དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཐོ་སྒང་གི་མེ་ཏོག་ལྟར་མཚར་བའི་ལྷ་མཚོ་ལགས།

སྤེལ་དུས 2020-05-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
         ད་ལོ་རང་ལོ44ལ་སོན་པའི་ལྷ་མཚོ་ལགས་ནི་གཟུགས་སྟོབས་ཆེ་ཞིང་། རྒྱུན་པར་ས་གནས་དེ་གའི་སྲོལ་རྒྱུན་གྱི་གཡུ་བྱུར་དབུ་རྒྱན་དཀྲིས་རྒྱུར་མཉེས་པའི་གཞོན་ནུ་མ་ཞིག་ཡིན་ཞིང་། རྣམ་ཀུན་བཞིན་ལས་འཕྱུར་བའི་འཛུམ་མདངས་ཤིག་དང་མིག་ཟུང་ལས་འགྱུར་མེད་ཀྱི་ཆོད་སེམས་ཤིག་མངོན་བཞིན་ཡོད་ལ། ལྷག་པར་དུ་ཉེ་འཁོར་གྱི་མི་རྣམས་ལ་ངང་རྒྱུད་རིང་ཞིང་བག་ཕེབས་པའི་སྣང་བ་ཞིག་འབྱིན་པས་ན། ཀུན་གྱིས་ཁོང་ལ་ཆེས་མཛེས་པའི་སྐལ་བཟང་མེ་ཏོག་ཅེས་འབོད་བཞིན་ཡོད།

         ལྷ་མཚོ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་བཀའ་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པ་མ་ཟད། ད་དུང་འཇོ་མདའ་རྫོང་གི་ཁ་ལོ་བའི་སློབ་གྲྭ་ཞིག་གི་འགོ་འཛིན་དང་བོད་ཀྱི་མི་རིགས་གྱོན་ཆས་ལས་སྣོན་ཀུང་སི་ཞིག་གི་གསར་འཛུགས་པ་བཅས་ཡིན། ཁོང་གིས་ལས་འགན་དུ་མ་ཕྲག་ཏུ་བཞེས་ཁར། བློ་རྩེ་གཅིག་སྒྲིམ་གྱིས་དམངས་དོན་ཁོ་ནར་དགོངས་པ་བཞེས་བཞིན་ཡོད། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་། མང་ཚོགས་ཀྱི་དཀའ་ངལ་ཡོད་སར་སེལ་རོགས་ཞུས་ཏེ། གནོང་འགྱོད་སྤུ་ཙམ་མེད་པའི་སྒོ་ནས་མང་ཚོགས་ལ་ཕན་བདེ་བསྐྲུན་པའི་བྱ་དོན་གང་མང་ཞིག་བསྒྲུབ་བཞིན་མཆིས།
         ལྷ་མཚོས་གཉེར་སྐྱོང་བྱེད་བཞིན་པའི་ཁ་ལོ་བའི་སློབ་གྲྭ་དེ་ནི་འཇོ་མདའ་རྫོང་གྲོང་ཉེ་འགྲམ་གྱི་ལུང་ཤུར་ཞིག་ཏུ་གནས་པ་དང་། གསར་འགོད་པ་ཁ་ལོ་བའི་སློབ་གྲྭ་དེར་སླེབས་དུས་འཁོར་སྦྱོང་ར་བ་བདེ་ཞིང་ཁོད་སྙོམས་པ་དང་། འཁོར་མཛོད་དུ་རླངས་འཁོར་ཆེན་མོ་གྲལ་སྟར་འགྲིག་པོ་བསྒྲིགས་ནས་བཞག་པ་མཐོང་བྱུང་། ཁ་ལོ་བའི་སློབ་གྲྭ་འདི་ནི་འཇོ་མདའ་རྫོང་དུ་བཙུགས་པའི་ཁ་ལོ་བའི་སློབ་གྲྭ་དང་པོ་དེའང་རེད་འདུག ཉེ་བའི་ལོ་ལྔའི་རིང་། ས་གནས་དེའི་ཞིང་འབྲོག་མང་ཚོགས2000ལྷག་ཁ་ལོ་བའི་སློབ་གྲྭ་དེར་རླངས་འཁོར་སྦྱངས་ཏེ་ཁ་ལོ་བའི་ལག་ཁྱེར་གྱི་ཡིག་རྒྱུགས་བཏང་ཡོད།

