲེས་པོ་108“གཞིས་ཆགས”བྱས་ཡོད།  

བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་གཅིག་སྡུད་བསྙེན་བཀུར་ལྟེ་གནས། 
           ཕར་ལ་བལྟས་པ་ཙམ་གྱིས་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་རྩིགས་ངོས་སུ་བཀལ་བའི་གཙོ་འཛིན་གྱི་སྐུ་པར་ནི་ལྷན་ནེར་མཆིས་ཤིང་།  ཧ་ཡང་བསྲེས་ལྕགས་ཀྱིས་བཟོས་པའི་སྒོའི་རྒྱབ་ཕྱོགས་སུ་ལྔོ་ལྗང་ལྗང་བྱེད་པའི་གཞོང་བཙུགས་མེ་ཏོག་སྣ་ཚོགས་བཏབ་པས་ཁོར་ཡུག་ཀུན་བག་ཕེབས་པར་གནས་འདུག་ལ།  བགྲེས་པོ་འགའ་ཞིག་གིས་སྒོ་རའི་ནང་དལ་ལྷོད་ངང་ཁ་བརྡ་གློད་བཞིན་ཡོད་པ་དང་། ལ་ལས་མ་ཎི་ལག་འཁོར་སྐོར་བཞིན་ངལ་གསོ་གནང་བཞིན་འདུག་ཅིང་། ཡང་ལ་ལས་རང་ཉིད་ཀྱི་འགྲན་ཡ་རྙིང་བ་བཙལ་ནས་“མིག་མངས”རྩེད་བཞིན་གདའ། 
          བགྲེས་པོ་ཚེ་དབང་མེ་ཏོག་གསོ་བ་དང་བརྙན་འཕྲིན་ལ་ལྟ་རྒྱུར་དགའ་པོ་ཡོད། ཁོང་གིས་བློ་ཁོག་ཆེན་པོས་ང་ཚོར་ལོ་ངོ་61གི་གོང་དུ་ལྟོ་གོས་མེད་ཅིང་ཉིན་མཚན་ལྟོས་མེད་དུ་ཞིང་བྲན་བདག་པོར་ལས་ཀ་བྱེད་དགོས་པ་དང་། མི་ལུས་རང་དབང་མེད་པའི་འཚོ་བ་ནི་དེ་འདྲའི་དཀའ་ཚེགས་ཆེ་བ་ཞིག་ཡིན་ལ། ད་ཆ་ཏང་གི་སྲིད་ཇུས་བཟང་པོའི་འོག་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱི་འཚོ་བའི་ཟས་གོས་ལ་སེམས་ཁྲལ་གང་ཡང་མེད་ཅེས་བཤད་བྱུང་། 

བཅར་འདྲི་བྱེད་བཞིན་པའི་བགྲེས་སོང་པད་མ་དབང་། 
          བགྲེས་པོ་པད་མ་ཚེ་རིང་རོལ་དབྱངས་ལ་ཉན་རྒྱུར་དགའ་བ་དང་《གླུ་ཞིག་བླངས་ནས་ཏང་ལ་འབུལ་》ཞེས་པ་དེས་བགྲེས་པོ་ཚོར་ཕྱིར་དྲན་ཚད་མེད་ཅིག་བྱེད་དུ་བཅུག་སོང་། ཁོང་གིས་ལོ་ངོ་61གོང་གི་མི་རྣམས་ཀྱི་འཚོ་བ་ནི་མིག་ཟུང་མཆི་མས་གང་བའི་འཚོ་བ་ཡིན་པས། བགྲེས་པོ་ཚོས་གུང་ཁྲན་ཏང་གི་རླབས་ཆེན་འགོ་ཁྲིད་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ཅེས་བཤད་ལ། ཁོང་གིས་ད་ལྟ་ང་ཚོས་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་བཞིན་ཡོད་པས། གུང་ཁྲན་ཏང་གི་སྲིད་ཇུས་བཟང་པོ་མེད་ན་ང་ཚོར་དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་མི་སྲིད་ལ་ང་ཚོས་འདས་ཟིན་པའི་ལོ་ཟླ་བརྗེད་མི་སྲིད་ཅིང་། གུང་ཁྲན་ཏང་ཁོ་ནས་ང་ཚོར་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་རྒྱུར་ང་ཚོས་ནམ་ཡང་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད་ཅེས་བཤད། 

