ལང་ཚོ་ལྡན་དུས་འབད་བརྩོན་གྱིས་ཤིག
འབད་བརྩོན་གྱི་མི་ཚེ་ནི་ཆེས་མཛེས་སྡུག་ལྡན་པ་ཞིག་ཡིན།
2020ལོའི་ལྔ་བཞིའི་གཞོན་ནུའི་དུས་ཆེན་གྱི་སྐབས་སུ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་གཞོན་ནུ་ཚོར་བཀའ་མོལ་གནང་དོན།
ལང་ཚོ་ནི་སྦྱོང་བརྡར་བྱས་ནས་མཚར་སྡུག་ལྡན་པར་གྱུར་པ་ཞིག་ཡིན།
མི་ཚེ་ནི་འབད་བརྩོན་བྱས་པས་ཡར་འཕེལ་བྱུང་བ་ཡིན་ལ།
སེམས་ནང་དུ་ཉི་འོད་འདུག་ཅིང་།
རྐང་འོག་ཏུ་སྟོབས་ཤུགས་མཆིས་ཏེ།
དུས་རབས་ལ་ངོ་གནོང་མི་དགོས་པའི་མི་ཚེ་གསར་སྐྲུན་བྱེད།
མཉམ་དུ་ཕུགས་འདུན་སྙེག་ཚུལ།
བོད་ལྗོངས་ཀྱི་གཞོན་ནུ་ཚོར་ལྟོས།
ཁོང་ཚོས་ལང་ཚོའི་བདག་ཉིད་དང་བརྩོན་སེམས་བརྟས་པའི་རང་ཉིད་དེ།
ལང་ཚོའི་ངར་སེམས་ཀྱི་ཁྲོད་དུ་བསྟིམས།
ལང་ཚོའི་ཕྱོགས་ཁག་སྟེ། ཕུགས་འདུན་དོན་གཉེར་གྱི་སྟོབས་ཤུགས།
དཔའ་ངར་ཆེ་བའི་རྒྱུ་མཚན་ནི་ཐོག་མའི་ཕུགས་འདུན་དེ་ཡི་ཕྱིར།
མི་ཚེ་ནི།
ཟམ་མི་ཆད་པར་གདམ་གསེས་བྱེད་པའི་བརྒྱུད་རིམ་ཞིག་གོ །
ཤེས་རབ་ལྷ་སྒྲོན་གྱིས།
དམའ་འབྲིང་ནས་བཟུང་།
ནང་སའི་བོད་ལྗོངས་འཛིན་གྲྭར་སློབ་སྦྱོང་བྱས་ཤིང་།
བརྒྱུད་རིམ་འདིས།
མོ་རང་འཚར་ལོངས་ཡོང་བའི་ཆེད་དུ།
རང་རྐྱ་འཕེར་བའི་བུ་མོ་ཞིག་གྱུར།
ཕུགས་བསམ་ཁྲོད་ཀྱི་ཐེན་ཅིན་ནན་ཁའེ་སློབ་ཆེན་དུ་རྒྱུགས་འཕྲོད་ཀྱང་།
སྐར་མ་གཅིག་གི་བར་ཁྱད་ཀྱིས།
རང་གི་ཕུགས་བསམ་མིན་པའི་ཡིག་ཚགས་དོ་དམ་ཆེད་ལས་སུ་བསྒྱུར།
འདི་ཡང་ཁོ་མོའི་མི་ཚེའི་ཁྲོད་ཀྱི།
བར་ཆད་ཐེངས་ཤིག་ཡིན།
འདི་ལྟ་བུའི་ལས་དབང་གི་མདུན་དུ།
མོ་ཅི་ལྟར་ཕམ་ཡང་དེ་ལྟར་དཔའ་ངར་ཆེ།
སྦྱངས་འབྲས་གཡུར་དུ་ཟ་བས་སློབ་གྲྭ་ཐོན་རྗེས།
རང་གི་དགའ་ཕྱོགས་བསྐྱེད་བསྲིང་ལེགས་པར་བྱས་ནས།
ཁོང་མོས་པར་ལེན་དང་ཇུས་འགོད་བརྩམས་ཆོས་མང་པོ་བརྩམས།
བ་སོའི་མཆོད་རྟེན་གྱི་སློབ་སྦྱོང་འཚོ་བའི་ཁྲོད།
ཁོང་མོས་ཤེས་བྱ་ཤེས་འདོད་བློ་ལ་དམ་པོ་བཅངས།
ཡུལ་སྐོར་ཐེངས་རེ་རེ་ནི།