         སྔོན་ཆད་འཇོ་མདའ་རྫོང་དུ་ཁ་ལོ་བའི་སློབ་གྲྭ་མེད་པས་མི་རྣམས་ཁ་ལོ་བའི་ལག་ཁྱེར་གྱི་ཡིག་རྒྱུགས་གཏོང་འདོད་ན་ངེས་པར་དུ་ལེ་དབར་བརྒྱ་ཕྲག་དུ་མ་གཅོད་པའི་ཆབ་མདོ་གྲོང་ཁྱེར་གྱི་ཁ་ལོ་བའི་སློབ་གྲྭར་མི་འགྲོ་དཀའ་མེད་རེད། མང་ཚོགས་ལ་མཚོན་ན་དེ་ནི་སྟབས་བདེ་ཞིག་ནི་ག་ལ་ཡིན་སྲིད། དངོས་ཡོད་ཀྱི་གནས་ཚུལ་དེ་འདྲ་ཞིག་གི་མདུན་དུ། ལྷ་མཚོས་ཕ་ཡུལ་དུ་ཁ་ལོ་བའི་སློབ་གྲྭ་ཞིག་འཛུགས་ཐུབ་ན་འཕྲལ་ཡུན་ཀུན་ཏུ་དགེ་བའི་ནུས་འབྲས་ཐོན་སྲིད་ཅེས་དྲན་པའི་ཀློང་དུ་ཡང་ཡང་འཁོར། ཕྱིས་སུ་ཁོང་གིས་དཀའ་བ་དུ་མ་སྤྱད་དེ་འཇོ་མདའ་རྫོང་གི་ཁ་ལོ་བའི་སློབ་གྲྭ་ཐོག་མ་དེ་དངོས་སུ་བཙུགས་ཐུབ་པ་དང་། ཁག་དང་པོ་ཁོ་ནར་སློབ་མ200ལྷག་ཟིན་ཡོད། ཉེ་བའི་ལོ་ཤས་རིང་། ཁ་ལོ་བའི་སློབ་གྲྭ་དེས་ད་དུང་ས་གནས་སྲིད་གཞུང་དང་མཉམ་འབྲེལ་བྱས་ཏེ་གནད་འཕིགས་དབུལ་སྐྱོར་གྱི་ཁ་ལོ་བའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭའི་སྒྲུབ་འགན་ཁུར་ཡོད་ཅིང་། མང་ཚོགས་ནས་ཁ་ལོ་བའི་ཡིག་རྒྱུགས་གཏོང་འདོད་ན་སྲིད་གཞུང་གིས་སློབ་ཡོན་འགན་ལེན་བྱེད་པ་དང་། ཁ་ལོ་བའི་སློབ་གྲྭ་ནས་སྒོར500ཡི་གནས་གླ་དང་ཟས་རིན་ལས་བསྡུ་གི་མེད་ལ། གལ་སྲིད་གཱ་ཤོག་བཟོས་པའི་དབུལ་ཕོངས་དུད་ཚང་ཡིན་ན་སྒོར500ཡི་གནས་གླ་དང་ཟས་རིན་དེའང་སྤྲོད་དགོས་ཀྱི་མེད། དེ་དང་དུས་མཚུངས་སུ། ཁ་ལོ་བའི་སློབ་གྲྭས་དབུལ་ཕོངས་མང་ཚོགས་བཅུ་གྲངས་ལ་ལས་ཞུགས་ཀྱི་གོ་སྐབས་གཏོད་ནས་ཁོ་ཚོའི་ཡོང་འབབ་ཀྱང་འགན་ལེན་བྱས་ཡོད།

