ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་སློབ་འབྲིང་དང་སློབ་ཆུང་རྣམས་སློབ་འགོ་ཚུགས་ནས་སློབ་ཁྲིད་སླར་གསོ་བྱས།

སྤེལ་དུས 2020-04-03 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

          ཟླ3པའི་ཚེས30ཉིན་གྱི་སྔ་དྲོའི་ཆུ་ཚོད10ཡི་སྟེང་། གསར་འགོད་པས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཀྲེ་ཅང་སློབ་འབྲིང་གི་སྒོ་འགྲམ་དུ་སློབ་མ་རྣམས་ཀྱིས་གཙང་ཞིང་གྲལ་འགྲིག་པའི་སློབ་གོས་གྱོན་པ་མཐོང་བྱུང་། དགེ་རྒན་རྣམས་ཀྱི་གཅིག་གྱུར་བཀོད་འདོམས་འོག གྲལ་བསྒྲིགས་ནས་སྔ་གཞུག་ཏུ་སྨི་གཅིག་གི་བར་ཐག་ཡོད་པ་དང་། གོ་རིམ་ལྟར་ལུས་པོའི་དྲོད་ཚད་འཇལ་བ་དང་། ལག་པ་བཀྲུས་ཏེ། སློབ་གྲྭས་གནང་བའི་ཁ་ཐུམ་གསར་བ་རྒྱབ་ནས་སློབ་ཁང་དུ་བསྐྱོད་བཞིན་ཡོད།


           རྒྱུས་ལོན་པ་ལྟར་ན། ནག་ཆུ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུའུ་ཡིས་རང་སྐྱོང་ལྗོངས་སློབ་གསོ་ཐིན་གྱིས་བཀོད་སྒྲིག་བྱས་པའི་སློབ་འགོ་ཚུགས་པའི་སྔ་གཞུག་གི་རིམས་འགོག་ལས་དོན་སོ་སོ་ལེགས་འགྲུབ་བྱས་པ་དང་ཆབས་ཅིག་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭར་བསྐྱོད་དེ་རིམས་འགོག་ལས་དོན་དངོས་འབེབས་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། ཉེ་བའི་ཟླ་བ་གཅིག་རིང་དུས་འགོའི་གྲ་སྒྲིག་ལས་དོན་སྤེལ་བ་བརྒྱུད། ཟླ3པའི་ཚེས23ཉིན་ནས་ཟླ3པའི་ཚེས25ཉིན་བར་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་དམའ་གསུམ་དང་། མཐོ་གསུམ། འབྲིང་རིམ་ལས་རིགས་སློབ་གྲྭའི་མཐར་ཕྱིན་འཛིན་གྲྭ་བཅས་ཁག་བགོས་ནས་སློབ་གྲྭར་བསྐྱར་ཞུགས་བྱས་པ་རེད། ཟླ3པའི་ཚེས་30ཉིན་ནས་ཟླ4བའི་ཚེས1ཉིན་བར་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་སློབ་འབྲིང(འབྲིང་རིམ་ལས་རིགས་སློབ་གྲྭ)གྱི་ལོ་རིམ་གཞན་དག་དང་སློབ་ཆུང་གི་དུས་མཚམས་ཀྱི་སློབ་གྲྭ་སོ་སོ་གོ་རིམ་ལྡན་པའི་ངང་སློབ་གྲྭར་བསྐྱར་ཞུགས་དང་སློབ་ཁྲིད་སླར་གསོ་བྱས་པ་རེད། །

རྩོམ་སྒྲིག་པ། བདེ་སྒྲོལ།