ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མ་དངུལ་སྒོར་ཁྲི༧.༨༨བཏང་ནས་ཉེན་ཆེའི་སྡོད་ཁང་སྒྱུར་བཀོད་བྱས་པ།

སྤེལ་དུས 2020-04-08 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།

         གསར་འགོད་པས་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། ༢༠༡༦ལོ་ནས་༢༠༡༩ལོའི་ལོ་མཇུག་བར། བོད་ཀྱིས་ཉེན་ཆེའི་སྡོད་ཁང་སྒྱུར་བཀོད་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་༧.༨༨བཏང་སྟེ། དུད་ཚང་ཁྲི་༤.༣༦གི་ཉེན་ཆེའི་སྡོད་ཁང་ཕྱོགས་ཡོངས་ནས་སྒྱུར་བཀོད་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། མ་མཐའི་འཚོ་བ་འགན་ལེན་དུད་ཚང་།    གྲོང་གསེབ་ཀྱི་ཁ་ཐོར་འཚོ་སྐྱོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་དབུལ་པོ་བཅས་རིགས་བཞི་གཙོ་གནད་དུ་བཟུང་སྟེ་སྡོད་ཁང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་པ་རེད།

         འབྲེལ་ཡོད་བླང་བྱ་གཞིར་བཟུང་སྟེ། བོད་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། མ་མཐའི་འཚོ་བ་འགན་ལེན་དུད་ཚང་། གྲོང་གསེབ་ཀྱི་ཁ་ཐོར་འཚོ་སྐྱོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་དབུལ་པོ་བཅས་རིགས་བཞི་ལོ་ལྔ་ཚན་བཅུ་གསུམ་པའི་རིང་ཉེན་ཆེའི་སྡོད་ཁང་སྒྱུར་བཀོད་བྱ་ཡུལ་གཙོ་བོར་བརྩིས་ཡོད།

         བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་བློ་བཟང་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེན་ཆེའི་སྡོད་ཁང་སྒྱུར་བཀོད་བྱས་ཏེ་ཞིང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་བཏང་ནས་རྫོང་དབུལ་པོའི་དབུལ་ཞྭ་འཕུད་པ་དང་དབུལ་པོ་དབུལ་རྐྱང་དབུལ་སྒྲོལ་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད།
རྩོམ་སྒྲིག་པ།སྣང་རྡོར།