ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མི་རབས་གསུམ་གྱི་ཁྱིམ་བརྒྱུད་ནོར་བུ།

སྤེལ་དུས 2020-06-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
    ཁྱེད་རང་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་བཅིངས་འགྲོལ་གྲོང་ཚོ་ལ་ཁྲིད་ནས།
    བོད་རིགས་ཀྱི་གཅེན་གཅུང་མེ་ཏོག་ཆ་གཅིག་གིས།
    ཁོང་ཚོས་ལོ་ངོ་བཞི་བཅུའི་དུས་ཚོད་ཇི་ལྟར་སྤྱད་དེ། 
    བོད་ལྗོངས་ཀྱི་དུས་རབས་ཕྱེད་ཀའི་འཕེལ་འགྱུར་རྣམས།
དམིགས་བསལ་རྒྱུན་འཛིན་གནང་བ་བདེན་དཔང་བྱས་པར་གཟིགས་རོགས་ཞུ།    
དྲིལ་བསྒྲགས་བརྙན་ཐུང་།

ཞིང་པ་བུད་མེད་དཀྱུས་མ་གཉིས་ལ།
    དམིགས་བསལ་དང་རྩ་ཆེ་བའི་ཁྱིམ་བརྒྱུད་ནོར་བུ་ཞིག་ཡོད།
    གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པའི་གཞི་རིམ་གྱི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཞིག
    བབ་ཆགས་ཤིང་གཏིང་ཟབ་པའི་ཕུགས་འདུན་བཟང་པོ་ཞིག་གིས། 
    ཁོང་ཚོ་དང་ཁོའི་བར་དུ་“ཁྱིམ་བརྒྱུད་ནོར་བུ”འདི་ལ་དམིགས་ནས།
   “རྙོག་ཟིང་”གང་འདྲ་ཞིག་ཡོང་སྲིད་དམ།
    རྒྱལ་གཅེས་ཀྱི་སེམས་དེ་ལ།
    མཐའ་མར་འབྲས་བུ་ལེགས་པོ་ཞིག་ཐོབ་སྲིད་དམ།
    《ངའི་ཁྱིམ་བརྒྱུད་ནོར་བུ།》
ཁྱེད་ལ་དྲིས་ལན་བསྒྲགས་ངེས་ཡིན།

 དུས་ཀྱི་འགྱུར་བ་དང་བསྟུན་ནས།
    ཁྱིམ་ཚང་མང་པོ་ཞིག་ལ་རྩ་ཆེ་བའི་རྒྱུན་འཛིན་ཡོད།
    ཁྱེད་ཀྱི་ཁྱིམ་ན་ཡང་དེ་ལྟ་བུའི།
  ལོ་ཟླའི་དྲན་འཆར་རྟེན་དུ་བྱས་པའི་ཅ་ལག་རྙིང་པ་ཡོད་དམ།
   ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱ་མ་ཤང་བཅིངས་འགྲོལ་གྲོང་ཚོར་གཞིས་ཆགས་པའི།
    སྐལ་སྒྲོན་དང་གཡང་སྐྱིད་གཅེན་གཅུང་གཉིས་ལ།
 དུས་རབས་ཕྱེད་ཀར་ཉར་བའི་“དམིགས་བསལ་”གྱི་ཁྱིམ་བརྒྱུད་ནོར་བུ་ཞིག་ཡོད།

