བརྙན་རིས་འདི་ལས་ཟླ་བ་སྒྲོལ་དཀར་ལ་རྒྱུས་ལོན་བྱེད་རོགས།
འཇབ་རྒོལ་མདའ་པ་ཟེར་དུས།
ཀུན་གྱི་ཡིད་ལ་སྐྱེས་པ་ཞིག་དྲན་ཤས་ཆེ་མོད།
བོད་རིགས་བུ་མོ་འདིས།
བུད་མེད་ཚོའང་།
འཇབ་རྒོལ་མདའ་པ་ཕུལ་བྱུང་ཅན་དུ་འགྱུར་ཐུབ་པ་ར་སྤྲོད་བྱས་འདུག
ཟླ་བ་སྒྲོལ་དཀར་ནི།
དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་
བུད་མེད་དམིགས་བསལ་དམག་འཐབ་རུ་ཁག་གི་
འཇབ་རྒོལ་མདའ་པ་ཞིག་ཡིན།
ཁོ་མོས་འཇབ་རྒོལ་མདའ་པའི་ལས་ལ་ཞུགས་ཟིན་པས་ན།
མདའ་པ་ཡག་ཤོས་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་ཟེར།
འཇིགས་རྒོལ་ནང་སྦྱོང་ཞིག་ཏུ།
ཟླ་བ་སྒྲོལ་དཀར་དང་འཐབ་གྲོགས་གཞོགས་འདེགས་ཡག་པོ་བྱས་ཏེ།
གཏུམ་སྤྱོད་འཇིགས་སྐུལ་པ་བཏུལ་བ་དང་
མེ་མདའ་འཕངས་ནས་འབར་མདེལ་གྱི་མེ་རྟ་བཅད་དེ།
འགད་གཏོར་གྱི་གནོད་འཚེ་སེལ་བ་རེད།
△འཇབ་རྒོལ་མདའ་པ་ཟླ་བ་སྒྲོལ་དཀར།
ཟླ་བ་སྒྲོལ་དཀར་གྱིས། ཚང་མར་འཇབ་རྒོལ་མདའ་པ་ནི་སྐྱེས་པ་ཡིན་དགོས་འདྲའི་བག་ཆགས་ཡོད་པས། བདག་གིས་བུད་མེད་ཀྱང་ཕུལ་དུ་བྱུང་བའི་འཇབ་རྒོལ་མདའ་པ་རུ་འགྱུར་ཐུབ་པ་ར་སྤྲོད་བྱེད་འདོད། གཟུགས་གཞི་དང་སྟོབས་ཤུགས་སོགས་གང་ཐད་ནས་སྐྱེས་པ་ཚོ་དང་ཁྱད་པར་ཡོད་ན་ཡང་། འཇབ་རྒོལ་དམག་མིའི་ལས་ལ་ཞུགས་ཟིན་ཕྱིན་ངེས་པར་དུ་ལེགས་ཤོས་དེ་བརྩོན་ལེན་བྱ་དགོས་བསམ་གྱི་ཡོད་ཅེས་བཤད།
དམ་བཅའ་དེའི་ཆེད་དུ།
ཟླ་བ་སྒྲོལ་དཀར་གྱིས་
དུས་དང་རྣམ་པ་ཀུན་ཏུ་ལུས་ཤུགས་སྦྱོང་བ་དང་
བློ་བརྟན་འགྱུར་མེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་བཞིན་ཡོད།
ཁོ་མོས་དགུན་གྱི་གྲང་ངར་དང་དབྱར་གྱི་ཚ་གདུག་ལ་མི་འཛེམ་པར།
རྒྱུན་དུ་སྦྱོང་བརྡར་བྱ་ཡུལ་དུ་མདའ་རྩལ་སྦྱོང་བཞིན་ཡོད།
པན་ཀྲང་གིས་འཇབ་རྒོལ་མདའ་རྩལ་སྦྱོང་འགོ་བརྩམས་རྗེས་མོ་མདེའུ་ཤུན་རྩེག་རྒྱུར་མོས་ཀྱི་ཡོད་པ་དང་། དུས་རྒྱུན་མདེའུ་ཤུན་བཅུ་ལྷག་རེ་ཁུག་མའི་ནང་བླུགས་ཤིང་། ཁོམ་པ་བྱུང་དུས་མདེའུ་ཤུན་རྩེག་གི་ཡོད། གཞན་ཡང་ཞོགས་པ་གདོང་བཀྲུ་སྐབས་གདོང་ཆུ་ལ་བཙུད་ནས་དབུགས་སྦྱོང་ཞིང་། ཐེངས་རེ་རེར་ལན་གཉིས་གསུམ་རེ་སྦྱོང་གི་ཡོད་པ་རེད།
མདེའུ་ཤུན་རྩེག་པ་དང་དབུགས་སྦྱོང་བ་ཚང་མ།
འཇབ་རྒོལ་མདའ་པའི་ཚུགས་ནུས་དང་
གཏན་ནུས་སྦྱོང་ཐབས་ཡིན།
ལག་བརྟན་པོ་ཞིག་འཁྱོངས་འདོད་ན།
ཉིན་ལ་ཉིན་དང་ཟླ་ལ་ཟླ་མཐུད་ཀྱིས་འདི་སྦྱོང་དགོས་པ་ལས།
ཐབས་རྩལ་སྟབས་བདེ་ཞིག་གང་དུའང་འཚོལ་རྒྱུ་མེད།
སྐྱེས་པའི་རང་བཞིན་ལྡན་པའི་ཟླ་བ་སྒྲོལ་དཀར།
འཐབ་རོགས་ཚོ་དང་མདའ་རྩལ་འགྲན་རྒྱུར་དགའ་བོ་ཡོད།
ཁོ་མོས།
མདའ་རྩལ་འགྲན་ཚེ་རང་དང་གཞན་གྱི་ཧེ་བག་མཐོང་ཞིང་།
རང་ཉིད་ཡར་རྒྱས་གཏོང་བར་ཕན་ཞེས་ཟེར།