ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མི་སེམས་འགུལ་བའི་གཅེས་སེམས་ཀྱི་བྱ་སྤྱོད་ཅིག

སྤེལ་དུས 2020-06-30 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            སྤྱི་ཚེས་28ཉིན་དེང་རབས་ཀྱི་ལི་ཧྥུང་ཞེས་སུ་འབོད་པའི་ཀུའོ་མིང་དབྱི་ཡིས་གཅེས་སེམས་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་གནད་སྨིན་དབུལ་སྐྱོར་དང་མ་དངུལ་ཞལ་འདེབས་བརྒྱབ་ནས་སློབ་སྐྱོར་བྱེད་སྒོ་ཞིག་སྤེལ་བ་རེད།

       ཀུའོ་མིང་དབྱིའི་ཡིས་སློབ་མ་ཚོར་ལས་ཞུགས་སྐོར་ལ་སྙིང་གཏམ་ལྷུག་པོར་གླེང་བཞིན་པ། 
            སྤྱི་ཚེས་28ཉིན་གྱི་སྔ་དྲོ་ལྷ་སར་འབྱོར་མ་ཐག་པའི་ཀུའོ་མིང་དབྱིའི་གཅེས་སེམས་ཚོགས་པའི་ཁོངས་མིས་ངལ་གསོ་རྒྱག་ཁོམ་མ་བྱུང་བར་བོད་ལྗོངས་མགྲོན་བསུ་མགྲོན་ཁང་གི་ཐོག་བརྩེགས་གསུམ་པའི་ཚོགས་ཁང་དུ་བོད་ཀྱི་གཞོན་ནུ་ཁ་ཤས་དང་ལས་ཞུགས་ལས་གཏོད་ཐད་ཀྱི་སྙིང་གཏམ་ཤོད་རེས་ཀྱི་ཚོགས་འདུ་ཞིག་འཚོགས་པ་རེད།     
            ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་པད་འཛོམས་ཀྱིས་ད་ཆ་རྒྱལ་ཁབ་ཀྱིས་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མའི་ལས་ཞུགས་དང་ལས་གཏོད་ཐད་སྲིད་ཇུས་ཡག་པོ་མང་པོ་བཏོན་ཡོད་མོད། འོན་ཀྱང་སྲོལ་རྒྱུན་གྱི་ལས་ཞུགས་འདུ་ཤེས་ཀྱིས་རྐྱེན་པས་གཞུང་ཞབས་པ་དང་བྱ་གཞག་སྒྲིག་ཁོངས་ཀྱི་ལས་གནས་ལ་ཤུགས་རྐྱེན་ཐེབས་ནས་སྔར་བཞིན་བོད་རིགས་སློབ་མ་མང་པོ་ཞིག་གི་གདམ་ག་དང་པོ་དེ་ཡིན་པས་སྐབས་ཤིག་རིང་ཇི་ལྟར་བྱས་ན་ཡག་པ་ཡོད་པ་ཤེས་ཀྱི་མིན་འདུག་ཅེས་བརྗོད་སྐབས། ཁོང་གིས། མི་ཚེའི་སྤྲོ་སྣང་ནི་ང་ཚོས་སྔོན་ནས་ཤེས་མི་ཐུབ་པ་དང་གཏན་འཁེལ་མེད་པའི་རང་བཞིན་དེར་ཐུག་ཡོད། འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད་ཁྱེད་ཀྱིས་རང་ཉིད་ཀྱི་མི་ཚེའི་ལམ་བུ་བརྟན་པོ་ཞིག་གཏོད་ཐུབ་ཅེས་བཤད།
            ཀུའོ་མིང་དབྱི་ཡིས། ལྕགས་ཕོར་ཞིག་གི་ཆེད་ཧུར་ཐག་འབད་ཐབས་བྱེད་པ་ལས་རིམ་ཁག་སྡེ་ཚན་གྱི་རོགས་རམ་འོག་ལས་གནས་ཤིག་བཙལ་ནས་སྔོན་ལ་ལས་ཀ་བྱས་ཚེ་ཞིབ་ཕྲའི་ལས་ཀ་དང་ལག་ལེན་ཁྲོད་ཁྱེད་ཀྱིས་རང་ཉིད་ལ་ལེགས་ཆ་དང་མི་འདང་བའི་ཆ་གང་ཡོད་པ་གཞི་ནས་ཤེས་རྟོགས་ཐུབ་ནས་རང་ཉིད་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་ཐུབ་ཅེས་བཤད།