བཅར་འདྲི་བྱེད་བཞིན་པའི་བགྲེས་སོང་པད་མ་ཚེ་རིང་། 
           ལོ་60ལ་སླེབས་པའི་བགྲེས་པོ་བཀྲ་ཤིས་དང་ལོ་57ལ་སླེབས་པའི་བགྲེས་མོ་ཉི་མ་སྒྲོལ་དཀར་གཉིས་ཀྱིས་ཁོང་ཚོའི་བརྩེ་དུང་སྐོར་གླེང་སྐབས། ཉི་མ་སྒྲོལ་དཀར་གྱིས་བཀྲ་ཤིས་དང་ངེད་གཉིས་ནི་དེ་སྔའི་རྒྱ་ཚྭ་གྲོང་རྡལ་བཀྲ་ཤིས་སྡིངས་སྒང་གྲོང་ཚོའི་མི་ཡིན་ཞིང་།  2011ལོར་ང་རང་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ་བསྡད་རྗེས་ཁོང་གཉིས་ཀྱིས་རྒྱུན་དུ་ཕན་ཚུན་རོགས་རམ་བྱེད་ཀྱིན་ཡོད།  “མི་ཚེ་ཕྱེད་ཀའི་རིང་གཉེན་སྒྲིག་མ་ཐུབ་ཀྱང་བསམ་ཡུལ་འདས་པ་ཞིག་ལ་རྒན་གསོ་ཁང་ནས་ཁྱིམ་གཞིས་ཤིག་རྙེད་ཅིང་། ད་ལྟའི་འཚོ་བའི་ལྟོ་གོས་ཐད་སེམས་ཁྲལ་མེད་པ་དང་ཆུ་ཚོད་24ཡི་རིང་ནད་གཡོག་པའི་ལྟ་སྐྱོང་ཡོད་པ་དེ་དག་ཚང་མས་ཏང་གི་བཀའ་དྲིན་ཚོར་ཐུབ་ལ།  མིག་སྔར་བསྙེན་བཀུར་ཁང་དུ་བགྲེས་པོ་15ཡོད་པ་དང་དེ་དག་ཕན་ཚུན་ངོ་ཤེས་པ་མ་ཟད་གཉེན་སྒྲིག་ཀྱང་བྱེད་ཀྱིན་ཡོད”ཅེས་བཤད།  

བཅར་འདྲི་བྱེད་བཞིན་པའི་བགྲེས་མོ་ཉི་མ་སྒྲོལ་དཀར། 
          ཉེ་བའི་ལོ་ཤས་རིང་། རྒྱ་ཚྭ་རྫོང་གི་སྤྱི་ཚོགས་འགན་སྲུང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་ཕྱིན་ནས་“འགན་ལེན་ལྔའི”བགྲེས་པོ་གཅིག་སྡུད་བསྙེན་བཀུར་བྱེད་ཚད་100%ལ་སླེབས་ཡོད་པ་དང་། བསྐལ་པ་བཟང་བོ་གཅེས་སྤྲས་བྱས་ཏེ་སྐྱིད་སྡུག་བསམ་ཤེས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་ན།  བོད་ལྗོངས་ཀྱི་བྱུང་འགྱུར་ནི་དེ་བས་ཀྱང་མཛེས་སྡུག་ལྡན་པ་ཞིག་དང་ང་ཚོའི་འཚོ་བ་ནི་དེ་བས་ཀྱང་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་རེད།  
རྩོམ་སྒྲིག་པ། གཡང་རྒྱལ་ཚེ་རིང་།