ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀན་སུའུ་དཔའ་རིས་རྫོང་གི་《མི་རིགས་མཐུན་སྒྲིལ་གྱི་མགྲོན་བསུའི་རོལ་དབྱངས》དངོས་སུ་ཡོངས་བསྒྲགས་བྱས།

སྤེལ་དུས 2020-05-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་5པའི་ཚེས་18ཉིན། ཀྲུང་གུང་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ཨུ་ཡོན་ལྷན་ཁང་དང་དཔའ་རིས་བོད་རིགས་རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་རྫོང་བཙུགས་ནས་ལོ་ངོ་70འཁོར་བའི་《མི་རིགས་མཐུན་སྒྲིལ་གྱི་མགྲོན་བསུའི་རོལ་དབྱངས》ཀྱི་ཡོངས་བསྒྲགས་ཚོགས་འདུ་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་རྟེན་མཛོད་ཁང་དུ་འཚོགས་པ་རེད།

《མི་རིགས་མཐུན་སྒྲིལ་གྱི་མགྲོན་བསུའི་རོལ་དབྱངས》ཡོངས་བསྒྲགས་བྱེད་པའི་ཡུལ་དངོས།
         ཡོངས་བསྒྲགས་ཚོགས་འདུའི་སྟེང་དྲ་རྒྱའི་ཐད་གཏོང་གི་རྣམ་པའི་ཐོག་ནས་དཔའ་རིས་རྫོང་བཙུགས་ནས་ལོ་ངོ་70འཁོར་བའི་《མི་རིགས་མཐུན་སྒྲིལ་གྱི་མགྲོན་བསུའི་རོལ་དབྱངས་》ཡོངས་བསྒྲགས་བྱས་པ་རེད། རོལ་དབྱངས་འདིའི་རིང་ཚད་ལ་སྐར་མ་33དང་སྐར་ཆ་20ཡོད་ཅིང་། དེ་ནི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཙུགས་ཚུན་ས་གནས་དེ་གའི་རོལ་དབྱངས་མཁས་ཅན་གྱིས་གསར་རྩོམ་བྱས་པའི་གླུ་གཞས་བརྩམས་ཆོས་300ལྷག་ཙམ་ཁྲོད་ལེགས་འདེམས་བྱས་པའི་བརྩམས་ཆོས་ལེགས་གྲས་13བཅོས་སྒྲིག་བྱས་ནས་གྲུབ་པ་ཞིག་ཡིན་ལ། དཔའ་རིས་རྫོང་རོལ་དབྱངས་མཁས་ཅན་མཐུན་ཚོགས་ཀྱིས་འཚོལ་བསྡུ་ལེགས་སྒྲིག་བྱས་པ་དང་ཀྲུང་གོའི་གཞས་གདངས་རྩོམ་མཁན་ཡའོ་ཧྲུའུ་ཝུན་གྱིས་གཞས་གདངས་རྩོམ་སྒྲིག་བྱས་ནས་བཟོས་པ་ཞིག་རེད།
         བོད་སྐད་དུ་“དཔའ་རིས་”ཞེས་འབོད་པ་དེ་ནི་དཔའ་བོའི་ཚོ་བ་ཞིག་ཡིན་ཞིང་། ཙུང་ལི་ཀྲོའུ་ཨིན་ལེ་ཡིས་མིང་བཏགས་པའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་རྫོང་དང་པོ་སྟེ། བོད་རིགས་དང་རྒྱ་རིགས། ཧུའེ་རིགས། སོག་རིགས་སོགས་མི་རིགས་28མཉམ་གཅིག་ཏུ་ས་གཞི་ཆེན་པོ་འདི་རུ་འཚོ་གནས་བྱས་ཡོད། དུས་ཡུན་རིང་བོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ནས་མི་རིགས་ཁག་གི་རིག་གནས་སྒྱུ་རྩལ་ཕན་ཚུན་མཉམ་འདྲེས་དང་གདོང་གཏུག་བྱས་ཏེ་ཕུལ་དུ་བྱུང་བའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གསར་སྐྲུན་དང་རྒྱུན་འཛིན། གསོག་འཇོག་བཅས་བྱས་ཡོད་པ་རེད།