            དེ་ལྟ་བུའི་ཕུགས་ཕན་ཀྱི་སྙིང་གཏམ་མང་པོ་ཞིག་གིས་བོད་རིགས་གཞོན་ནུ་ཚོར་ཡང་དག་པའི་ལས་ཞུགས་དང་ལས་གཏོད་ཀྱི་ལྟ་བ་འཛུགས་རོགས་བྱས་པ་མ་ཟད། ཀུའོ་མིང་དབྱིས་ད་དུང་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོད་རོགས་བྱས་ཡོད་པ་རེད། མལ་གྲོ་གུང་དཀར་རྫོང་གི་རྫོང་དཔོན་གཞོན་པ་ཤད་ཞུའེ་མའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ཕྱེད་གོང་ནན་ཅིང་བོད་སྐྱོར་རུ་ཁག་གི་རོགས་རམ་འོག་མལ་གྲོ་གུང་དཀར་རྫོང་གིས་སྐལ་བཟང་མེ་ཏོག་སྦྱོང་བརྡར་ཁང་གཉེར་བ་དང་། ལས་ཞུགས་ཐུབ་མེད་པའི་སློབ་ཆེན་གྱི་སློབ་ཐོན་སློབ་མ་32མངགས་ནས་ནན་ཅིང་དུ་གསོ་སྦྱོང་ནང་ཞུགས་པ་དང་དེ་བཞིན་ཁེ་ལས་མཁས་ཅན་མལ་གྲོ་རུ་གདན་དྲངས་པ་སོགས་ཀྱི་བྱེད་སྟངས་བརྒྱུད་སློབ་མར་ལས་ཞུགས་ལས་གཏོད་བྱེད་རོགས་བྱས་ཡོད་པ་རེད།
            ལེའོ་ཉིང་གི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་ཤིང་ཕུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཁོང་ཚོས་ལེའོ་ཉིང་སྡེ་ཚོགས་ཞིང་ཨུད་དང་མཉམ་ལས་བྱས་ནས་དྲ་རྒྱའི་ལས་སྟེགས་བརྒྱུད་འདི་ལོ་སློབ་ཆེན་དང་འབྲིང་རིམ་ཆེད་ལས་ནས་ཐོན་པའི་ཐེམ་ཁུངས་བོད་ནས་ཡིན་པའི་ལེའོ་ཉིང་གི་སློབ་ཆེན་སློབ་མ་150ལྷག་ཙམ་ལ་ལས་ཀ་འཚོལ་རོགས་བྱ་རྒྱུ་ཡིན་པ་རེད།
            ཀུའོ་མིང་དབྱི་ཡིས་གནས་ཚུལ་དེ་ཤེས་རྗེས་འཕྲལ་དུ་གཅེས་སེམས་ཚོགས་པའི་ཁོངས་མིར་སྐུལ་སློང་བྱས་ནས། ང་ཚོས་ལེའོ་ཉིང་ཁེ་ལས་མང་ཙམ་བཙལ་ནས་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་མར་དངོས་སྦྱོང་དང་ལས་ཞུགས་ཀྱི་གོ་སྐབས་རག་ཐབས་བྱེད་དགོས་ཞེས་བརྗོད་པ་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། ཟླ་6ཚེས་28ཉིན་ནས་ཟླ་6ཚེས་30ཉིན་བར་ཀུའོ་མིང་དབྱིའི་གཅེས་སེམས་ཚོགས་པས་ནག་ཆུ་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་100དང་ནག་ཆུ་གྲོང་ཁྱེར་གྱི་སློབ་མ་དབུལ་པོ་50ཞལ་འདེབས་འབུལ་རྒྱུ་ཡིན་པ་རེད།
            དེ་དང་ཆབས་ཅིག་ཀུའོ་མིང་དབྱིའི་གཅེས་སེམས་ཚོགས་པས་ད་དུང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ལས་ཁུངས་ཀྱི་ལས་བྱེད་པ་དང་གཅེས་སེམས་དང་བླངས་པའི་བར་སྤེལ་རེས་བྱས་ནས་ཕྱོགས་གཉིས་པོས་མཉམ་དུ་གངས་ལྗོངས་ས་མཐོའི་གཅེས་སེམས་བརྒྱུད་སྤྲོད་བྱ་ཡུལ་བསྐྲུན་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།