ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དོན་སྙིང་ལྡན་པའི་ཡུལ་སྐོར་ལམ་ཐིག་ཅིག

སྤེལ་དུས 2020-07-02 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            སྤྱི་ཟླ་6ཚེས་30ཉིན་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་རྐང་འཛིན་ཡུལ་སྐོར་ཁེ་ལས་སྒྲིག་འཛུགས་བྱས་ནས་གསར་བརྗེའི་ཡུལ་སྐོར་གྱི་ལམ་ཐིག་འགྲིམ་པའི་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་གསར་བརྗེའི་ཡུལ་སྐོར་ཁྱབ་གདལ་བཏང་བ་བརྒྱུད་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་བསྐྱར་དར་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་དེ་རེད།
            ད་ཐེངས་ཀྱི་རྐང་འཛིན་ཡུལ་སྐོར་ལས་དོན་ཁང་གིས་གསར་བརྗེའི་དྲན་འཆར་གཅིག་སྡུད་ཐོག་འཚོལ་ཞིབ་དང་གསར་བརྗེའི་ལམ་ཐིག་འགྲིམ་ཡུལ་ཏེ་དེ་སྔའི་འཕན་པོ་ཞིང་རའི་རྟེན་གཞིའི་ཁུལ་རྙིང་པ་དེ་ཡིན་པ་རེད།
            འཕན་པོའི་ཞིང་ར་ནི་སྤྱི་ལོ་1966ལོར་བཙུགས་པ་དང་2013ལོར་གནས་རྙིང་དེ་བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པར་གཏན་འཁེལ་བྱས་པ་རེད། 2016ལོར་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་མ་དངུལ་རྒྱབ་སྐྱོར་བྱས་པའི་འོག་ཞིང་རའི་རྟེན་གཞིའི་གནས་ཡུལ་རྙིང་པ་སྲུང་སྐྱོང་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་པ་རེད། ལོ་50ལྷག་ཙམ་བརྒྱུད་ད་བར་ཚོགས་ཁང་དང་། ཉལ་ཁང་། མཁོ་ཚོང་ཁང་སོགས་སྐྲུན་དངོས་བདུན་ཡོད་པ་རེད། 

འཕན་པོ་ཞིང་རའི་ཚོགས་ཁང་གི་ཕྱིའི་བཀོད་པ།
            ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས། འཕན་པོ་ཞིང་རའི་གསར་བརྗེའི་ཉམས་ལེན་ཁང་བརྒྱུད་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་མི་རབས་རྒན་གྲས་ཚོས་བོད་ལ་བཅིངས་འགྲོལ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་དཀའ་སྤྱད་ལེགས་སྐྱེས་ཕུལ་བ་མྱོང་ཚོར་ཐུབ་ནས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་སྔར་བས་གཅེས་སྤྲས་བྱེད་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད། ལྷ་སའི་གསར་བརྗེའི་གཞི་རྒྱུ་ནི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ལྷ་སར་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་རེད། ཁོང་གིས། ང་ཚོས་གསར་བརྗེའི་ཡུལ་སྐོར་སྔོག་འདོན་དང་ཉམས་ལེན་བརྒྱུད་ལྷ་སར་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཕུད་ད་དུང་མི་སེམས་འགུལ་བའི་གསར་བརྗེའི་མེ་ཏོག་བཞད་བཞིན་ཡོད་པ་ཚང་མས་ཤེས་རྟོགས་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།

འཕན་པོ་ཞིང་རའི་ཚོགས་ཁང་།
            ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྗེས་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་ལས་རིགས་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ཡུལ་སྐོར་ཐོན་ལས་སླར་གསོ་བྱ་ཚུལ་ལ་བརྟག་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ལམ་ཁྲོམ་དཔལ་འབྱོར་དང་གསར་བརྗེའི་ལམ་བརྒྱུད་འགྲིམ་པའི་ཡུལ་སྐོར་སྔོག་འདོན་སོགས་ཀྱི་བྱ་ཐབས་སྤྱད་ཡོད་པ་རེད། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་སྐར་མ་རིམ་པའི་མགྲོན་ཁང་དང་རིམ་པ་དང་པོའི་མཛེས་ལྗོངས་ཁུལ་བརྒྱ་ཆ་90ཡན་སླར་གསོ་ལས་གཉེར་བྱེད་བཞིན་ཡོད་པ་རེད།