         གཞན་ཡང་། སྤྱི་ལོ2017ལོར་ལྷ་མཚོས་མང་ཚོགས་སྣེ་ཁྲིད་དེ་གྱོན་ཆས་ལས་སྣོན་བཟོ་གྲྭ་བཙུགས་པ་དང་། མི་རིགས་གྱོན་ཆས་ཀྱི་ལས་སྣོན་དང་བྲིན་འཚོང་གི་ལས་སུ་ཞུགས། བཟོ་གྲྭའི་ནང་གི་ལས་མི18ནི་སྔོན་ཆད་དབུལ་ཕོངས་དུད་ཚང་ནས་ཡོང་བ་ཤ་སྟག་ཡིན་མོད། འོན་ཀྱང་ད་ཆ་ཟླ་རེར་ཡོང་འབབ་སྒོར3000ལྷག་ཡོད་པས་ཁོང་ཚོའི་གཞི་རྩའི་འཚོ་བའི་དགོས་མཁོ་སྐོང་ཐུབ་ཡོད། ལྷ་མཚོས། གྱོན་ཆས་ལས་སྣོན་བཟོ་གྲྭ་བདེ་བླག་ངང་གཉེར་ཐུབ་པར་འབྲེལ་ཡོད་ལས་ཁུངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོའི་རྫོང་རྒྱལ་ལམ317གྱི་འགྲམ་དུ་གནས་པས་ཡུལ་སྐོར་ལས་རིགས་སྔར་བས་འཁྲུག་ཏུ་ཕྱིན་པ་དང་བསྟུན་ནས་བོད་ཆས་ཀྱི་བྲིན་ཁ་རྒྱུག་པོ་ཡོང་བར་ཡིད་ཆེས་ཀྱི་ཁེངས་ཡོད་ཅེས་གསུངས་པ་རེད།
         ཉེ་བའི་ལོ་ཤས་རིང་རོང་ཁུལ་དུ་གནས་པའི་འཇོ་མདའ་རྫོང་གིས་གྲོང་ཁྱེར་གྱི་བཀོད་པ་ལེགས་སུ་བཏང་མོད། ཟོག་འདྲེན་རླངས་འཁོར་ཆེ་གྲས་ཀྱིས་གྲོང་ཁུལ་ཕྱི་རོལ་ནས་དབོར་བའི་དངོས་ཟོག་འབེབས་དགོས་པ་དང་ཟོག་འདྲེན་ཤར་གཏོང་ཐུབ་པའི་དགོས་མཁོ་སྐོང་རྒྱུ་དེ་བས་ཁ་ཚ་དགོས་གཏུག་ཏུ་གྱུར་སྟབས། ལྷ་མཚོས་དེ་མང་ཚོགས་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་གོ་སྐབས་ཤིག་ལ་ངོས་འཛིན་ནས་ཕ་ཡུལ་དུ་དངོས་ཟོག་སྐྱེལ་འདྲེན་ཀུང་སི་ཞིག་གཉེར་བའི་འདུན་པ་མཆིས།

         མིག་སྔར། ལྷ་མཚོས་སྣེ་ཁྲིད་པའི་འོག བཀའ་ཐང་གྲོང་ཚོའི་གྲོང་མི་ཡོངས་ཀྱིས་མ་དངུལ་རུབ་བསྡུས་བྱས་ཁར་རླངས་འཁོར་ཉམས་བཟོའི་རྣམ་གྲངས་ཀྱི་བོད་སྐྱོར་མ་དངུལ་བཏང་ནས། ས་ཁྱོན་མུའུ15བཟུང་བ་དང་། མ་དངུལ་སྒོར་ཁྲི800ལྷག་ཙམ་བཏང་ནས་རྫོང་གྲོང་དང་བར་ཐག་སྤྱི་ལེ་གཉིས་ཙམ་ཆོད་སར་ཟོག་འདྲེན་ཀུང་སི་ཞིག་བསྐྲུན་འཆར་ཡོད། གཞན་ཡང་། ཁོང་གིས་ནམ་རྒྱུན་སེམས་རྩ་འཁོལ་པོས་མང་ཚོགས་ཀྱི་ཆེད་དུ་བྱ་བ་སྒྲུབ་འདོད་ཆེ་བ་དང་། གྲོང་ཚོའི་ནང་དུད་ཚང་གང་ཞིག་ལ་དཀའ་ངལ་ཡོད་རུང་རང་ནུས་ཅི་ལྕོགས་ཀྱིས་དཀའ་ངལ་སེལ་རོགས་བྱེད་པས་གྲོང་མི་ཚང་མས་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་བསྔགས་བརྗོད་མེ་ཏོག་གཏོར་བཞིན་ཡོད།

         ལྷ་མཚོས་གསར་འགོད་པར། ད་ཆ་ང་ཚོས་སྤྱི་ཚོགས་ཀྱི་ཕན་བདེའི་རྩ་འཛུགས་ཤིག་འཛུགས་རྒྱུའི་སྙན་སེང་ཞུ་བཞིན་ཡོད། དེ་ལྟར་བྱས་ན་སྤྱི་ཚོགས་ཀྱི་ཞལ་འདེབས་དང་ལེན་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་དེ་བས་མང་བ་དང་ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་བུད་མེད་དང་བྱིས་པར་རོགས་རམ་བྱ་ཆོག་ཅེས་དང་། ཁོང་གིས་ད་དུང་བློ་ཁ་དགེ་ཕན་ལ་ཕྱོགས་ནས་ཡུལ་མི་ཚོར་ཕན་པའི་བྱ་བ་མང་ཙམ་བསྒྲུབ་རྒྱུ་དང་། གཞན་ལ་ལྷག་བསམ་མང་ཙམ་བཅང་རྒྱུ་ནི་ཆུང་བྱིས་པའི་དུས་ནས་ཕ་མས་རང་ཉིད་ལ་བསྩལ་བའི་བཀའ་སློབ་རྣལ་མ་དེ་ཡིན་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ།སྣང་རྡོར།