གཏིང་ལ་བྱིངས་པའི་རིག་གནས་ཀྱི་“འདེམ་སྦྱོང་སློབ་ཚན་”ཞིག་ཏུ་བལྟས།
གཞན་ཡུལ་དུ་གོམ་སྟབས་རེ་རེ་ནི།
འཚོ་བའི་རིས་སུ་ཕབ་ནས།
ཡུལ་སྐོར་ལ་སྔར་བས་ཀྱང་ཕུན་སུམ་ཚོགས་པའི་དོན་སྙིང་སྦྱིན།
ཡུལ་སྐོར་བྱས་མྱོང་བའི་རྒྱལ་ཁབ་མང་པོའི་ཁྲོད་དུ།
ཁོང་མོ་ཆེས་དགའ་ས་ནི།
འཇར་པན་གྱི་བཟོ་བོའི་རིག་གནས་ཡིན།
ཁོང་ཚོས་བྱ་དངོས་ལ་བཅངས་པའི་ཨུ་ཚུགས་དེས།
མོ་ལ་རང་ཉིད་ཀྱི་ལས་རིགས་ཀྱི་ཁ་ཕྱོགས།
སྔར་ལས་སྲ་བརྟན་ཡོང་བའི་དམིགས་ཡུལ་རྙེད།
སློབ་ཆེན་མཐར་ཕྱིན་རྗེས།
ཤེས་རབ་ལྷ་སྒྲོན་གྱིས།
ལྷ་སའི་གཞུང་ཞབས་པར་བདེ་བླག་ངང་རྒྱུགས་འཕྲོད།
བོད་ལྗོངས་ཀྱི་ལྟེ་གནས་གྲོང་ཁྱེར་དུ།
ཡོང་འབབ་བརྟན་པོ་བྱུང་སྟེ།
ཕ་མའི་མིག་ནང་གི་“བྱིས་པ་ཡ་རབས་”ཤིག་ཏུ་ཆགས།
ཡིན་ནའང་།
དགའ་ཞེན་ཆེ་བའི་ཕུགས་འདུན་དང་།
བརྟན་འཇགས་ཀྱི་ལས་ཀའི་ཁྲོད།
མོ་ཐེ་ཚོམ་ཡང་ཡང་དུ་སྐྱེས་མཐར།
བློ་གཅིག་སེམས་གཅིག་གིས་ལས་གཏོད་བྱ་བར་ཞུགས་རྒྱུའི་སེམས་ཐག་བཅད།
ད་ནི་ཐོག་མའི་ཕུགས་འདུན་གྱི་ཆེད་དུ་“སྨྱོ་ཧམ” ཐེངས་ཤིག་བྱའོ་སྙམ།
ཕ་མའི་མིག་ནང་གི་“ལྕགས་ཕོར”དོར་ཏེ།
སླར་ཡང་བློས་མི་དཔོག་ཅིང་འགལ་རྐྱེན་ཅན་གྱི་ལས་ཀ་དེ་ལག་ཏུ་བླངས།
ཤེས་རབ་ལྷ་སྒྲོན་གྱི་ཕ་མས།
དང་ཐོག་གོ་བ་ལེན་མ་ཐུབ་མོད།
ཡིན་ནའང་།
ཁོང་མོས་ལག་ལེན་ལས་རང་ཉིད་ཀྱི་གདམ་གར་བདེན་དཔང་བྱས།
ལས་ཀ་དེ་དག་ཀུན་གྱིས་མཐོང་།
ལང་ཚོའི་ཕྱོགས་ཁག་གི་སེམས་ཤུགས་དེས།
རང་ཉིད་ཀྱི་གནམ་ས་ཞིག་བཏོད་ཡོད།
ཆོད་སེམས་བརྟན་པོ་ཡོད་པས།
ཁོང་མོའི་ཚོང་ཁང་གི་སྒོ་ཕྱེ་སོང་།
བྱ་གཞག་གསར་གཏོད་ཀྱི་ལམ་བུར་བསྐྱོད་དེ།
ཁོང་མོའི་མཚན་ནས་བཏགས་པའི་ཚིག་ཇ་ཁང་དེ།
གནས་འདིར་བཙུགས་ནས།
ཁོང་མོའི་ཕུགས་འདུན་ཡོད་ཚད་ཐེག་སོང་།
ཡིད་དབང་འཕྲོག་པའི་ཡུལ་དུ་འཕྲད།
ལས་རིགས་གསར་གཏོད་ཀྱི་ལམ་བུ་ནི།
གྲ་སྒྲིག་ཙག་ཙིག་ཡོད་ཚད་ལ་གདོང་གཏད་དགོས་ཡོད།
ས་གནས་དང་མཛེས་བཟོ་ཚང་མར་རང་གི་བསམ་བློ་གཏོང་དགོས།