          1981ལོར་གྲོང་གསེབ་བསྒྱུར་བཅོས་བྱས་པས་སྐལ་སྒྲོན་ཁྱིམ་ལ་རྒྱུ་ནོར་ཁ་ཤས་ཐོབ་ཅིང་།  དུས་རབས་ཀྱི་རྟགས་ཐམ་བཏབ་པའི་དངོས་པོ་ཆུང་ཆུང་དེ་དག་ལོ་ངོ་བཞི་བཅུའི་དུས་ཀྱི་ཆར་ཆུས་ཁྲོད་ནས་རིམ་བཞིན་གར་སོང་ཆ་མེད་དུ་གྱུར། འོན་ཀྱང་རྒྱུ་ཆ་ཧ་ཡང་ལས་བཟོས་པའི་ཟས་སྣོད་རྙིང་པ་ཞིག་ཏག་ཏག་སྐལ་སྒྲོན་དང་གཡང་སྐྱིད་གཉིས་ཀྱིས་ཉར་ཚགས་བྱས་ནས་ཡོད། དེའི་ནང་དུ་བཞག་ཡོད་པ་ནི་སྐལ་སྒྲོན་ཚང་ན་མི་རབས་ནས་མི་རབས་བར་གཅེས་ནོར་ལྟར་མཐོང་བའི་སྐར་ལྔའི་དར་དམར་ཞིག་ཡིན། སྔོན་ཆད་དཀར་སྒྲོན་གྱི་རྨོ་མོས་རང་ནུས་ཅི་ལྕོགས་ཀྱིས་ཉར་ཚགས་བྱས་ཤིང་།  1992ལོར་རྨོ་མོ་ཚེ་ལས་འདས་རྗེས་རྒྱལ་དར་དེ་སྐལ་སྒྲོན་གཅེན་གཅུང་གཉིས་ལ་སྤྲད་ནས་སྲུང་སྐྱོང་བྱེད་འགོ་ཚུགས་པ་རེད།
          དུས་རབས་ལ་འགྱུར་ལྡོག་དང་བསྟུན་ནས་སྐལ་སྒྲོན་དང་གཡང་སྐྱིད་གཅེན་གཅུང་གཉིས་ཀྱི་འཚོ་བར་ཡང་འགྱུར་ལྡོག་བྱུང་བཞིན་ཡོད། ད་ལྟ་ཁོང་ཚོར་རང་ཉིད་ཀྱི་ནོར་ལུག་དང་ཞིང་ས་ཡོད་པས་འཚོ་བ་བདེ་ཞིང་སྐྱིད་ལ་འཚོ་བའི་རེ་བ་ཡང་ཆེ། ནང་མི་ཡོངས་ཀྱི་ལོ་གཅིག་གི་ཡོང་འབབ་ཁེ་གཙང་སྒོར་ཁྲི་6ལྷག་ཙམ་ཟིན་ཅིང་བོད་ལྗོངས་ཀྱི་གྲོང་གསེབ་ཏུ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བཞིན་ཡོད།
          བཅིངས་འགྲོལ་གྲོང་ཚོའི་ལོ་ངོ་ཇི་སྙེད་རིང་གི་འཕེལ་འགྱུར་ལ་དཔང་པོ་བྱེད་མཁན་བཀྲ་ཤིས་རྒྱ་མཚོ་ནི་དེ་སྔ་བཅིངས་འགྲོལ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་པོ་དེ་ཡིན་པ་དང་། ཁོང་གིས་སྐལ་སྒྲོན་ཚང་གི་རྒྱལ་དར་རྩ་ཆེན་འདི་གཡར་ནས་ཡུལ་ཚོའི་ལོ་རྒྱུས་ཁང་དུ་འགྲེམ་སྟོན་བྱས་ཏེ་གྲོང་མི་ཚོར་སློབ་གསོ་ཐེབས་པ་དང་ཚང་མར་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ལས་སླ་པོར་བྱུང་བ་ཞིག་མིན་པ་ཤེས་སུ་འཇུག་འདོད།  དུས་རབས་ཤིག་གི་དྲན་འཆར་མཐོང་ཚེ་དུས་ཀྱི་ཉམས་སད་ཚོད་ཀྱིས་ཐུབ་པའི་སྟོབས་ཤུགས་ཤིག་ཚོར་ཐུབ།    
          ཕྱོགས་གཅིག་ནས་ཧྲུའུ་ཅིའི་ལྷག་བསམ་རྣམ་དག་གི་རེ་འདུན་དང་མཛེས་སྡུག་ལྡན་པའི་ཕུགས་འདུན་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་རང་ཉིད་ཀྱི་གཅེས་ནོར་ལྟར་མཐོང་བའི་རྒྱལ་དར་དང་བརྩེ་གདུང་གི་མངག་བཅོལ་ཞིག་རེད། སྐད་ཆ་བཤད་རྒྱུར་མི་དགའ་བའི་སྐལ་སྒྲོན་གྱི་སེམས་ལ་དྲན་པ་ནི་གཅེས་ནོར་དེ་མི་རབས་ནས་མི་རབས་བར་སྲུང་སྐྱོང་བྱ་རྒྱུ་དང་། རྒྱལ་དར་གྱི་སྙིང་སྟོབས་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུ་དེ་རེད། 
རྩོམ་སྒྲིག་པ། རིག་གྲོལ།