གསར་བརྗེའི་དྲན་འཆར་མཚོན་པའི་དངོས་རྫས།
            བོད་ལྗོངས་ཅེ་ཡུན་ཨན་ཧྲུན་ཡུལ་སྐོར་ཚད་ཡོད་འགན་འཁྲི་ཀུང་སིའི་ནོར་དོན་སྤྱི་ཁྱབ་ལྟ་ཞིབ་པ་ཧྲེ་ཁྲུན་ཅང་གིས། ད་ཐེངས་ཀྱི་གསར་བརྗེའི་ལམ་ཐིག་འགྲིམ་པའི་ཡུལ་སྐོར་བྱེད་སྒོ་བརྒྱུད་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་མཉམ་དུ་ཞིབ་འཇུག་གསར་སྤེལ་བྱས་ནས་ཐད་ཀར་སྤེལ་རེས་བྱེད་པའི་བྱེད་སྟངས་ཁས་ལེན་བྱས་པ་དང་ཆབས་ཅིག་ཀུང་སིས་གོམ་སྟབས་རྗེས་མའི་ཡུལ་སྐོར་ལམ་ཐིག་དང་ཐོན་རྫས་ཇུས་འགོད་བྱེད་པའི་ཐད་བསམ་ཚུལ་གསར་པ་བྱུང་ཡོད་ཅེས་དང་ཁོང་གིས། ང་ཚོས་དེ་སྔོན་ནས་འཕན་པོའི་ལམ་ཐིག་ལ་སྐུལ་འདེད་གཏོང་གི་ཡོད། དཔེར་ན་ཁྲུང་ཁྲུང་སྐེ་ནག་ལ་ལྟ་བ་སོགས་དང་། ད་ཆ་གསར་བརྗེའི་ཡུལ་སྐོར་དང་ཟུང་འབྲེལ་བྱས་ནས་ཐོན་རྫས་དེ་བས་ཕུན་སུམ་ཚོགས་སུ་གཏོང་ཐུབ་ལ་དྲིལ་བསྒྲགས་སློབ་གསོའི་ནུས་པའང་ལྡན་ཡོད།    རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་གནས་སྟངས་འོག་སྲིད་གཞུང་གིས་གསར་བརྗེའི་ལམ་ཐིག་འགྲིམ་པའི་ཡུལ་སྐོར་བྱེད་སྒོ་དེ་འདྲ་སྒྲིག་འཛུགས་བྱ་རྒྱུ་ནི་དགོས་གལ་ཧ་ཅང་ཆེན་པོ་ཞིག་རེད་ཅེས་བཤད་པ་རེད།

གསར་བརྗེའི་དྲན་འཆར་མཚོན་པའི་དངོས་རྫས།
            ཤེས་རྟོགས་བྱུང་བར་གཞིགས་ན། འཕན་པོ་ཞིང་རའི་གསར་བརྗེའི་ཡུལ་སྐོར་སློབ་གསོའི་རྟེན་གཞི་དེ་སྤྱི་ལོ2019ལོའི་ཟླ་3པར་དངོས་སུ་སྒོ་ཕྱེ་ཚུན་ལྟ་སྐོར་བ་མི་ཐེངས་8200ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད། རྟེན་གཞིའི་འགན་འཁུར་བ་ཤིན་པའོ་ཏུང་གིས་ཏང་དབུ་བརྙེས་ནས་ལོ་99འཁོར་བའི་སྐབས་སུ་རྟེན་གཞིར་ལྟ་སྐོར་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད་དེ་མིག་སྔར་སྔོན་མངགས་བྱེད་མཁན་ཟླ་7ཚེས་10ཉིན་བར་བང་གྲལ་སྒྲིག་ཟིན་པ་དང་ང་ཚོས་ཉིན་ལྟར་ཉུང་མཐར་ཡང་ཚན་པ་3ནས་4བར་བཀོད་སྒྲིག་བྱེད་ཀྱི་ཡོད། ཡུལ་སྐོར་གྱི་ནང་དོན་ནི་སྔོན་ལ་བོད་ཀྱི་ཞིང་ལས་(དམག་)གསར་སྦོལ་བྱ་གཞག་གི་ཟིལ་རླབས་དགུང་འཕྱུར་གྱི་ལོ་34ཡི་འཕེལ་རྒྱས་ལོ་རྒྱུས་རྒྱབ་ལྗོངས་སུ་བྱས་པའི་ལང་ཚོ་ནི་མེ་ལྕེ་དང་ས་མཐོ་ནི་གླུ་དབྱངས་ལྟ་བུ་ཞེས་པའི་འགྲེམས་ཁང་དུ་ལྟ་སྐོར་བྱེད་པ་དང་དེ་རྗེས་ཞིང་རའི་ཚོགས་ཁང་དུ་གཞོན་ནུ་ཤེས་ཡོན་ཅན་གྱི་སྐབས་དེ་དུས་ཀྱི་གློག་བརྙན་རྙིང་པ་དང་གཞོན་ནུ་ཤེས་ཡོན་ཅན་ཚོ་ཁྱིམ་དུ་ལོག་རྗེས་ཀྱི་གློག་བརྙན་གསར་པ་དང་དེ་རྗེས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱ་རྒྱུ་བཅས་རེད་ཅེས་ངོ་སྤྲོད་བྱས་པ་རེད། 

སྐབས་དེ་དུས་ཀྱི་ཉལ་ཁང་།