WEST COFFEEཞི་ཙི་ཚིག་ཇ་ཁང་དེ།
ཚིག་ཇ་ཁང་གཞན་དང་མི་འདྲ་བར།
ཁོང་མོས་བདམས་པའི་ས་གནས་ཅུང་ཙམ་བབ་ཆགས་ཡོད།
ཀྱག་ཀྱོག་གི་དགའ་སྐྱིད་ལམ་བསྐོར་ནས་ནང་དུ་སོང་ཚེ།
ཐུན་མོང་མ་ཡིན་པའི་སྲང་ལམ་འདིའི་ནང་དུ།
ཚིག་ཇ་ཁང་འདི་ཉིད་ཁུ་སིམ་མེར་འདུག
འདི་རུ་སྤུས་ཚོར་དང་ཞིབ་ཚགས་ཅན་གྱི་མཛེས་སྡུག་གིས་ཁེངས་ཡོད།
ཕུགས་བསམ་སྙེག་པ་ནི་སྡུག་བསྔལ་གྱི་ཆེད་དུ་ཀ་ར་ཅུང་ཙམ་སྣོན་པའོ། །
ལས་རིགས་གསར་གཏོད་ཀྱི་ལམ་བུ་ནི།
ལས་སླ་པོར་འགྲུབ་ཐུབ་པ་ཞིག་མིན་པར།
ཚང་མར་ནང་སེམས་ཆེན་པོ་ཞིག་དང་།
ནམ་ཡང་མི་ཕམ་པའི་སྙིང་རུས་ཤིག་དགོས་འདུག
ཤེས་རབ་ལྷ་སྒྲོན་གྱི་ངོས་ནས་བརྗོད་ན།
ཚིག་ཇ་ཁང་ཕྱེ་བ་ནི།
ཁོང་མོའི་སེམས་རྒྱ་ཞིག་ཡིན་པ་མ་ཟད།
དེ་ལས་ཀྱང་རང་ཉིད་ཀྱི་ལས་དོན་གཙོ་བོ་ཞིག་སྟེ།
སྒྱུ་རྩལ་གྱི་མིག་རྒྱང་དང་སྤྲོ་སེམས་ཕུད།
དེ་ལས་ཀྱང་གཟབ་ནན་གྱི་ཆེད་ལས་དོ་དམ་གཉེར་སྐྱོང་ལས་ཀ་ཞིག་གོ །
ཚོང་ཁང་ནང་གི་ལས་ཀ་ཡོད་ཚད།
ཁོང་མོ་གཅིག་པུས་འགན་དུ་བླངས་པས།
ལས་རིགས་གསར་གཏོད་ཀྱིས་ཁོང་མོ་སྔར་ལས་མགྱོགས་པར་འཚར་ལོངས་བྱུང་།
ཚོང་ཁང་ཆུང་ཆུང་གི་སྐྱ་རིས་རིམ་བཞིན་གསལ་པོ་ཆགས་དུས།
མོས་“ཕྲུ་གུ་”གསོ་སྐྱོང་བྱེད་པ་དང་འདྲ་བར།
དེ་ཉིད་ཀྱི་སྐྱེ་འཚར་བརྒྱུད་རིམ་ལ་ལྟ་བཞིན་འདུག
ཤེས་རབ་ལྷ་སྒྲོན་གྱིས་སྨིན་མཚམས་བར་ནས།
ཁྱེད་ཀྱིས་ཁོང་མོའི་གདེང་ཚོད་དེ་ཉིད།
སེམས་ཀྱིས་གསལ་པོར་ཚོར་ཐུབ།
འདི་ནི་ཁོང་མོ་ཡིན་ཏེ།
ཕུགས་འདུན་དོན་གཉེར་ལམ་བུའི་རྒྱུགས་ཤོག་དང་པོའོ། །
ཕུགས་འདུན་དོན་གཉེར་ནི་སྟོབས་ཤུགས་ཡིན།
སྒྱུ་རྩལ་ནི་སྟོབས་ཤུགས་ཡིན།
ཚིག་ཇ་ཡང་སྟོབས་ཤུགས་ཡིན།
ཤེས་རབ་ལྷ་སྒྲོན་གྱི་ངོས་ནས་བརྗོད་ན།
ཚིག་ཇ་བཟོ་བ་ལས་གཞན།
པར་ལེན་དང་ཇུས་འགོད་སོགས་ཀྱང་།
ཁོང་མོའི་ཆེས་ལྷག་བསམ་རྣམ་དག་གི་དགའ་ཞེན་ཡིན།
ནམ་ཡང་ལས་མཚམས་མི་འཇོག་པའི་ཁོང་མོས།
