ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཏང་ཀྲི་པུའུ་ཡིས་གཅེས་སེམས་ཚོགས་པའི་སྤྱི་ཕན་འོས་འགན་གྱི་སྨན་བཅོས་བྱེད་སྒོ་སྤེལ་བ།

སྤེལ་དུས 2020-05-21 ཡོང་ཁུངས། ྲཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་དེ་སྔར་བས་ལག་ལེན་གྱི་གྲུབ་འབྲས་སུ་འགྱུར་བ་དང་།  མང་ཚོགས་ལྟེ་བ་བྱས་པའི་ཞབས་ཞུའི་འདུ་ཤེས་ཧུར་ཐག་སྒོས་ལག་བསྟར་དང་།  གཞི་རིམ་མང་ཚོགས་ཀྱི་“སྨན་བཅོས་བྱེད་དཀའ་བའི”གནད་དོན་ཞི་ལྷོད་དུ་གཏོང་རོགས་ཏན་ཏིག་བྱས་ཏེ་མང་ཚོགས་ལ་སྟབས་བདེ་དང་ཕན་ནུས་ལྡན་པའི་སྨན་བཅོས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཆེད།  ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཏང་ཀྲི་པུའུ་ཡིས་ཅུས་ཏང་ཙུའུ་ཡི་བཀོད་སྒྲིག་འོག   ཏང་ཀྲི་པུའུ་ཡི་ཁོངས་མི་བདུན་དང་དེ་བཞིན་ཁྲེང་ཀོན་ཆུས་སྨན་བཅོས་དང་བླངས་ཞབས་ཞུ་ཚོགས་པའི་སྨན་དོན་ལས་དོན་པ་མི་བདུན་སྒྲིག་འཛུགས་བྱས་ཏེ་ཅུས་དེའི་གྲོང་ཚོར་བཅའ་སྡོད་བྱེད་པའི་འབྲེལ་གཏུག་ས་ཚིགས་ཏེ།  ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཁར་རྩེ་ཤང་གད་པོ་གྲོང་ཚོར་གཅེས་སེམས་ཚོགས་པའི་སྤྱི་ཕན་འོས་འགན་གྱི་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།  འོས་འགན་སྨན་བཅོས་བྱེད་སྒོའི་ཞབས་ཞུ་བྱ་ཡུལ་གཙོ་བོ་ནི་གད་པོ་གྲོང་ཚོའི་གྲོང་མི་དང་དེ་བཞིན་བྲག་གསུམ་ཡུག་ཁུལ་གྱི་གནས་སྤོས་མང་ཚོགས་ཡིན།  

          སྨན་བཅོས་དང་བླངས་ཞབས་ཞུ་ཚོགས་པའི་སྨན་དོན་མི་སྣས་དེར་སྨན་པ་བསྟེན་པར་ཡོང་བའི་མང་ཚོགས་ལ་རིམ་པ་བཞིན་ནད་གཞི་རེ་རེ་འདྲི་རྩད་དང་ཞིབ་བཤེར་ནན་ཏན་བྱས་ཏེ།  མི་30ལྷག་ཙམ་གྱི་སྙིང་ཁམས་ལ་བརྟག་དཔྱད་བྱས་པ་རེད།  ཡུལ་དངོས་སུ་སྨན་བཅོས་དང་བླངས་ཞབས་ཞུ་ཚོགས་པའི་སྨན་དོན་མི་སྣས་ད་དུང་མི་65ལྷག་ལ་ཀྲུང་ལུགས་གསོ་རིག་གི་ལུས་ཕུང་དོ་སྙོམས་ཀྱི་སྐམ་ཁབ་སྨན་བཅོས་བྱེད་ཐབས་སྤྱད་པ་རེད།  དེ་དང་ཆབས་ཅིག་སྨན་ཁང་དུ་བརྟག་དཔྱད་དང་སྨན་བཅོས་བྱེད་དགོས་རིགས་ལ་ལུགས་མཐུན་གྱི་གྲོས་གཞི་བཏོན་པ་དང་།   སྨན་དོན་ལས་སྒྲུབ་པས་མང་ཚོགས་ཀྱི་རྒྱུན་མཐོང་ནད་རིགས་ཇི་ལྟར་སྔོན་འགོག་བྱེད་པའི་དགོས་ཚུལ་ལ་འགྲེལ་ལན་ཞིབ་ཕྲ་བརྒྱབ་པའི་དུས་མཚུངས་སུ།  ད་དུང་སྨན་རིན་མི་དགོས་པར་སྔོན་འགོག་སྨན་རྫས་སྤྲད་ཅིང་།  བསྡོམས་པས་རིན་ཐང་སྒོར་2800ཡི་བོད་སྨན་སྤྲད་པ་རེད།   དེ་མིན།  ད་ཐེངས་ཀྱི་གཅེས་སེམས་ཚོགས་པའི་སྤྱི་ཕན་འོས་འགན་གྱི་སྨན་བཅོས་བྱེད་སྒོས་སྨན་བཅོས་འགན་ལེན་དང་དེ་བཞིན་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྲིད་ཇུས་ཐད་ཀྱི་དོགས་གཞིར་གསལ་འགྲེལ་དང་རྒྱུས་ལོན་བྱེད་པའི་ལས་དོན་སྤེལ་ནས།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་དྲི་ལན་འདེབས་པའི་དྲིལ་བསྒྲགས་ལག་དེབ་དང་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་དྲིལ་བསྒྲགས་ཤོག་ལྷེ་200ལྷག་ཙམ་གནང་བ། 

          ཐེངས་འདིའི་གཅེས་སེམས་ཚོགས་པའི་སྤྱི་ཕན་འོས་འགན་གྱི་སྨན་བཅོས་བྱེད་སྒོ་བརྒྱུད་དེ།  གྲོང་མིའི་ལུས་ཕུང་གི་ནད་རིགས་ལ་སྨན་བཅོས་བྱས་པར་མ་ཟད།  ད་རུང་ཁོ་ཚོའི་ཁྱིམ་ཚང་གི་དཔལ་འབྱོར་གྱི་ཁུར་བོའང་ཇེ་ཡང་དུ་བཏང་།  དེ་དང་མཉམ་དུ་གྲོང་མིའི་འཕྲོད་བསྟེན་བདེ་ཐང་གི་འདུ་ཤེས་ཇེ་ཆེར་བཏང་སྟེ་རྒྱ་ཆེའི་གྲོང་མི་ཚོ་ཧུར་བརྩོན་དང་རང་འགུལ་ངང་ནད་རིགས་ཞིབ་བཤེར་ནང་ཞུགས་སུ་བཅུག་ནས་ཁོང་ཚོར་དུས་བཀག་ལྟར་གཟུགས་པོར་བརྟག་དཔྱད་བྱས་ཚེ།  ད་གཟོད་ནད་རིགས་སྔོན་འགོག་བྱེད་ཐུབ་པ་དང་།  བདེ་ཐང་གི་གཟུགས་ཕུང་ཡོད་ཚེ་ད་གཟོད་ལུས་སེམས་གཉིས་ཀ་ཁྱོན་ནས་ཐོན་སྐྱེད་དང་འཚོ་བའི་ནང་ཞུགས་ཐུབ་པ་ངོས་འཛིན་བྱུང་དུ་བཅུག
རྩོམ་སྒྲིག་པ། རིག་གྲོལ།