ཚིག་ཇ་ཁང་དེ་སྤྱི་ཚོགས་ཀྱི་འབྲེལ་གཏུག་བྱེད་ས་ཞིག་བྱས་ནས།
མཚམས་དང་མཚམས་སུ།
པར་ལེན། ཇུས་འགོད། དཔེ་དེབ།
མེ་ཏོག་སྒྱུ་རྩལ་སོགས་ཀྱི་མཉམ་སྤྱོད་བྱ་འགུལ་སྤེལ་ཏེ།
ངོ་ཤེས་པ་དང་མི་ཤེས་པའི་མི་དག་གིས།
ཁང་བ་གཅིག་གི་ནང་ནས་ནན་ཏན་གྱིས།
རང་ཉིད་ཀྱི་བསམ་ཚུལ་ཀུན་ལ་བརྗེ་རེས་བྱས་ཆོག་ཅིང་།
ངོ་མཚར་ཅན་གྱི་མཉམ་སྒྲོག་དང་ཚོར་སྣང་ཞིག་ལ་རོལ་བར་བྱེད།
ཁོང་མོས་བཤད་རྒྱུར།
ཚིག་ཇ་ཁང་གི་ཆེས་ཆེ་བའི་གྲུབ་འབྲས་ནི།
ཕལ་ཆེར་བློ་ཁ་མཐུན་པའི་མི་ཇི་སྙེད་པ་ལ་འཕྲད་པ་དེ་ཡིན།
ཉེ་འགྲམ་དུ་ལས་ཀ་བྱེད་མཁན་གྱི་མགྲོན་པོ་ཡིན་ནའང་འདྲ།
ཡང་ན་ཆེད་དུ་སླེབས་པའི་གྲོགས་པོ་ཡིན་ནའང་འདྲ།
འཕྲད་ཐེངས་རེ་རེ་དང་།
ཁ་བརྡ་གློད་ཐེངས་རེ་རེ།
མཐའ་མར་མཛའ་གཅུགས་འབྲེལ་བ་བཙུགས་ནས།
ཚང་མ་“ངོ་མཚར་བའི་མཇལ་འཕྲད”ཅིག་ཏུ་བལྟ་ཆོག
ཡག་པ་ལ། འདི་ནི་ང་ལ་དགོས་པའི་ལང་ཚོ་ཡིན།
ཤེས་རབ་ལྷ་སྒྲོན་ལགས།
ཁོང་མོའི་ཕུགས་འདུན་གཏད་ནས་འགྲོ་བཞིན་མཆིས།
ཁྱབ་ཁོངས་གཅིག་གི་ནང་ནས་ཡང་རྩེར་སོན་པ་ནི།
གོམ་པ་རེ་ནས་སྒར་རེ་བཙུགས་ཏེ།
ཏན་ཏན་ཏིག་ཏིག་གིས་གསོ་སྐྱོང་བྱས་པས་ཡིན།
ཁོང་མོས་བཤད་རྒྱུར།
གཞོན་ནུ་ལས་ཀར་བརྩོན་པའི་རྣམ་འགྱུར་ལ་ཧ་ཅང་དགའ་ཟེར།
ཁོང་ཚོར་རང་གཅུན་འདང་ངེས་ཤིག་དང་།
དུས་ཚོད་དོ་དམ་བྱེད་སྟངས་ཡག་པོ་ཞིག་ཡོད་དགོས་ལ།
སྣ་མང་ཅན་གྱི་ལས་དོན་འཚོ་བའི་ཁྲོད་ནས།
རང་དབང་ངོ་མ་ཞིག་རྙེད་ཐུབ་པར་འབད་དགོས།
འདི་ནི་ཤེས་རབ་ལྷ་སྒྲོན་གྱི་སེམས་གཏིང་གི་ཆིག་ལབ་ཅིག་ཡིན་ཡང་སྲིད།
འབྱུང་འགྱུར་འགལ་རྐྱེན་གང་ལ་འཕྲད་ཀྱང་།
དེ་ནི་མི་སྒེར་གྱི་ནུས་པར་འགྲན་སློང་བ་ཞིག་སྟེ།
དྲག་རྒྱལ་ཞན་འཇིག་ནི་རྟག་བརྟན་འགྱུར་མེད་ཀྱི་ཆོས་ཉིད་ཅིག་ལགས།
ཇི་ལྟར་ཚོད་ལྟ་དང་ཇི་ལྟར་གསར་གཏོད་བྱེད་དགོས་སམ།
ཤེས་རབ་ལྷ་སྒྲོན་གྱིས་བཤད་པ་ལྟར་ན།
འདི་ནི་རྟག་བརྟན་གྱི་བརྗོད་གཞི་ཞིག་ཡིན་ཏེ།
ཁོང་མོས་མུ་མཐུད་དུ་འཚོལ་ཞིབ་བྱེད་བཞིན་ཡོད་ཅེས་ཟེར།